བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༠༦ Tibet TV Daily News – May.06, 2025

1 year ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ། ◆ སྐུ་ཞབས་ Anthony Albanese མཆོག་སླར་ཡང་ཨོ་གླིང་གི་སྲིད་བློན་དུ་བདམས་ཐོན་བྱུང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་ཞུས་པ། ◆ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་རྒྱ་གར་བྱང་ཤར་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ། ◆ རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་བ། ◆ ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཉི་འོང་བོད་སྐྱོབ་ཚོགས་པ་ནས་བོད་མིའི་ཆོས་རིག་ངོ་སྤྲོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུས་པ། ◆ པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཧྥ་རན་སི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་གནང་བ།
Watch on YouTube