འབྲུག་གཞུང་གིས་གོ་སྒྲིག་གནང་བའི་ནང་པའི་གྲུབ་མཐའ་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ།

6 months ago

འབྲུག་གཞུང་གིས་གོ་སྒྲིག་གནང་བའི་ནང་པའི་གྲུབ་མཐའ་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ། འབྲུག་གཞུང་གིས་གོ་སྒྲིག་གནང་བའི་ནང་པའི་གྲུབ་མཐའ་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་བཞིན་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༤ བོད་ཟླ་ ༩ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་འབྲུག་གི་རྒྱལ་ས་ཐིམ་བུར་དབུ་འཛུགས་གནང་སྟེ། ཕྱི་ཟླ་ ༡༡ ཚེས་ ༡༩ བར་འཚོགས་གནང་རྒྱུ་ཡིན་འདུག་ཅིང་། ཉིན་གྲངས་དེ་དག་ནང་སྨོན་ལམ་དང་། བཀའ་དབང་། བསླབ་སྡོམ་འབོག་སྩོལ་སོགས་ཀྱི་མཛད་རིམ་དུ་མ་ཞིག་ཡོད་པ་རེད་འདུག སྨོན་ལམ་ཆེན་མོའི་ཞིབ་ཕྲའི་གནས་སྟངས་འདི་ག་བོད་ཀྱི་རླུང་འཕྲིན་ནས་སྨོན་ལམ་ནང་མཉམ་བཞུགས་གནང་མཁན་སེ་རའི་དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན་ལགས་སུ་བཅར་འདྲི་ཞུས་ཡོད། །
Watch on YouTube