སྤྱོད་འཇུག་ཆེན་མོ་དང་༧གོང་ས་མཆོག་གི་མཛད་རྣམ་ཞེས་པའི་བགྲོ་གླེང་།

4 months ago

སྤྱོད་འཇུག་ཆེན་མོ་དང་༧གོང་ས་མཆོག་གི་མཛད་རྣམ་ཞེས་པའི་བགྲོ་གླེང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་སྦྲགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་ཉིན་གྲངས་བཞིའི་རིང་སྤྱོད་འཇུག་ཆེན་མོ་དང་༧གོང་ས་མཆོག་གི་མཛད་རྣམ་ཞེས་པའི་བརྗོད་གཞིའི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཞིག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་བློ་གསལ་གླིང་ཆོས་རའི་ནང་དུ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་ཞིང་། དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་གནང་སོང་། །
Watch on YouTube