ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་དང་བསྟུན་ནས་བོད་ཀྱི་འགྲེམས་སྟོན་ཁང་ནས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞིག་ཉིན་གྲངས་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་འཛུགས་གནང་སོང་། །





