བོད་ཀྱི་རླུང་འཕྲིན་གྱི་འདུ་འཛོམས་གསར་འགོད་པའི་ཆེབསྟོད་དྲན་རྟེན།
བོད་ཀྱི་གསར་འགོད་པ་དང་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་སུ་ཆེ་བསྟོད།
Tibet Radio Summit 2026 Honors Veteran Journalist and Former Political Prisoner Gendun Rinchen
བོད་ཀྱི་རྟགས་མ་བཞེས་མྱོང་བའི་གསར་འགོད་པ་དང་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་ཀྱིས། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་བཞི་སྟོང་བརྒལ་བ་ཕྱིར་གཏོང་གིས། རྒྱལ་སྤྱིའི་ནང་བོད་དོན་གསལ་འདོན་གནང་བའི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་མཚོན་ཕྱིར། དེ་རིང་སྟེ་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ ཉིན་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་། བོད་ཀྱི་རླུང་འཕྲིན་དབུ་བརྙེས་པའི་ཉིན་མོ་གཉིས་འཛོམས་ཀྱི་དུས་ཚིགས་དང་སྟབས་བསྟུན་གྱིས་འཚོགས་པའི་བོད་ཀྱི་རླུང་འཕྲིན་གྱི་འདུ་འཛོམས་ ༢༠༢༦ གི་སྟེང་ཆེ་བསྟོད་ཀྱི་དྲན་རྟེན་འབུལ་ལམ་ཞུས་ཡོད། །





