Voice of Tibet - Tibet Tribune

Voice of Tibet

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་ལོ་གསུམ་བསྟུད་མར་ཐོབ་པ།

རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་འཚོགས་པའི་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་མཐའ་མ་དེ་ལྷ་ས་རུ་ཁག་དང་། མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་བར་གནང་ནས་མཐའ་མའི་རྒྱལ་ཁ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཐོབ་འདུག་པ་དང་། དེ་ནི་རུ་ཁག་དེར་གསེར་གྱི་བུམ་པ་ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༦ ཉིན་ནས་འགོ་འཛུགས་ཀྱིས་འདི་ཚེས་ ༡༦ བར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་རྩེད་ཐང་དུ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་དེ་བཞིན་གོ་སྒྲིག་གནང་ཡོད་ཅིང་། རྩེད་འགྲན་ཐོག་རྒྱ་གར་རྒྱལ་ཡོངས་ནས་རུ་ཁག་ཁྱོན་ ༡༢ མཉམ་ཞུགས་ཐོག ཁ་སང་ཚེས་ ༡༧ གྱི་ཕྱི་དྲོ་ཆེས་མཐའ་མའི་རྩེད་འགྲན་དེ་ཉིད་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ལྷ་ས་རྐང་སྤོལ་རུ་ཁག་གཉིས་བར་གནང་བའི་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་རུ་དཔོན་ངག་དབང་བདེ་ཆེན་ལགས་སུ་རྒྱལ་ཁ་ཐོབ་པའི་ཚོར་སྣང་དང་དེ་ཡང་ལྷག་པར་ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པའི་ཐད་བཀའ་འདྲི་ཞུ་སྐབས་ཁོང་གིས། ཐེངས་འདིར་ཡང་རང་ཉིད་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་པར་བརྗོད་མི་ཐུབ་པའི་དགའ་ཚོར་ཞིག་ཡོད་པ་གསུངས་ཏེ། ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པ་དེ་ནི་རུ་ཁག་དེའི་ནང་དམིགས་བསལ་རྩེད་འགྲན་ཡག་པ་སོགས་ཡོད་པས་མ་ཡིན་པར། རུ་ཁག་ནང་ཁུལ་གྱི་ཆིག་སྒྲིལ་གྱི་ནུས་པ་ཁོ་ན་ལ་བརྟེན་པ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས། གཞིས་ཆགས་ཀྱི་གཞིས་མི་རྣམས་ནས་ཀྱང་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཐེངས་འདིའི་རྩེད་འགྲན་ཐོག་ཨང་རིམ་གཉིས་པར་སོན་མཁན་ལྷ་སའི་རུ་ཁག་གིས་རུ་དཔོན་བསྟན་འཛིན་ངག་དབང་ལགས་ཀྱིས། ཐེངས་འདིའི་རྩེད་འགྲན་ཐོག་ལྷ་ས་རུ་ཁག་ནས་མང་ཚོགས་ལ་བཟང་སྤྱོད་ཀྱི་དམིགས་དཔེ་བཟང་པོ་ཞིག་སྟོན་ཆེད་དང་། ཟླ་བ་གཅིག་ལྷག་གི་རིང་རྩེད་འགྲན་དེའི་ཆེད་དཀའ་ལས་མང་དག་ཅིག་བརྒྱབ་ཡིན་པ་དང་འབྲེལ་རྒྱལ་ཁ་ཐོབ་རྒྱུ་བཅས་དམིགས་ཡུལ་ཆེན་པོ་གཉིས་བཅངས་པའི་ཐོག་ནས་མཉམ་ཞུགས་གནང་ཡིན་པ་དང་། རྩེད་འགྲན་སྐབས་རུ་ཁག་ནང་གི་རྩེད་འགྲན་པ་ཡོངས་ནས་གང་ཐུབ་ཅི་ཐུབ་གནང་ཡང་རྒྱལ་ཁ་ཐོབ་ཐུབ་མེད་པ་དེ་ལྟར་ཡང་། འགྱོད་པ་དང་། བློ་ཕམ་སོགས་ཧ་ཅང་བྱུང་མེད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་འདི་བཞིན་ཕྱི་ལོ་ ༡༩༨༡ ལོར་ཐོག་མ་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༠ གནང་བའི་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཕྱི་ལོ་ ༢༠༡༥ དང་། ༢༠༡༨ ...

གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་སྐོར་བཀའ་ཤག་གི་ལངས་ཕྱོགས་གསལ་བསྒྲགས་གནང་འདུག

ཉེ་ལམ་གྲོལ་མ་ཐག་པའི་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག སྤྱི་འཐུས་ཁག་གཅིག་གིས་དཔལ་ལྡན་འབྲས་སྤུངས་བླ་སྤྱི་ནས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་སྐབས་སུ་བཀའ་ལུང་ཕེབས་པའི་གནས་ཚུལ་གླེང་སློང་དང་འབྲེལ་རྩོད་གླེང་ཤུགས་ཆེ་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་ཁ་སང་ཕྱི་ཚེས་ ༡༦ ཉིན་གནད་དོན་དེའི་ཐོག་ལངས་ཕྱོགས་གསལ་བསྒྲགས་གནང་བའི་ནང་། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་གང་གི་སྐུ་རྟེན། གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དང་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོ་དང་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་བཅས་ཀྱི་དབར་ལོ་བརྒྱ་ཕྲག་གསུམ་དང་ཕྱེད་ལྷག་གི་འབྲེལ་བ་དམ་ཟབ་ཀྱི་བྱུང་རབས་འདི་ནི། བོད་ཀྱི་ལོ་རྒྱུས་ཀྱི་ལེ་ཚན་བསུབ་ཏུ་མེད་པ་ཞིག་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞེད་དགོངས་བཞིན། བོད་དང་བོད་མིའི་གནས་བབ་ཉག་ཕྲའི་སྐབས་སུ། གཞུང་བསྟེན་དགྲ་ལྷའི་གཙོ་བོ་འདི་ཉིད་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྒྱུན་སྐྱོང་བྱེད་བཞིན་པའི་བོད་མིའི་སྒྲིག་འཛུགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་བདེ་སྐྱིད་སྒྲུབ་པའི་ཐུན་མོང་གི་འགན་ཁུར་མུ་མཐུད་མཉམ་ལེན་གནང་ངེས་ཡིན་པ་གསུངས་འདུག དེའང་གཞུང་རྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་འབྲས་སྤུངས་བླ་སྤྱི་ནས་སྐབས་ ༡༧ པའི་བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམ་གཉིས་ལ་འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་བར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་འདེད་གནང་བ་བཞིན། དགེ་ལུགས་སྤྱི་འཐུས་གཉིས་པོས་འབྲས་སྤུངས་ཚོགས་ཆེན་དུ་བཤགས་སྡོམ་ཁས་ལེན་དམ་བཅའ་ཕུལ་བའི་རྗེས། ཉེ་ལམ་ཕྱི་ཟླ་ ༣ པའི་ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་སྐབས་དོ་དག་དགེ་ལུགས་སྤྱི་འཐུས་རྣམ་གཉིས་གཙོས་པའི་སྤྱི་འཐུས་གཞན་ཁག་གཅིག་གིས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་གཙོས་པའི་སྐུ་གཡོག་རྣམ་པའི་ལས་དོན་ལ་དོགས་གཞི་ཆེན་པོ་ཡོད་སྐོར་དང་འབྲེལ་བཀའ་ལུང་དེ་ཉིད་རྫུན་མ་ཡིན་ལུགས་དང་། གནས་ཆུང་སྐུ་རྟེན་གྱི་བྱ་བྱེད་དེ་ལ་གནས་ཆུང་ཡིན་པར་ངོས་འཛིན་རྩ་བ་ཉིད་ནས་ཞུ་ཐུབ་མེད་པ་སོགས་ཀྱི་བཀའ་མོལ་གནང་མཁན་བྱུང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་ངོས་ནས་གནས་ཆུང་གི་བཀའ་ཡིག་རྣམས་རྫུན་མ་ཡིན་པར་ཁས་ལེན་གནང་གི་མེད་ཅེས་དང་། བཀའ་ཡིག་བདེན་པ་ཡིན་མིན་ནི་འབྲེལ་ཡོད་ལ་བཀའ་འདྲི་ཞུ་ན་གསལ་པོ་ཆགས་རྒྱུའི་ལམ་ཁ་ཞིག་ཡོད་སྐོར་གསུངས་ཡོད་པ་མ་ཟད། ཁ་སང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་སྐོར་བཀའ་ཤག་གི་ལངས་ཕྱོགས་གསལ་བསྒྲགས་ཞེས་པ་ཞིག་ཆེད་དུ་འདོན་སྤེལ་གནང་འདུག དེའི་ནང་བཀའ་ཤག་ངོས་ནས་གྲོས་ཚོགས་ཚོགས་དུས་ ༡༡ པའི་སྐབས་གནད་དོན་དེའི་ཐད་གསལ་བཤད་ཞུས་ཟིན་ཡོད་ནའང་། སྤྱི་ཚོགས་ནང་ད་དུང་གླེང་མོལ་འདྲ་མིན་ཡོང་བཞིན་པ་འགྲེལ་བརྗོད་དང་འབྲེལ། གནས་ཆུང་ཆོས་རྒྱལ་ཆེན་པོ་འདི་ཉིད་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་འབྲེལ་བ་འབྱུང་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་སྟེ། གནས་ཆུང་ཆོས་རྒྱལ་ཆེན་པོས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ། ཆོས་སྲིད་ཀྱི་རླབས་ཆེན་མཛད་ཁུར་མཐའ་དག་ལ་དུས་ད་ལྟའི་བར་དུ་སྡོང་གྲོགས་གཡེལ་མེད་མཛད་པ་དང་། མ་འོངས་པར་ཡང་མུ་མཐུད་ཁུར་ཆེན་བདག་གིར་བཞེས་ངེས་ཀྱི་དངོས་དོན་རྣམས་བོད་མི་ཚང་མའི་མཐུན་སྣང་དུ་གྲགས་ཤིང་གྲུབ་ཡོད་པ་གསུངས་བ་མ་ཟད། སྐུ་རྟེན་ལས་ཐོག་པ་ཐུབ་བསྟན་དངོས་གྲུབ་མཆོག་ནི་...

གདན་ས་བཀྲ་ཤིས་ལྷུན་པོ་དང་ Kodagu མཐོ་སློབ། གཞན་ཕན་ཐེབས་རྩ་ཚོགས་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་པ།

ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དང་ Kodagu (Coorg) གཙུག་ལག་སློབ་གཉེར་ཁང་། དེ་བཞིན་གཞན་ཕན་ཐེབས་རྩ་ཚོགས་པ་གསུམ་གྱི་དབར་ཤེས་ཡོན་བརྗེ་ལེན་དང་འབྲེལ་བའི་ཐུན་མོང་གི་གན་རྒྱ་བཞག་འདུག དེ་ཡང་གདན་ས་བཀྲ་ཤིས་ལྷུན་པོའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༥ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ལམ་སྟོན་དང་། མགོན་པོ་༸གང་ཉིད་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་རྩིའི་ཆ་ཤས་སུ། གདན་ས་བཀྲ་ཤིས་ལྷུན་པོས་ཟླ་ཤས་སྔོན་ནས་རེ་བ་དང་ཐབས་ཤེས་ཞུས་ནས་གྲོས་མོལ་ཐག་གཅོད་བྱུང་བ་བཞིན། རྒྱ་གར་ལྷོ་ཕྱོགས Kodagu གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་པོ་ Prof. Ashok Sangappa  ལགས་དང་། མཐོ་སློབ་ཀྱི་ལས་བྱེད་ཁག་གཅིག་ཆེད་མངགས་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ནས། གཙུག་ལག་སློབ་གཉེར་ཁང་དེ་ཉིད་དང་གདན་ས་བཀྲ་ཤིས་ལྷུན་པོ། གཞན་ཕན་ཐེབས་རྩ་ཚོགས་པ་བཅས་གསུམ་གྱི་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་གནང་ནས། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་དབུས་པའི་ལས་སྣེ་དབུ་ཆོས་རྣམ་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཤེས་ཡོན་སྡེ་ཚན་གསུམ་གྱི་ངོས་ནས་གན་ཡིག་ཐོག་མཚན་རྟགས་དངོས་སུ་བསྐྱོན་པ་རེད། གན་རྒྱའི་ནང་གསལ་ལྟར་ན། གདན་ས་བཀྲ་ཤིས་ལྷུན་པོའི་ངོས་ནས་ Kodagu གཙུག་ལག་སློབ་གཉེར་ཁང་དང་གཞན་ཕན་ཐེབས་རྩ་ཚོགས་པ་བཅས་དང་ལྷན་ཤེས་ཡོན་བརྗེ་རེས་ཀྱི་གྲོས་མཐུན་བཞག་ནས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་གཙོས་ནང་པའི་ཚན་རིག་གི་ལྟ་གྲུབ་སོགས་ཀྱི་ཐོག་གྲོས་བསྡུར་རིགས་གནང་རྒྱུ་མ་ཟད། མཐོ་སློབ་སོ་སོར་ཚོགས་འདུ་དང་བགྲོ་གླེང་ལྷན་ཚོགས། ལྷག་པར་དུ་ Kodagu གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རམ་བགྲོ་གླེང་གནང་ཡུལ་སོགས་ཤེས་ཡོན་གྱི་ཞབས་འདེགས་བསྐྲུན་རྒྱུའི་ཞལ་བཞེས་གནང་རྒྱུ་བཅས་འཁོད་འདུག གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་འདི་ལྟ་བུའི་མཐོ་སློབ་འདྲ་མིན་ལྷན་དུ་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་པའི་བརྒྱུད་གདན་ས་བཀྲ་ཤིས་ལྷུན་པོ་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་མཐོ་སློབ་གྱི་ཁོངས་སུ་ཚུད་པར་གོམ་པ་དང་པོ་ལྟ་བུ་ཆགས་ཀྱི་ཡོད་པ་དང་རིམ་པའི་གཞུང་ཆེན་སློབ་གཉེར་ཁང་ནས་ཐོན་མཁན་རྣམས་ལ་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཕྱག་འཁྱེར་ཕུལ་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་སོང་། རྩ་བའི་གདན་ས་བཀྲ་ཤིས་ལྷུན་པོ་ངོས་ནས་དེ་སྔོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་ལྷན་དུ་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་མྱོང་ཡོད་པས་ད་ལན་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། The post གདན་ས་བཀྲ་ཤིས་ལྷུན་པོ་དང་ Kodagu...

ཀ་ཛ་ཀི་སི་ཐན་ཁྲིམས་ཁང་གིས་རྒྱ་ནག་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ལ་ངོ་རྒོལ་བྱས་རྐྱེན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

ཉེ་ཆར་རྒྱ་ནག་དང་ཡུ་རོབ་དབར་གྱི་རྒྱལ་ཁབ་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་འམ་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་ལ་ངོ་རྒོལ་གནང་མཁན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་འབྲེལ། ཀ་ཛ་ཀི་སི་ཐན་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཤུགས་རྐྱེན་མངོན་གསལ་གནང་འདུག རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༡ ནང་དུ་ཀ་ཛ་ཀི་སི་ཐན་ནང་གི་ Nagyz Atajurt དྭང་བླངས་ཞབས་ཞུ་ཚོགས་པའི་ལས་འགུལ་བ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཀ་ཛཀ་མི་སེར་ Alimnur Turganbay ལགས་གློད་བཀྲོལ་གཏང་དགོས་པའི་ཞུ་འབོད་དང་འབྲེལ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་མཚོན་པའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། སྐབས་དེར་ལས་འགུལ་ཁྲོད་རྒྱ་ནག་གི་རྒྱལ་དར་དང་སྲིད་འཛིན་ཞི་ཅིན་ཕིང་གིས་འདྲ་པར་མེར་བསྲེགས་བཏང་བ་སོགས་བྱས་རྐྱེན། ལས་འགུལ་གྱི་ཉིན་གཅིག་རྗེས་སུ་ཀ་ཛཀ་རྒྱལ་ས་ Almaty ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་འགུལ་ཁང་གིས་ཀ་ཛཀ་གཞུང་ལ་དེ་དོན་ལག་ལེན་བསྟར་དགོས་པའི་གནོན་ཤུགས་སྤྲད་པ་དང་འབྲེལ། ས་གནས་གཞུང་གིས་ལས་འགུལ་བ་རྣམས་ལ་ཞིབ་བཤེར་བྱས་འགོ་བཙུགས་ཡོད་པ་རེད་འདུག ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༣ ཉིན་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་སྔ་ལོའི་ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁྱོན་མི་གྲངས་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྲོད། མི་གྲངས་ ༡༡ ལ་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། མི་གྲངས་ ༨ ཀྱི་རང་དབང་ཚོད་འཛིན་གྱི་ཁྲིམས་ཐག་བཅད་པ་མ་ཟད། མི་གྲངས་ ༡༩ ཚང་མར་ལོ་ ༣ རིང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་ཆོག་པའི་ཉེས་ཆད་བཀལ་ཡོད་པ་རེད་འདུག...

རྒྱ་ནག་ནང་གི་ཡེ་ཤུའི་ལྷ་ཁང་གཙོས་པའི་དད་ལྡན་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་མཚམས་འཇོག་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། རྒྱ་ནག་དཔོན་རིགས་ཚོས་ཡུལ་དེའི་ནང་ཆོག་མཆན་མེད་པའི་ཡེ་ཤུའི་ལྷ་ཁང་དང་།  ཆོས་དཔོན།  དེ་བཞིན་དད་ལྡན་པ་རྣམས་ལ་འཇིགས་སྐུལ་གྱིས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་པ་མངོན་གསལ་དང་འབྲེལ།  དེ་སྔོན་ཕྱི་ལོ་ ༢༠༡༨ ལོའི་ Holy See-China agreement ཞེས་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་དང་རྒྱ་ནག་གཞུང་བར་པེ་ཅིང་གིས་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་ཆོག་པའི་གྲོས་མཐུན་ལ་ཡེ་ཤུའི་བླ་ཆེན་ Pope Leo བཅུ་བཞི་པ་མཆོག་ནས་འཕྲལ་དུ་བསྐྱར་ཞིབ་དགོས་པ་མ་ཟད།  རྒྱ་ནག་ནང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ལྷ་ཁང་གཙོས་པའི་དད་ལྡན་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་མཚམས་འཇོག་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༥ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་།  ལོ་ངོ་བཅུ་ཕྲག་རིང་ཞི་ཅིན་ཕིང་གི་སྲིད་གཞུང་འོག་ཡུལ་དེའི་ནང་གི་ཆོས་སྡེ་མི་སྡེ་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་ཁྲོད།  རྒྱ་ནག་ནང་གི་ཡེ་ཤུའི་སྤྱི་ཚོགས་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་།  ཕྱི་ལོ་ ༢༠༡༨ ལོའི་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་དང་རྒྱ་ནག་གཞུང་བར་པེ་ཅིང་གིས་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་ཆོག་པའི་གྲོས་མཐུན་དེས་ཡུལ་དེའི་ནང་གཞུང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ལྷ་ཁང་དང་འབྲེལ་ཡོད་དད་ལྡན་པ་ཚོར་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཡེ་ཤུའི་ལྷ་ཁང་ནང་ཞུགས་རྒྱུར་གནོན་ཤུགས་སྤྲོད་པར་རམ་འདེགས་བྱས་ཡོད་པ་མངོན་གསལ་དང་འབྲེལ།  ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་གཅོས་པའི་རྒྱལ་སྤྱིའི་སྲིད་གཞུང་རྣམས་ནས་རྒྱ་ནག་ནང་གི་ཡེ་ཤུའི་སྤྱི་ཚོགས་ཐོག་འཇིགས་སྐུལ་དྲག་གནོན་མཚམས་འཇོག་གཙོས་ཆོས་དད་རང་དབང་ལ་གུས་བརྩི་དགོས་གལ་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག  ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་ཉམས་ཞིབ་པ་ Yalkun Uluyol  ལགས་ཀྱིས། རྒྱ་གཞུང་གིས་ཡུལ་དེའི་ནང་གནས་བཞུགས་ཡེ་ཤུའི་སྤྱི་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར།  ཡེ་ཤུའི་བླ་ཆེན་མཆོག་ནས་ཕྱོགས་གཉིས་བར་གྱི་གྲོས་མཐུན་དེར་བསྐྱར་ཞིབ་དགོས་པའི་སྐུལ་མ་གནང་བ་མ་ཟད།  རྒྱ་ནག་ནང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ལྷ་ཁང་གཙོས་པའི་དད་ལྡན་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་མཚམས་འཇོག་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག སྙན་ཐོའི་ནང་ད་དུང་རྒྱ་གཞུང་གིས་ཡུལ་དེའི་ནང་རང་དབང་ཅན་གྱི་ཞིབ་འཇུག་པ་ཚོར་འགྲོ་འོང་གི་ཆོག་མཆན་སྤྲད་ཀྱི་མེད་པ་དང་། ཕྱི་ཕྱོགས་ཀྱི་གསར་ཁང་དང་ཚོགས་སྡེ་ཁག་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོར་ཁྲིམས་ཐག་གཅོད་ཀྱི་ཡོད་པ་གསལ་འདོན་གནང་བ་མ་ཟད།  ཚོགས་པའི་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༧ ཉིན་གནད་དོན་དེའི་ཐོག་རྒྱ་ནག་ནང་གི་ཡེ་ཤུའི་མཁས་པ་དང་རྒྱལ་སྤྱིའི་ཁྲོད་ཀྱི་ཆོས་དད་རང་དབང་ཐོག་གི་ཁྱད་ལས་མི་སྣ་སོགས་ལ་བཅར་འདྲི་ཞུས་ཏེ་ཞིབ་འཇུག་གི་རྙེད་དོན་རྒྱ་གཞུང་དང་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་ལ་ཕུལ་ཡོད་པ་དེ་ལྟར་ཡང་།  ཕྱོགས་གཉིས་ནས་དེ་འབྲེལ་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་པ་མངོན་གསལ་གནང་འདུག རྩ་བའི་འདས་པའི་ཕྱི་ལོ་ ༢༠༡༨...

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་དབུ་འབྱེད།

ཁ་སང་འཛམ་གླིང་སྒྱུ་རྩལ་གྱི་ཉིན་མོ་དང་བསྟུན། བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་དབུ་འབྱེད་དང་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བའི་མཐུན་ཚོགས་དེ་ཉིད་བརྒྱུད། བོད་ཀྱི་སྒྱུ་རྩལ་དང་རིག་གནས་ལ་དོན་སྙིང་ལྡན་པའི་གསོན་ཤུགས་བསྐྲུན་ནས་བོད་མིའི་སྤྱི་ཚོགས་དང་འགྲོ་བ་མི་སྤྱི་ལ་ཕན་པ་བསྒྲུབ་རྒྱུར་དམིགས་ཡོད་པ་གསལ་འདུག དེ་ཡང་དེ་འབྲེལ་འདི་གའི་གསར་འགོད་པས་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་མཐུན་ཚོགས་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། མཐུན་ཚོགས་ཀྱི་དམིགས་ཡུལ་ནི་བོད་མི་དང་བོད་རིགས་སྒྱུ་རྩལ་བས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ལམ་བུ་སྙེག་པར་རམ་འདེགས་དང་། དེ་བཞིན་སྒྱུ་རྩལ་བའི་ངོ་མཚར་གཏམ་རྒྱུད་བརྒྱུད་ནས་འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་སྤྱི་ཚོགས་ནང་དུ་དོན་སྙིང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཞལ་ཁ་འབྱེད་རྒྱུ། སྒྱུ་རྩལ་བ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དང་། སྒྱུ་རྩལ་བ་ཚང་མར་གཅིག་མཚུངས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་གྱི་གོ་སྐབས་སྤྲོད་རྒྱུ། སྒྱུ་རྩལ་གྱི་ལས་རིགས་འདྲ་མིན་གཉེར་མཁན་བར་མཉམ་ལས་གནང་ཐུབ་པ་མ་ཟད་བོད་པའི་སྒྱུ་རྩལ་གྱི་འབོད་སྒྲ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཆེས་ཆེར་རྩལ་འདོན་ཡོང་ཐབས་ལ་དམིགས་ཡོད་པ་གསུངས་བྱུང་ལ། ད་ལྟའི་ཆར་མཐུན་ཚོགས་འདིའི་སྣེ་འཁྲིད་ནི་ཚོགས་མི་བདུན་ལས་གྲུབ་པའི་ཚོགས་ཆུང་ཞིག་དང་དེར་བོད་རིགས་སྒྱུ་རྩལ་བ་ཁག་ཅིག་ལས་གྲུབ་པའི་རྒྱལ་སྤྱིའི་སློབ་སྟོན་ཚོགས་ཆུང་གིས་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་མཐུན་ཚོགས་ཀྱི་རྒྱབ་ལྗོངས་དང་འབྲེལ།ཕྱི་ལོ་༢༠༢༤ ལོའི་ཟླ་ ༡༡ ནང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཆེས་ཐོག་མ་དེ་ཚོགས་ཡོད་པ་དང་། དུས་སྟོན་དེའི་ནང་བོད་ཀྱི་རྩོམ་པ་པོ་དང་། གཞས་པ། རི་མོ་བ་སོགས་འདུ་འཛོམས་སྐབས་བོད་ཀྱི་ཐེབས་རྩ་ནས་སྒྱུ་རྩལ་པའི་དགོས་མཁོ་དང་མངོན་འདོད་ལ་རྒྱུས་ལོན་བྱེད་ཆེད་དམིགས་བསལ་གྲོས་སྡུར་གྱི་ལས་རིམ་དང་ཚོགས་འདུ་ཁག་ཁ་ཤས་ཚོགས་ཡོད་པ་ལྟར་། སྒྱུ་རྩལ་བ་རྣམས་ཀྱིས་ཁོང་ཚོར་རོགས་སྐྱོར་དང་། སློབ་སྟོན་པ་མཚམས་སྦྱོར། སྒྲིག་འཛུགས་རང་བཞིན་གྱི་རྒྱབ་སྐྱོར། ལག་ལེན་ཐུབ་པའི་ཐབས་བྱུས། བོད་དང་རྒྱལ་སྤྱིའི་སྡིངས་ཆར་མངོན་གསལ་དོད་པོའི་ངོས་འཛིན་ཡོང་བའི་དགོས་མཁོ་སོགས་གསལ་སྟོན་གནང་བ་མ་ཟད། བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཤིག་ངེས་པར་དུ་འཛུགས་དགོས་པའི་སྤྱི་མོས་ཀྱིས་རེ་བ་ཤུགས་ཆེར་བཏོན་ཡོད་སྟབས། འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་ནས་བསྡད་ཡོད་པའི་སྒྱུ་རྩལ་བ་རྣམས་གཅིག་ཏུ་འདུས་ཆེད་བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་སྒྱུ་རྩལ་མཐུན་ཚོགས་བཙུགས་པ་ཡིན་སྐོར་གསུངས་སོང་། དེ་བཞིན་ད་ལྟའི་ཆར་མཐུན་ཚོགས་ནང་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བ། དེ་བཞིན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ནས་མཉམ་ཞུགས་གནང་ཟིན་ཡོད་པ་མ་ཟད།ད་དུངའང་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་རུ་ཁག་དང་མཐུན་ཚོགས། རྒྱབ་སྐྱོར་བ། སྒྱུ་རྩལ་ལ་དགའ་མོས་གནང་མཁན་རྣམས་ནས་མཐུན་ཚོགས་འདིར་མཉམ་ཞུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་སོང་། གཞི་རྩའི་ཁ་སང་སྤེལ་བའི་བསྒྲགས་གཏམ་ནང་། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ནི་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་མཐུན་ཚོགས། རྒྱབ་སྐྱོར་བ་བཅས་ལས་གྲུབ་པའི་ཡོངས་འདུས་རང་བཞིན་གྱི་མཐུན་ཚོགས་ཤིག་ཡིན་ཞིང་། དེས་སྒྱུ་རྩལ་བ་སྐྱེད་སྲིང་དང་། གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་བྱ་བཞག་ལ་སྐུལ་འདེད། མཉམ་ལས་གོང་འཕེལ།...

རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་གི་སློབ་གསོ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་བཀའ་སྩལ།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྐབས། རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་གི་སློབ་གསོ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། ཨ་མའི་བརྩེ་བ་ཐོབ་པ་དེ་རྒྱ་ཆེ་རུ་གཏང་དགོས་གལ་ཡིན་པ་བཀའ་སྩལ། དེ་ཡང་ཁ་སང་ཚེས་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་འབྲུག་ཡུལ་སོགས་ཀྱི་དད་ལྡན་མཇལ་ཞུ་བ་རྣམས་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་རྒྱ་གར་སྐྱེས་མ་ཞིག་གིས་ཕྲུ་གུ་རྣམས་ལ་རིན་ཐང་བྲལ་བའི་སློབ་གསོ་ཅི་ཞིག་གནང་དགོས་པའི་ལམ་སྟོན་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་འདི་ཧ་ཅང་རྩ་ཆེན་པོ་ཡིན་པ་བཀའ་སྩལ་འདུག དེ་བཞིན་མཇལ་ཞུ་བ་གཞན་ཞིག་གིས་སྙིང་རྗེ་ལྡན་པ་ཇི་ལྟར་བྱ་དགོས་ཞེས་་བཀའ་འདྲི་ཞུས་པར། སོ་སོ་རང་ཉིད་སྐྱེས་ཙམ་ནས་ཨ་མའི་བརྩེ་བ་ཐོབ་པ་དེ། ག་ལེར་རྒྱ་ཆེ་ས་ནས་སྒོམ་ཐུབ་ན་དགེ་མཚན་ཆེ་བ་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་སྔ་དྲོ་སྐུ་བཞེངས་མཛད་མ་ཐག་བརྩེ་བ་སྒོམ་གྱི་ཡོད་ཅིང་། ནང་པའི་ལུགས་ལ་འཕགས་པ་སྤྱན་རས་གཟིགས་ནི་སྙིན་རྗེའི་ལྟ་ཡིན་པས་དུས་རྟག་ཏུ་འཕགས་པ་ཐུགས་རྗེ་ཆེན་པོ་དབུའི་སྤྱི་བོར་བཞུགས་ཡོད་པ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག ད་དུང་མཇལ་ཞུ་བའི་ཁྲོད་༸གོང་ས་མཆོག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དེབ་ཕྲེང་གཉིས་པ་དང་བཞི་པ་ཨིན་འགྱུར་ཞུ་མཁན་ཕྱི་རྒྱལ་བ་བདེ་ཆེན་ལགས་ཡོད་པ་དང་། སྐབས་དེར་ཁོང་རང་ཉིད་སྙིང་རྗེ་ཉམས་ལེན་ཤུགས་ཆེ་རུ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་འདུག ལྷག་པར་ཟླ་བ་འདིའི་ཚེས་ ༥ ནས་ ༩ བར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པའི་ཚོགས་བཅར་བ་རྣམས་ནས་མཇལ་ཁ་ཞུས་པར། ༸གོང་ས་མཆོག་གིས་གཞུང་ཆེན་མོར་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། གཞུང་ཆེན་དེ་དག་བསམ་བློའི་ནང་གུང་སྒྲིག་དུས་གཞན་དང་མི་འདྲ་བ་ཞིག་རེད་བཞག མགོན་པོ་༸གང་ཉིད་མཆོག་ཀྱང་སྐུ་ན་ཆུང་དུས་གཞུང་ཆེན་ཕར་ཕྱིན་ནས་སློབ་གཉེར་མཛད་ཡོད་པ་ཅེས་ལམ་སྟོན་སྩལ་འདུག མ་ཟད་འབྲུག་ནས་དད་ལྡན་ ༣༠ པའི་ཁྲོད་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་ལོ་ཉི་ཤུ་སློབ་གཉེར་བྱས་ཏེ་ཉེ་ལམ་དགེ་བཤེས་གཏོང་མཁན་ཞིག་ཡོད་པ་དང་། ༸གོང་ས་མཆོག་གིས་གཞི་གསུམ་གྱི་ཆོ་ག་འདུལ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་ཅིང་། སྐབས་དེར་འབྲུག་པ་ཁག་གཅིག་གིས་གླུའི་མཆོད་པ་ཕུལ་འདུག མཇལ་ཞུ་བའི་ཁྲོད་ནས་༸གོང་ས་མཆོག་ལ་བྱིས་པ་གཉིས་ནས་ཨ་ཧྥི་རི་ཀའི་ནང་ཡོད་པའི་དཔག་བསམ་ཤིང་གི་འབྲ་བུ་ཞིག་ཕུལ་ཏེ། མགོན་པོ་༸གང་ཉིད་མཆོག་དཔག་བསམ་ཤིང་ལྟར་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་འདུག གཞི་རྩེའི་ཁ་སང་མཇལ་ཁའི་སྐབས་ཨུ་རུ་སུ་དང་ཕ་རཱན་སི། ཨི་ཊ་ལཱི། ཨར་ཇེན་ཊི་ནཱ། ཐའེ་ཝན། ཨོསྟྲེ་ལི་ཡཱ། ཝི་ཡཏ་ནཱམ་སོགས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་དང་། རྒྱ་གར་གཙོས་པའི་ཧི་མ་ལཱ་ཡཱའི་རི་རྒྱུད་ཀྱི་དད་ལྡན་རྣམ་པ་སོགས་ཁྱོན་མཇལ་ཞུ་བ་ ༣༥༠...

རྒྱ་ནག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་འབུལ་སྐབས་བལ་ཡུལ་ནས་མཉམ་བཞུགས་བྱེད་ན་འགྲི་གི་མེད་པའི་ཉེན་བརྡ་འདུག

ཁ་ཉིན་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་པས་ནང་སྲིད་བློན་ཆེན་ Sudan Gurung ཐུག་འཕྲད་དང་འབྲེལ།  བལ་ཡུལ་ནང་དུ་བོད་མི་དང་ཐའེ་ཝན་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མེད་པའི་ནན་བཤད་དང་། ལྷག་པར་རིང་མིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་འབུལ་སྐབས་བལ་ཡུལ་གཞུང་གི་སྐུ་ཚབ་ནས་མཉམ་ཞུགས་གནང་ན་འགྲིག་གི་མེད་པའི་ཉེན་བརྡ་བཏང་འདུག དེ་ཡང་བལ་ཡུལ་གྱི་ Kathmandu Post གསར་ཤོག་ལ་དབུ་ཁྲིད་རྣམ་པའི་ཐུག་འཕྲད་སྐབས་ལྷན་བཅར་ཞུ་མཁན་མིང་གསལ་མ་བྱེད་པའི་ལས་བྱེད་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་བལ་ཡུལ་ནང་གནས་བཞུགས་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་ Zang Maoming ནས་ཡུལ་དེ་གའི་ནང་སྲིད་བློན་ཆེན་སུ་དཱན་གུ་རུང་ Sudan Gurung ཐུག་འཕྲད་བྱས་པ་ལྟར། སྐབས་དེར་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ལག་འཁྱེར་ཐོ་འགོད་ཀྱི་གནས་བབ་དང་། བལ་ཡུལ་ས་ཐོག་ཏུ་བོད་མི་རྣམས་ཀྱིས་ཁ་བྲལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པའི་གནད་དོན་གླེང་སློང་བྱས་པ་མ་ཟད། ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བལ་ཡུལ་ནང་འཚོགས་པའི་རྒྱལ་སྤྱིའི་དམངས་ཁྲོད་དུས་སྟོན་ཐེངས་བཅུ་གསུམ་པའི་ཐོག ཐའེ་ཝན་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང་རྒྱ་ནག་གིས་ངོ་རྒོལ་བྱས་རྗེས་མར་ཕབ་དགོས་ཁེལ་བའི་གནས་ཚུལ་ལུང་འདྲེན་དང་འབྲེལ། བལ་ཡུལ་གཞུང་ངོས་ནས་རྒྱལ་ཁབ་དེ་ཉིད་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་གྱི་ཕྱིའི་སྟོབས་ཤུགས་ཆེད་བེད་སྤྱོད་བྱ་བཅུག་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག མ་ཟད་རྒྱ་ནག་གཞུང་ཚབ་པའི་ཉེན་བརྡ་གཙོ་བོ་ཞིག་ནི། ཡོང་རྒྱུའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོ་འཚོག་རྒྱུ་དེ་ཡིན་ཞིང་། མཛད་སྒོའི་སྐབས་བལ་ཡུལ་གཞུང་གི་སྐུ་ཚབ་མགྲོན་འབོད་གནང་སྲིད་པས་དེར་མཉམ་ཞུགས་གཏན་ནས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག སྤྱིར་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Anand Kafle ལགས་ཀྱིས་...

རྒྱ་ནག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་འབུལ་སྐབས་བལ་ཡུལ་ནས་མཉམ་བཞུགས་བྱེད་ན་འགྲིག་གི་མེད་པའི་ཉེན་བརྡ་འདུག

ཁ་ཉིན་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་པས་ནང་སྲིད་བློན་ཆེན་ Sudan Gurung ཐུག་འཕྲད་དང་འབྲེལ།  བལ་ཡུལ་ནང་དུ་བོད་མི་དང་ཐའེ་ཝན་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མེད་པའི་ནན་བཤད་དང་། ལྷག་པར་རིང་མིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་འབུལ་སྐབས་བལ་ཡུལ་གཞུང་གི་སྐུ་ཚབ་ནས་མཉམ་ཞུགས་གནང་ན་འགྲིག་གི་མེད་པའི་ཉེན་བརྡ་བཏང་འདུག དེ་ཡང་བལ་ཡུལ་གྱི་ Kathmandu Post གསར་ཤོག་ལ་དབུ་ཁྲིད་རྣམ་པའི་ཐུག་འཕྲད་སྐབས་ལྷན་བཅར་ཞུ་མཁན་མིང་གསལ་མ་བྱེད་པའི་ལས་བྱེད་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་བལ་ཡུལ་ནང་གནས་བཞུགས་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་ Zang Maoming ནས་ཡུལ་དེ་གའི་ནང་སྲིད་བློན་ཆེན་སུ་དཱན་གུ་རུང་ Sudan Gurung ཐུག་འཕྲད་བྱས་པ་ལྟར། སྐབས་དེར་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ལག་འཁྱེར་ཐོ་འགོད་ཀྱི་གནས་བབ་དང་། བལ་ཡུལ་ས་ཐོག་ཏུ་བོད་མི་རྣམས་ཀྱིས་ཁ་བྲལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པའི་གནད་དོན་གླེང་སློང་བྱས་པ་མ་ཟད། ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བལ་ཡུལ་ནང་འཚོགས་པའི་རྒྱལ་སྤྱིའི་དམངས་ཁྲོད་དུས་སྟོན་ཐེངས་བཅུ་གསུམ་པའི་ཐོག ཐའེ་ཝན་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང་རྒྱ་ནག་གིས་ངོ་རྒོལ་བྱས་རྗེས་མར་ཕབ་དགོས་ཁེལ་བའི་གནས་ཚུལ་ལུང་འདྲེན་དང་འབྲེལ། བལ་ཡུལ་གཞུང་ངོས་ནས་རྒྱལ་ཁབ་དེ་ཉིད་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་གྱི་ཕྱིའི་སྟོབས་ཤུགས་ཆེད་བེད་སྤྱོད་བྱ་བཅུག་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག མ་ཟད་རྒྱ་ནག་གཞུང་ཚབ་པའི་ཉེན་བརྡ་གཙོ་བོ་ཞིག་ནི། ཡོང་རྒྱུའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོ་འཚོག་རྒྱུ་དེ་ཡིན་ཞིང་། མཛད་སྒོའི་སྐབས་བལ་ཡུལ་གཞུང་གི་སྐུ་ཚབ་མགྲོན་འབོད་གནང་སྲིད་པས་དེར་མཉམ་ཞུགས་གཏན་ནས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག སྤྱིར་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Anand Kafle ལགས་ཀྱིས་...

རྒྱ་གར་ནང་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་བཀའ་སྩལ་འདུག

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ Jagdeep Dhankhar ཇག་དཱིཔ་དྷན་ཁར་འཁོར་བཅས་ཀྱིས་གཙོས་པའི་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་མཇལ་བཅར་བ་ ༣༠༠ ལྷག་ལ་མཇལ་ཁ་སྩལ་འདུག དེ་ཡང་དེ་རིང་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ Jagdeep Dhankhar ཇག་དཱིཔ་དྷན་ཁར་འཁོར་བཅས་ལ་མཇལ་ཁ་སྩལ་བའི་སྐབས། རྒྱ་གར་གྱི་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་གར་གི་རང་དབང་ལ་ཐུགས་དབུས་ནས་སྤྲོ་བ་སྐྱེ་རྒྱུ་ཡོད་པ་ཞིག་རེད་བཞག་ཅེས་བཀའ་སྩལ་འདུག སྐབས་དེར་སྲིད་འཛིན་གཞོན་པ་ཟུར་པས་དེ་རིང་ནང་མི་དང་ལྷན་དུ་འཛམ་གླིང་ནང་གི་སྐྱེ་བུ་ཆེན་པོ་ཞིག་དངོས་སུ་མཇལ་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞིག་བྱུང་ཞེས་དང་། དུས་སྐབས་འདི་ནི་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཡིན་པ་གསུངས་འདུག དེ་བཞིན་དེ་རིང་རྒྱ་གར་གྱི་མཇལ་ཞུ་བ་ཞིག་གིས་སོ་སོའི་བསམ་བློ་ལ་སྟངས་འཛིན་ཇི་ལྟར་བྱ་དགོས་མིན་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱ་གར་གི་རིག་གཞུང་ལ་ཆ་བཞག་ན་བསམ་བློ་མང་པོ་གཏང་ས་ཡོད་པ་ཞིག་ཡིན་པ་བཀའ་སྩལ་འདུག ད་དུང་སོག་པོ་ཁག་གཅིག་ལ་ལོ་རྒྱུས་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་གདན་སའི་ནང་སོག་པོ་མང་པོ་ཡོད་པ་དང་སོག་པོ་དཔེ་ཆ་བ་ཡག་པོ་ཡང་མང་པོ་ཡོད་པ་རེད་ཅེས་བཀའ་སྩལ་འདུག ལྷག་པར་གཞོན་སྐྱེས་ཤིག་གིས་སློབ་ཕྲུག་ལ་མཚོན་ན་གྲུབ་འབྲས་ཞེས་པ་དེ་གང་ལ་ངོས་འཛིན་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལམ་དུ། སློབ་སྦྱོང་བྱ་རྒྱུ་མི་ཡག་ཤོས་རེད། སློབ་སྦྱོང་ཞེས་པ་དེ་ཡིག་ཐོག་ཡོད་པ་ཙམ་ཞིག་ལ་ཆ་བཞག་རྒྱུ་མིན་པར་སོ་སོས་བསམ་བློ་བཏང་སྟེ། དངོས་ཡོད་གནས་ཚུལ་དང་མཐུན་མ་མཐུན་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན་ཞིང་། དཔལ་ན་ལེནྜའི་མཁས་པ་རྣམས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་ཐོག་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་ནན་སྩལ་འདུག The post རྒྱ་གར་ནང་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་བཀའ་སྩལ་འདུག appeared first on vot.

སོ་ལོ་ཝ་ཀི་ཡཱའི་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་མངོན་གསལ།

Slovakia སོ་ལོ་ཝ་ཀི་ཡཱའི་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་གསལ་ཐེར་འདོན་དང་འབྲེལ། ཚགས་ཤོག་དང་དུས་དེབ། དྲ་ཚིགས་སོགས་ཀྱི་ནང་དུའང་དེ་འབྲེལ་དྲིལ་བསྒྲགས་དང་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཙམ་མ་ཟད། ཤུགས་རྐྱེན་ཆེ་བའི་མི་སྣ་དང་གསར་འགོད་པ་སོགས་རྒྱ་ནག་ནང་དུ་འཁྲིད་དེ་བཟང་ཕྱོགས་ཀྱི་རྣམ་པ་འདོན་ཐབས་བྱེད་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ Reporters Without Borders (RSF) འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ Slovak Daily སོ་ལོ་ཝཀ་ཉེན་རེའི་གསར་ཤོག་ཐོག་ Denník N བརྒྱུད་ལམ་གྱིས་སོ་ལོ་ཝ་ཀི་ཡའི་ནང་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་ཕྱོགས་དང་འབྲེལ་བའི་སྐོར་ལ་རྩོམ་སྤེལ་བ་ལུང་འདྲེན་གྱིས་གནས་ཚུལ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་དང་བརྒྱུད་ལམ། དུས་དེབ་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ། དེ་བཞིན་གསར་འགོད་པ་སོགས་ལ་རྒྱ་ནག་གིས་འཐབ་བྱུས་ལྡན་པའི་ཐོག་ནས་དངུལ་དང་འབྲེལ་ལམ། དེ་བཞིན་མཉམ་ལས་བྱ་ཐབས་ཀྱི་གནད་དོན་འོག་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་རྒྱུ་ཡོད་བརྗོད་འདུག རྩོམ་ཡིག་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ Slovak Television (STV) འམ་སོ་ལོ་ཝཀ་བརྙན་འཕྲིན་གྱི་འགན་འཛིན་བྱས་མྱོང་མཁན་ Štefan Nižňanský ཡིས་ཡུལ་དེ་གའི་ Extra Plus ཞེས་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པའི་དུས་དེབ་དེའི་ཐོག རྒྱ་ནག་གཞུང་འབྲེལ་གནས་ཚུལ་མཁོ་སྤྲོད་བརྒྱུད་ལམ་ CCTV+ ཞེས་པ་དེར་རྒྱ་ནག་གི་དྲིལ་བསྒྲགས་མེད་ཅེས་བཤད་ཡོད་པ་ལུང་འདྲེན་གྱིས།...

རྒྱ་གཞུང་གིས་སླར་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པར་རྒྱ་གར་གྱིས་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་སླར་ཡང་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པར་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། མིང་གང་བྱུང་བཏགས་ནས་དངོས་ཡོད་བདེན་པའི་གནས་ཚུལ་ལ་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་སྐྱོན་བརྗོད་ནན་པོ་དང་འབྲེལ། བྱ་ངན་དེ་རིགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འབད་རྩོན་དེར་དོ་ཕོག་ཐེབས་ངེས་ཡིན་པ་གསུངས་འདུག རྩ་བའི་རྒྱ་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁུལ་ལ་ Zangnan འམ་བོད་ལྷོ་ངོས་ཀྱི་ས་ཁུལ་ཞེས་འབོད་དེ། ཕྱི་ལོ་ ༢༠༡༧ ནས་འགོ་བཙུགས་ཏེ་ད་བར་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ ༨༩ ལ་མིང་གསར་པ་བཏགས་ཡོད་པ་དང་། ལྷག་པར་ཉིན་ཤས་གོང་གི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་གི་ས་གནས་ཁག་ ༢༣ ལ་མིང་གསར་པ་བཏགས་པའི་གནས་ཚུལ་ཐོན་ཡོད་པ་དང་ཆབས་ཅིག ཐེངས་འདིའི་རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ལ་མིང་བཏགས་ཏེ་མིང་ཐོ་གསལ་བསྒྲགས་བྱས་པ་དེ་ཐེངས་ ༦ པ་ཆགས་ཀྱི་ཡོད་པ་རེད། དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཉིན་ཤས་གོང་དུ་རྒྱ་ནག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པའི་གནད་དོན་དང་འབྲེལ། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གར་ངོས་ནས་རྒྱ་ནག་གིས་དེ་ལྟ་བུའི་ངན་གཡོའི་ཐབས་ཤེས་སྣ་མང་བརྒྱུད་ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་བདག་དབང་རྩོད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་གྱིས། མིང་གང་བྱུང་བཏགས་ནས་དངོས་ཡོད་བདེན་པའི་གནས་ཚུལ་ལ་གཏན་ནས་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད།”ཅེས་སྐྱོན་བརྗོད་ནན་པོ་གནང་འདུག མ་ཟད། ཨ་རུ་ན་ཅལ་དེ་ཉིད་དེ་སྔ་ནས་རྒྱ་གར་གྱི་མངའ་སྡེ་ཡིན་པ་མ་ཟད་དུས་ད་ལྟ་དང་མ་འོངས་པ་ཡང་རྒྱ་གར་གྱི་མངའ་སྡེ་ཁོངས་སུ་གནས་རྒྱུ་ཡིན་པས། གཞི་མེད་མིང་གསར་པ་བཏགས་པའི་བྱ་སྤྱོད་དེ་ཡིས་ཤུགས་རྐྱེན་ནམ་ཡང་ཐེབས་ཀྱི་མེད་པ་དང་ཆབས་ཅིག བྱ་ངན་དེ་རིགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འབད་རྩོན་དེར་དོ་ཕོག་ཐེབས་ངེས་ཡིན་པས་འདི་ལྟ་བུའི་ལས་དོན་རིགས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག དེ་བཞིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Randhir Jaiswal ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་ཚུལ་དང་དེར་ཁྲིམས་འགལ་ཐོག་ནས་ Zangnan ཞེས་མིང་བཏགས་ཡོད་པ་སོགས་ལུང་འདྲེན་གྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དེས་དངོས་ཡོད་གནས་བབ་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བསྐྱར་ནན་གནང་འདུག གཞི་རྩའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དེ་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་ཏེ་ས་ཁྲ་འདོན་སྤེལ་བྱས་ཡོད་པ་མ་ཟད།  སྔ་ལོར་རྒྱ་གཞུང་གིས་སླར་ཡང་ཁུལ་དེའི་ས་གནས་ཁག་ ༢༧...

༸སྐུའི་གོ་སྟོན་གཙོས་པའི་གཟའ་མཇུག་སློབ་གྲྭའི་ལས་རིམ་ནང་མཉམ་ཞུགས་གནང་རྐྱེན་བོད་མི་ཁག་གཅིག་རྒྱ་ནག་གནམ་ཐང་ནས་ཕྱིར་སློག

རྒྱ་ནག་གཞུང་གིས་ཡུ་རོབ་དང་མཱ་ལེ་ཤི་ཡཱ་རྒྱལ་ཁབ་ཁག་གཅིག་ལ་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་བསྐྱོད་ཆོག་ཡོད་ལུགས་ཀྱི་གསལ་བསྒྲགས་སྤེལ་ཡོད་ཀྱང་། བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་ཡུ་རོབ་ཀྱི་མི་སེར་ཡིན་པ་བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་༸སྐུའི་གོ་སྟོན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་ལས་རིམ་ནང་མཉམ་ཞུགས་སོགས་ལ་ཁ་གཡར་ཏེ། བོད་མི་ཁག་གཅིག་རྒྱ་ནག་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་འདུག གཞི་རྩའི་སྔ་ལོའི་ཕྱི་ཟླ ༡༢ པའི་ནང་རྒྱ་གཞུང་གིས་ཡུལ་དེའི་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གང་མང་ཡོང་ཐབས་སུ་ཧྥ་རན་སི་དང་འཇར་མ་ནི། ཨི་ཊ་ལི། ནིའུ་ཛི་ལེནྜ། དེ་བཞིན་སི་པེན་སོགས་ཡུ་རོབ་རྒྱལ་ཁབ་བདུན་དང་མཱ་ལེ་ཤི་ཡཱ་བཅས་ཀྱི་མི་སེར་རྣམས་ལ་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཡུལ་སྐོར་དང་ཚོང་ལས། དེ་བཞིན་གཉེན་འཕྲད་དུ་བསྐྱོད་ཆོག་པ་བཟོས་ཡོད་པ་དང་།  སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༧ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་འགྲུལ་བཞུད་ཆོག་པའི་སྲིད་བྱུས་དེ་ད་དུང་སུད་སི་དང་ཨེར་ལན། ཧང་ག་རི། ཨོ་སི་ཊི་རི་ཡ། བྷེལ་ཇེམ་བཅས་ཡུ་རོབ་རྒྱལ་ཁབ་དྲུག་ནང་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། གོང་གསལ་རྒྱལ་ཁབ་ཁག་གི་མི་སེར་རྣམས་འདི་ལོའི་ཕྱི་ཟླ་ ༡༢ ཚེས ༣༡ བར་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཉིན་ ༣༠ རིང་སྡོད་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། འོན་ཀྱང་དེ་དོན་དེ་རིང་རྒྱུན་དུ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ Belguim གནས་བཞུགས་ས་དཀར་བཀྲ་ཤིས་ལགས་ཀྱིས་རང་གི་སྤྱི་ཚོགས་དྲྭ་ལམ་ x ཐོག་དེ་འབྲེལ་གནས་ཚུལ་སྤེལ་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཁོང་ལ་དེ་འབྲེལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས། དེའང་སྔ་ལོ་སྦེལ་འཇམ་དུ་གནས་བཞུགས་ཡུལ་དེའི་མི་སེར་ཡིན་པའི་བོད་མི་ཁག་གཅིག་གིས་གོ་སྐབས་དེ་བཟུང་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་ཀྱང་།  Shanghai གནམ་ཐང་དུ་འབྱོར་མ་ཐག་འགག་སྒོའི་ཉེན་རྟོག་པ་དང་དམག་མི་བཅས་ཀྱིས་ཁོང་རྣམ་པར་ཁང་པ་ཞིག་ནང་ཁྲིད་དེ་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་རྗེས་མཐར་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་ལུང་འདྲེན་དང་འབྲེལ། འདི་ལོ་ཡང་ལོ་གསར་དང་སྟབས་བསྟུན་ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་མི་སེར་ཡིན་པ་བོད་མི་མང་དག་ཅིག་ནས་རྒྱ་ནག་ཏུ་མཐོང་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་སྲིད་བྱུས་འོག་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་ཀྱང་། གནམ་ཐང་ཉེན་རྟོག་པ་ཚོས་བོད་མི་ཚོར་ཚུ་ཚོད་ ༡༥ ནས་ ༢༠...

བཞུགས་སྒར་དུ་གནད་ཡོད་མི་སྣ་ཁག་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་པ།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༣ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་དང་།  ཚ་ཁོ་དཔོན་པོ་ངག་དབང་གྲགས་པའི་སྐུ་ཐོག་བཞི་པ་བློ་བཟང་བྱང་ཆུབ་འོད་ཟེར་མཆོག  དེ་བཞིན་རྒྱ་གར་གྱི་ཚོང་དཔོན་ཆེན་པོ་ Jay Mehta ལགས་སོགས་མང་ཚོགས་ ༤༠༠ ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་འདུག  མང་མཇལ་ཁྲོད་༸གང་ཉིད་མཆོག་གིས་གཙོ་བོ་རྟེན་ཅིང་འབྲེལ་བ་འབྱུང་བའི་སྐོར་བསམ་བློ་ཡག་པོ་གཏང་དགོས་གལ་དང་།  རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འཛམ་བུ་གླིང་འདིའི་སྒང་གི་མི་རྙོག་དྲ་བཟོ་མཁན་ཚོར་བཟོད་བསྲན་དང་རྒྱ་ཆུང་ས་ནས་སོ་སོའི་ནང་ཙག་ཁྲོད་རྙོག་དྲ་བཟོ་མཁན་ཚོར་ཡང་བཟོད་བསྲན་གནང་དགོས་གལ་ཡིན་པའི་བཀའ་སློབ་བཀའ་དྲིན་སྩལ་འདུག དེ་ཡང་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།  ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་༸མགོན་པོ་མཆོག་དགུང་ལོ་བགྲེས་པོ་ཕེབས་བཞིན་ཡོད་པ་མཇལ་དུས་ཐུགས་ལ་དགའ་སྐྱོ་གཉིས་ཀ་ཡོང་གི་འདུག་ཅེས་ཚོར་ཤུགས་ཆེན་པོའི་གསུངས་སོང་ལ།  མཇལ་ཞུ་སྐབས་༸གང་ཉིད་མཆོག་གིས་རྒྱ་གར་དུ་ནང་པའི་རྗེས་འབྲངས་པ་དང་གཞན་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚང་མས་༸གང་ཉིད་མཆོག་ལ་ཧ་ཅང་གི་དགའ་པོ་གནང་གི་འདུག་ལ་མཇལ་བཅར་ཡང་མུ་མཐུད་ཞུ་ཡི་འདུག་ཅེས།  ༸གོང་ས་མཆོག་ནས་ཀྱང་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད་པ་བཀའ་སྩལ་བྱུང་བ་འགྲེལ་བརྗོད་དང་འབྲེལ །  དེ་ནི་ང་ཚོ་ཚང་མར་བཀའ་སློབ་གཙོ་བོ་གཅིག་ཆགས་ཡོད་པ་གསུངས་ཏེ།  ༸གང་ཉིད་མཆོག་གིས་དགུང་ལོ་བརྒྱ་དང་གསུམ་བཅུ་ཙམ་སྐུ་འཚོ་བཞུགས་མཛད་ཀྱི་ཡིན་ཞེས་བཀའ་སློབ་རིམ་པ་ཕེབས་ཡོད་པ་ཡིན་ནའང་།  དུས་ཚོད་ནི་ཁྱུག་ཙམ་ལ་རྫོགས་འགྲོ་ངེས་ཡིན་དུས།  ང་ཚོའི་ཚང་མས་རང་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་འཛིན་སྐྱོང་གི་འགན་འཁུར་དགོས་པ་དང་།  ལྷག་པར་དུ་བྱེས་ལ་བོད་མི་ཉུང་ངུ་ལས་མེད་པས་ཕན་ཚུན་མཐུན་སྒྲིལ་གནང་དགོས་གལ་ཡིན་པ་གསུངས་སོང་།  རིན་པོ་ཆེ་མཆོག་གིས་ད་དུང་གཙོ་བོ་དེ་རིང་མཇལ་བཅར་ཁྲོད།  ཁོང་སྐུ་ཉིད་བོད་ལ་ཡོད་དུས་སྐབས་ཀྱི་གནས་ཚུལ་དང་།  བོད་ནས་བྲོས་བྱོལ་ལ་ཕེབས་དགོས་བྱུང་བའི་སྐོར།  ལྷག་པར་དུ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་གྱི་གནས་ཚུལ་སོགས་ལོ་རྒྱུས་དང་འབྲེལ་བའི་ཕྱིར་དྲན་ཞེས་པའི་ཕྱག་དེབ་གཉིས་བརྩམས་ཡོད་པ་དེ་༸གང་ཉིད་མཆོག་ལ་ཕུལ་རྒྱུ་བྱུང་ཡོད་པ་བཅས་གསུངས་སོང་།  དེ་བཞིན་ཚ་ཁོ་དཔོན་པོ་ངག་དབང་གྲགས་པའི་སྐུ་ཐོག་བཞི་པ་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་གིས་འདི་གའི་གསར་འགོད་པར།  དེ་རིང་མཇལ་བཅར་ཞུས་དགོས་དོན་གཙོ་བོ་ནི།  འདི་ལོ་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་བསྟུན་ནས་༸གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་།  བོད་ལ་མྱུར་དུ་བྱོན་ཐུབ་པའི་སྨོན་འདུན་དང་སྦྲགས།  ༸མགོན་པོ་མཆོག་ལ་ཚ་ཁོ་ངག་དབང་གྲགས་པའི་སྐུ་བརྙན་ཞིག་ཕུལ་རྒྱུ་དེ་ཡིན་སྐོར་དང་འབྲེལ།  ༸གོང་ས་མཆོག་ནས་ཀྱང་དམིགས་བསལ་གྱི་ལམ་གཙོ་རྣམ་གསུམ་གྱི་ལུང་སྩལ་གནང་ཡོད་པ་དང་།  ཁོང་ལ་རྟེན་འབྲེལ་སྐོར་བསམ་བློ་ཡག་པོ་གཏང་དགོས་པའི་བཀའ་སློབ་སྩལ་གནང་ཡོད་པ་གསུངས་སོང་།  མ་ཟད།  དེ་རིང་མཇལ་བཅར་ཞུས་མཁན་ཁོངས་སུ་རྒྱ་གར་གྱི་ཚོང་དཔོན་ཆེན་པོ་...

ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ནས་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཨོ་གླིང་གི་གྲོང་ཁྱེར་ཀེན་བྷེ་ར་ནང་གསར་དུ་བཞེངས་པའི་དཔལ་ས་སྐྱའི་ཞི་བདེ་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe གཉིས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག་པ་དང་འབྲེལ་ཕན་ཚུན་མཇལ་མོལ་གནང་འདུག དེ་ཡང་ཉེ་ཆར་ཟླ་ ༣ ཚེས་ ༢༨ ཉིན་དཔལ་ས་སྐྱའི་ཞི་བདེའི་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་གནང་ཡོད་པ་དང་འབྲེལ། སྐབས་དེར་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe ལགས། དེ་བཞིན་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། ཡེ་ཤུ་བླ་ཆེན་ཨར་ཅ་བི་ཤོབ་སོགས་ས་གནས་དཔོན་རིགས་ཁག་གཅིག་དང་ཆོས་ཚོགས་ཀྱི་ཚོགས་མི་དང་སྦྱིན་བདག དེ་བཞིན་ས་གནས་བོད་རིགས་བཅས་ཁྱོན་མི་གྲངས་སུམ་རྒྱ་ལྷག་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་དཔལ་ས་སྐྱ་ཁྲིན་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱིས་ད་བར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དེར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐོག་ནས་ཉམས་ལེན་བྱེད་བཞིན་ཡོད་པས་དེ་རིང་གི་གཙུག་ལག་ཁང་གསར་བཞེངས་དང་འབྲེལ་ཨོ་གླིང་གཞུང་གིས་ས་ཆའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་གནང་བ་མ་ཟད། དེས་ཨོ་གླིང་གཞུང་གིས་ཆོས་ལུགས་མཐུན་སྒྲིལ་དང་རིག་གཞུང་གཅེས་སྐྱོང་། དེ་བཞིན་ཕན་ཚུན་བསམ་ཤེས་སོགས་ཀྱི་ཐོག་ལག་བསྟར་བྱེད་བཞིན་པ་མཚོན་ཐུབ་ཀྱི་ཡོད་པ་སོགས་གསུངས་འདུག ཕྱོགས་མཚུངས་ཨོ་གླིང་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe ལགས་ཀྱིས་གཙུག་ལག་ཁང་ལེགས་པར་བཞེངས་གྲུབ་པར་དགའ་བསུ་ཞུས་པ་དང་འབྲེལ། ང་ཚོ་ཚང་མས་ནང་པ་སངས་རྒྱས་པའི་ཞི་བདེ་དང་བྱམས་བརྩེའི་ལྟ་བ་ལ་ཡིད་མོས་དང་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། དེང་སྐབས་འཛམ་གླིང་ནང་རྙོག་འཛིང་འབྱུང་བཞིན་པའི་དུས་སྐབས་ཀྱི་ཁྲོད། ངོས་རང་མ་འོངས་ལས་དོན་བྱེད་པའི་སྐབས་གཙུག་ལག་ཁང་དེའི་ཁོར་ཡུག་དང་འབྲེལ་བྱམས་པ་དང་བརྩེ་བ་སོགས་འཁྱེར་ནས་འགྲོ་ཡི་ཡིན་ཞེས་གསུངས་འདུག དེ་བཞིན་ཨོ་གླིང་དོན་གཅོད་ཀརྨ་པ་སེང་གེ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་སྒྲོག་སྦྱང་གནང་བ་དང་འབྲེལ། ༸གོང་ས་མཆོག་གིས་འཛམ་གླིིང་གི་ཆོས་ལུགས་ཆེ་ཁག་ནང་ལྟ་བ་མི་འདྲ་བ་ཡོད་ཀྱང་ཚང་མས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་ཀྱི་ཡོད་པ་གཅིག་མཚུངས་ཡིན་པར་བརྟེན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུ་ནི་ངོས་རང་གི་དམ་བཅའ་བཞི་ལས་གཅིག་ཡིན་པ་དང་། ཚང་མས་དེ་དོན་དགོངས་འཇགས་གནང་གལ་ཆེ་བ་ཡིན་པ་བཀའ་སྩལ་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་དཔལ་ས་སྐྱའི་ཞི་བདེ་གསུག་ལག་ཁང་གི་འགན་འཛིན་བླ་མ་ཆོས་གྲགས་རིན་པོ་ཆེ་མཆོག་དང་།  དེ་བཞིན་ཨོ་གླིང་བོད་ཀྱི་དོན་གཅོད་ཀརྨ་པ་སེང་གེ་ལགས་གཉིས་སུ་བཀའ་འདྲི་ཞུས་ཡོད། གཞི་རྩའི་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཟླ་ ༣ ཚེས་ ༦ ནས་འགོ་འཛུགས་ཀྱིས་ཁྱོན་ཟླ་བ་གཉིས་ལྷག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་དང་ཚེས་ ༡༨ ཉིན་བླ་མ་ཆོས་གྲགས་རིན་པོ་ཆེའི་ཆོས་ཚོགས་སུ་ཆེད་ཕེབས་ཀྱིས་ཀྱེ་རྡོར་རྒྱུ་དབང་སོགས་གསུང་ཆོས་ཁག་གནང་ཡོད་པ་དང་ཚེས་ ༢༨...

རྒྱ་ནག་གི་ངོས་ནས་ཐའེ་ཝན་གྱི་རང་བཙན་ཞེས་པ་དེ་བཟོད་ཐབས་བྲལ་བ་ཞིག་ཡིན་པ་བཤད་འདུག

ཐའེ་ཝན་གྱི་གོ་མིན་ཏང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་འདུག་པ་དང་། སྐབས་དེར་ཞི་ཅིན་ཕིང་གི་ཐའེ་ཝན་གྱི་རང་བཙན་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་ཞིང་། མེས་རྒྱལ་གོང་བུ་གཅིག་འགྱུར་བྱ་རྒྱུ་འབད་བརྩོན་བྱ་དགོས་པ་བཤད་འདུག དེ་ཡང་ཐའེ་ཝན་ལ་རྒྱ་ནག་གི་དམག་དོན་གནོན་ཤུགས་རྒྱ་ཆེ་སྤྲོད་བཞིན་པའི་གནས་སྟངས་ཀྱི་མཚམས་འདིར། ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་སྟེ། གོ་མིན་ཏང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ Cheng Li-wun ཅེང་ལི་ཝུན་ཟླ་བ་འདིའི་ཚེས་ ༧ ནས་ ༡༢ བར་ཉིན་གྲངས་དྲུག་རིང་ཞི་བདེའི་འགྲུལ་བཞུད་ཞེས་པའི་འབོད་སྒྲའི་འོག་རྒྱ་ནག་ནང་དུ་འཚམས་གཟིགས་བསྐྱོད་བཞིན་ཡོད་པ་དང་། དེ་རིང་ཚེས་ ༡༠ ཉིན་རྒྱ་ནག་མི་མང་གི་ཚོགས་ཁང་ཆེན་མོའི་ནང་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་འདུག སྐབས་དེར་ཞི་ཅིན་ཕིང་གིས་ཐའེ་ཝན་གྱི་རང་བཙན་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་པ་བསྐྱར་ནན་དང་འབྲེལ། མེས་རྒྱལ་གོང་བུ་གཅིག་འགྱུར་ཐོག་འབད་བརྩོན་བྱ་དགོས་ལུགས་བཤད་འདུག མ་ཟད་ད་ལྟའི་འཛམ་གླིང་འདི་བཞིན་དོན་དངོས་ཐོག་ཞི་བདེ་མེད་པ་དང་། ཞི་བདེ་ནི་རྩ་ཆེན་པོ་ཡིན་ལུགས་སོགས་བཤད་འདུག ད་དུང་ཐའེ་ཝན་དང་རྒྱ་ནག་གཉིས་ཀ་ཞི་བདེ་དང་ཡར་རྒྱས། བརྗེ་ལེན། མཉམ་ལས་འདོད་མཁན་གྱི་ནང་མི་གཅིག་གྱུར་ཡིན་སྟབས། རྒྱ་ནག་གཅིག་ཡིན་པ་དང་། ནང་མི་མཐུན་པོ་ཡོད་ན་ཐམས་ཅད་བཀྲ་ཤིས་པ་ཡོང་གི་ཡོད་ལུགས། དེ་བཞིན་ཐའེ་ཝན་རང་བཙན་གྱི་གནད་དོན་ནི་ཁུལ་དེའི་ཞི་བདེ་ལ་སྣང་ཆུང་བཏང་བ་ཞིག་ཆགས་ཀྱི་ཡོད་ཚུལ་སོགས་བཤད་འདུག ད་དུང་རྒྱ་ནག་དམར་ཤོག་ཚོགས་པ་དང་གོ་མིན་ཏང་ཚོགས་པ་གཉིས་ཐུན་མོང་ནས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་བཟང་ཕྱོགས་ཀྱི་གོ་བསྡུར། ཕྱོགས་གཉིས་ཀའི་རྒྱལ་གཅེས་བློ་མཐུན་ཆིག་སྒྲིལ་བཟོས་དགོས་པ། མེས་རྒྱལ་གོང་བུ་གཅིག་འགྱུར་གྱི་མ་འོངས་མདུན་ལམ་བཟང་པོ་བསྐྲུན་དགོས་ལུགས་བཤད་འདུག སྐབས་དེར་གོ་མིན་ཏང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ Cheng Li-wun ཅེང་ལི་ཝུན་གྱིས། ཕན་ཚུན་འབྲེལ་ལམ་གྱི་ཁེ་ཕན་ནི་ཕྱོགས་གཉིས་ཀྱི་མི་མང་རྣམས་ཀྱི་མངོན་འདོད་ལ་རག་ལུས་ཡོད་པ་དང་། དེ་ལ་གཞིགས་པའི་གོ་བསྡུར་དང་བརྗེ་ལེན་ནི་ཕར་སྤྲོད་ཚུར་སྤྲོད་ཀྱི་གནས་བབ་ཅིག་ཆགས་ཀྱི་ཡོད་པ་བརྗོད་འདུག ད་དུང་མ་འོངས་པར་ཁོང་གི་ངོས་ནས་ཞི་ཅིན་ཕིང་ཐའེ་ཝན་དུ་གདན་ཞུ་བྱ་རྒྱུའི་གོ་སྐབས་ཤར་ངེས་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཐའེ་ཝན་གྱི་མཚོ་འགག་དེ་ཉེན་ཁ་ཅན་གྱི་འཁྲུག་རྩོད་ཀྱི་གཞི་རྟེན་ཞིག་ཏུ་མི་འགྱུར་བ་དང་། ངེས་པར་དུ་ཕྱིའི་སྟོབས་ཤུགས་ཀྱི་ཐེ་གཏོགས་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་མིན་པ་བརྗོད་འདུག ལྷག་པར་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་དང་མཉམ་ལས་ཆེད་དུ་ཕུག་རྒྱང་རིང་བའི་འཆར་གཞི་དང་སྒྲིག་འཛུགས།...

རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་བརྒྱུད་བོད་རྒྱ་བསྒྱུར་གྱི་ལས་དོན་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ཡོད་པ་གསུངས་འདུག

ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དེ་གཏན་འབེབས་བྱས་ཡོད་པ་དང་། དེ་འབྲེལ་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་སྟེ། ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐོག་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༥ པའི་ཐོག་ལ་དཔྱད་ཞིབ་ཀྱི་སྙན་ཐོ་དེ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་དེའི་ཁྲོད་ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོར་བཟུང་གིས་བོད་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མི་འབོར་ཆེ་བའི་ས་ཁུལ་དུ་ལྕགས་ལམ་མི་འདྲ་བ་བཅུ་གསར་དུ་བརྒྱག་རྒྱུ་ཡིན་པ་མ་ཟད་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལ་ལྕགས་ལམ་གྱིས་མཐུད་ཚད་ཇེ་མགྱོགས་སུ་གཏོང་འཆར་སོགས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་སྟེ། སྤྱི་ཚོགས་རིང་ལུགས་དེ་བཞིན་དེང་རབས་ཅན་ཞིག་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་གི་ཡོད་ལུགས་བརྗོད་ཡོད་ཀྱང་། ཚོགས་པས་རྒྱ་གཞུང་གིས་མ་འོངས་ལོ་ལྔའི་ནང་བོད་ནང་སྤུས་ཚད་མཐོ་བའི་ཡར་རྒྱས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་བོད་རྒྱ་བསྒྱུར་གྱི་ཆབ་སྲིད་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུག མ་ཟད་སྙན་ཐོའི་ནང་། ལོ་ལྔ་ཚན་གྱི་འཆར་གཞིའི་ནང་བོད་ཀྱི་ནང་དུ་སྐྱེལ་འདྲེན་གྱི་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་གནས་བབ་ཡར་རྒྱས་གཏང་རྒྱུ། བོད་ཀྱི་ས་མཚམས་ས་ཁུལ་སྐོར་དང་འབྲེལ། བོད་དེ་ལྷོ་ཨེ་ཤི་ཡ་ས་ཁུལ་ནང་དུ་ཚོང་འབྲེལ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུ། དེ་བཞིན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མ་ཟད། རྒྱ་གཞུང་གི་དབྱེ་བའི་བོད་ཀྱི་ཞིང་ཆེན་ས་ཁུལ་གཞན་ཁག་གི་ནང་དུའང་འཛུགས་སྐྲུན་ཡར་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་རྒྱུ། ལྷག་པར་དུ་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་ཚུལ་བརྗོད་དེ་ཡར་ཀླུང་གཙང་པོ་གཙོས་པའི་བོད་ཀྱི་ཆུ་བའི་ཐོག་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་སོགས་འཆར་གཞི་ཐེངས་...

ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་སུ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

The Film Critics Society of Nepal (FICSON) འམ་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པས་འཕྲིན་ལས་ལྷ་མོ་ལགས་སུ་ཕྱི་ལོ་ ༢༠༢༤ ལོར་རྒྱང་སྲིང་ཞུས་ཟིན་པའི་ Shambala ཤམ་བྷ་ལ་གློག་བརྙན་ནང་གཟེངས་སུ་ཐོན་པའི་འཁྲབ་སྟོན་གནང་ཡོད་པ་ལ་ཆེ་བསྟོད་ཀྱིས་ཁོང་ལ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པས་ Critics Award 2081 ཞེས་བལ་ཡུལ་ལུགས་ཀྱི་ ༢༠༨༡ ལོའི་དཔྱད་བརྗོད་བྱ་དགའ་ཐོབ་མཁན་གྱི་མིང་གཞུང་ཡོངས་གྲགས་གནང་ཡོད་པ་དང་།  དེ་དག་ཁོངས་ནས་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་བཞིན་ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་སུ་ཐོབ་ཡོད་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།  FICSON ཚོགས་པའི་བྱ་དགའ་དེས་ཤམ་བྷ་ལ་ཞེས་པའི་གློག་བརྙན་ནང་འཕྲིན་ལས་ལྷ་མོ་ལགས་ཀྱིས་བལ་བོད་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བུ་མོ་པདྨ་ཞེས་པའི་འཁྲབ་སྟོན་གནང་བའི་ཁྲོད།  མངལ་ནང་ཕྲུ་གུ་ཡོད་བཞིན་དུ་གར་སོང་ཆ་མེད་དུ་གྱུར་བའི་རང་གི་བཟའ་ཟླ་འཚོལ་ཞིབ་སླད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསེབ་ཏུ་དཀའ་སྡུག་སྣ་ཚོགས་ཤིག་གི་ཐོག་ཆོས་ཀྱི་ལམ་དུ་བཞུགས་པར་བསྟན་པའི་སྒྱུ་རྩལ་ལ་ཆེ་བསྟོད་ཙམ་མ་ཟད།  ཁོང་གི་འཁྲབ་སྟོན་དེ་ཉིད་ཤམ་བྷ་ལ་གློག་བརྙན་དེ་བཞིན་རིམ་པས་ Berlin International Film Festival འམ་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཡིན་པར་ཆེ་བསྟོད་མཚོན་གྱི་ཡོད་པ་འཁོད་འདུག ལྷག་པར་དུ་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པའི་ Critics Award 2081 ཞེས་པའི་བྱ་དགའི་ནང་གློག་བརྙན་རྩེ་ཕུད་དང་གློག་བརྙན་ འཁྲབ་ཁྲིད་པ་རྩེ་ཕུད་སོགས་སྡེ་ཚན་ཁག་མང་ཆེ་བའི་བྱ་དགའ་དེ་བཞིན་ཤམ་བྷ་ལ་གློག་བརྙན་དང་དེའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་རྣམས་ལ་ཐོབ་ཡོད་པ་དང་།  ཚོགས་པའི་ངོས་ནས་ཐེངས་འདིར་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མཁན་རྣམས་ཀྱི་མིང་གཞུང་ཡོངས་གྲགས་སུ་གསལ་བསྒྲགས་གནང་ཡོད་པ་ལས།  ཚོགས་པའི་འགན་འཛིན་ Samipya...

བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་བརྗོད་འདུག

བལ་ཡུལ་ནང་གཞུང་འཛིན་གསར་པ་ཚུགས་ནས་བདུན་ཕྲག་གཉིས་མ་ཟིན་པའི་མཚམས་འདིར་བལ་ཡུལ་ཕྱི་སྲིད་བློན་ཆེན་ Shisir Khanal ཤཱི་ཤིར་ཁ་ནཱལ་དང་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Zhang Maoming ཀྲང་མའོ་མིང་གཉིས་ཐུག་འཕྲད་བྱས་ཏེ། བལ་ཡུལ་གྱི་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་བརྗོད་འདུག དེ་ཡང་བལ་ཡུལ་གྱི་ The Kathmandu Post གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཕྱི་ཚེས་ ༧ ཉིན་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་པས་ཡུལ་དེ་གའི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་ཀྱིས་འཚམས་འདྲི་ཞུས་ཡོད་པ་དང་། སྐབས་དེར་མཉམ་ཞུགས་བྱེད་མཁན་གཞུང་འབྲེལ་མི་སྣ་ཞིག་གི་བརྗོད་དོན་ལྟར་ན། བལ་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་དང་མ་འཛུགས་སོགས་གནད་དོན་མང་པོའི་ཐོག་གླེང་སློང་བྱས་ཡོད་ཅིང་། ལྷག་པར་རྒྱ་ནག་གཞུང་ཚབ་པས་སྲིད་གཞུང་གསར་པའི་ཕྱི་འབྲེལ་སྲིད་བྱུས་དང་རྒྱ་ནག་ལ་ལྟ་ཕྱོགས། དེ་བཞིན་འདས་པའི་ལོ་ཡུན་ནང་གི་གྲོས་མཐུན་ཁག་གི་སྐོར་གླེང་སློང་བྱས་པར། བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་བལ་ཡུལ་གཞུང་འཛིན་གསར་པའི་མངོན་འདོད་གསལ་སྟོན་བྱས་ཏེ། རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་བརྗོད་ཡོད་པ་དེ་ལྟར་ཡང་། བལ་ཡུལ་གྱི་རྩ་ཁྲིམས་དང་། དེའི་ནང་གསལ་ཕྱི་འབྲེལ་སྲིད་བྱུས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་བརྗོད་འདུག མ་ཟད་དུས་རྒྱུན་ལྟར་རྒྱ་ནག་གཅིག་གི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་པ་དང་ཆབས་ཅིག རྒྱ་ནག་ཚུད་པའི་ཕྱི་རྒྱལ་ཁབ་སུ་ཞིག་ནས་ཀྱང་བལ་ཡུལ་ས་ཐོག་ཏུ་རྒྱལ་ཁབ་གཞན་ལ་ཁ་གཏད་གཅོག་པའི་ལས་འགུལ་སྤེལ་འཇུག་རྒྱུ་མིན་པ་ནན་བརྗོད་བྱས་འདུག དེ་བཞིན་ཕྱི་སྲིད་བློན་ཆེན་གྱིས་བལ་ཡུལ་གཞུང་འཛིན་གསར་པས་འཛིན་སྐྱོང་དང་ཞབས་ཞུ་མྱུར་པ། བརྟན་ལྷིང་། ཡར་རྒྱས་སོགས་དགོས་གལ་ཆེ་བའི་མངོན་འདོད་གླེང་སློང་དང་། ལྷག་པར་བལ་ཡུལ་དང་རྒྱ་ནག་བར་ Bilateral Consultative Mechanism འམ་གཉིས་མོས་གྲོས་མཐུན་གྱི་ལམ་ལུགས་ཚུད་པའི་མཐོ་རིམ་དཔོན་རིགས་བར་གྱི་ཚོགས་འདུ་སླར་མུ་མཐུད་དགོས་སྐོར་བརྗོད་འདུག ཡང་སྐབས་དེར་ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་འབྲེལ་མཐུད་ལས་གཞི་དང་ཚོང་འབྲེལ། ཡུལ་སྐོར་སྤྲོ་འཆམ། མ་འཛུགས་སོགས་ཀྱི་སྐོར་གོ་བསྡུར་བྱས་ཡོད་པ་དང་། རྒྱ་ནག་གཞུང་ཚབ་པས་སྐབས་དེར་བརྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ལས་གཞི་དེ་དག་ཟུང་འབྲེལ་གྱི་ཐོག་ནས་ཡར་རྒྱས་གཏང་དགོས་སྐོར་གླེང་སློང་དང་། ད་དུང་དུས་ཚོད་འོས་འཚམས་སུ་ཕྱི་སྲིད་བློན་ཆེན་རྒྱ་ནག་ནང་དུ་གདན་ཞུ་བྱ་རྒྱུ་ཡིན་ལུགས་བཤད་འདུག...

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག

༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་མཆོག་ཉེ་ལམ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟེ། ཁ་སང་བཞུགས་སྒར་དུ་ཞེར་དགུའི་མཆོད་འབུལ་སྨོན་ལམ་འཚོགས་པ་དང་འབྲེལ།  དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཞུའི་ཐོག  རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་ཐབས་སུ་ཞབས་རིམ་ཁག་གང་བསྒྲུབ་དགོས་མིན་དང་།  མ་འོངས་པ་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་བཅས་ཀྱི་སྐོར་གསོལ་འདེབས་ཞུས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ གནམ་སྒང་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་དང་།  གནས་ཚུལ་དེ་བྱུང་རྗེས་མངའ་རིས་རིན་པོ་ཆེའི་འབྲེལ་ཡོད་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་།  གླིང་མཆོག་སྤྲུལ་རིན་པོ་ཆེ།  ཀུན་བདེ་གླིང་བླ་བྲང་། སྒོ་མང་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་རྒྱལ་མཚན།  རྒྱུད་སྟོད་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་མཁས་གྲུབ། སྒོ་མང་མངའ་རིས་ཁང་ཚན།  ཟངས་དཀར་ནང་ཚོགས་དང་དགོན་ཚོགས། རང་ལྡུམ་དགོན།  ཕུག་ཐར་དགོན།  ཀླུ་འཁྱིལ་དགོན།  དཀར་ཆ་དགོན།  སྟོང་སྡེ་དགོན།  མུ་ནེ་དགོན།  ལིང་ཤེད་དགོན།  ཟངས་དཀར་རྡོ་རྗེ་རྫོང་བཙུན་དགོན་བཅས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཡང་སྲིད་མྱུར་བྱོན་གྱི་སྨོན་ཚིག་ཅིག་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན།  ཟླ་སྔོན་མའི་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་འབྲེལ་སྨོན་ཚིག་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད། སྨོན་ཚིག་དེའི་ནང་༸མགོན་པོ་མཆོག་གིས་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་༸སྐུའི་སྤྱན་ལམ་དུ་འཚར་ཤིང་།  བོད་དང་། ལྷག་པར་དུ་རྒྱ་གར་དུ་སྐྱིད་སྡུག་འདྲ་མིན་མཉམ་མྱོང་གནང་ཡོད་པ་དང་།  ༸གང་ཉིད་མཆོག་གིས་ཅི་གསུངས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན་པ་མ་ཟད།  མངའ་རིས་རིན་པོ་ཆེས་༸གོང་ས་མཆོག་ལ་སྤུན་མཆེད་ཀྱི་འདུ་ཤེས་མིན་པར་བླ་མ་རང་གི་འདུ་ཤེས་བརྟན་པ་སོགས་དམ་གཙང་ལྷད་མེད་ཀྱི་གཤིས་སྤྱོད་ལྡན་པ་ཞིག་ཡིན་པར།  བསྟན་པ་དང་འགྲོ་བའི་དོན་དུ་མངའ་རིས་རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་བའི་ཐུགས་སྨོན་བསྐྱོན་ཡོད་པ་རད། དེ་འབྲེལ་དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་ཚོགས་ཆུང་དེའི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སུ་བཀའ་འདྲི་ཞུས་ཡོད། The post...

Gao Zhisheng གྱི་འབུར་བཟོ་དབུ་འབྱེད་དང་འབྲེལ་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ།

ཨ་རིའི་ཀེ་ལི་ཧྥོར་ནི་ཡའི་མངའ་སྡེའི་སྤྱི་གླིང་ཞིག་ཏུ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་མང་གཙོ་དོན་གཉེར་བ་བརྒྱ་སྐོར་འདུ་འཛོམས་ཐོག ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་བའི འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ Gao Zhisheng ལགས་ཀྱི་འབུར་བཟོ་ཞིག་དབུ་འབྱེད་གནང་བ་དང་འབྲེལ། ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་མངའ་སྡེའི་ཀེ་ལི་ཧྥོར་ནི་ཡའི་ཡེར་མོ་ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་ Liberty Sculpture Park ཞེས་པའི་རང་དབང་བརྐོས་བརྙན་གྱི་སྤྱི་གླིང་དུ་སྐུ་ཞབས་ Gao Zhisheng ལགས་སུ་རྒྱབ་སྐྱོར་དང་ཁོང་གི་དྲན་རྟེན་མཚོན་ཆེད་ Gazing at the Stars—Gao Zhisheng འམ་སྐར་མ་ལྟ་བཞིན་པ་གའོ་ཌི་ཤེང་ཞེས་སྐུ་ཞབས་ཁོང་གི་ངོ་མདོང་མཚོན་པའི་འབུར་བཟོ་ཅིག་དབུ་འབྱེད་གནང་འདུག དབུ་འབྱེད་ཀྱི་འདུ་མཛོམས་ཐོག་སྐུ་ཞབས་ Gao Zhisheng ལགས་ཀྱི་འབུར་སྐུ་བཞེངས་མཁན་ Chen Weiming ལགས་ཀྱིས་དེ་རིང་གི་ཉིན་མོ་འདིའི་བརྒྱུད་ང་ཚོ་ཚང་མས་དཔའ་བོ་ཞིག་ལ་རྗེས་དྲན་ཞུ་ཡི་ཡོད་སྐོར་གསུངས་བ་མ་ཟད། ཁོང་གིས་བཟོ་བཀོད་དེའི་མིང་ལ་ Gazing at the Stars འམ་སྐར་མ་ལ་ལྟ་བ་ཞེས་བཞག་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ལ་མྱོང་བཞིན་པའི་སྐུ་ཞབས་ Gao ལགས་ཀྱི་གནས་སྟངས་མཚོན་གྱི་ཡོད་པ་དང་།...

འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།

དེ་རིང་ཕྱི་ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཇལ་བཅར་བ་སོགས་དད་ལྡན་ ༣༨༠ སྐོར་ལ་མཇལ་ཁ་སྩལ་ཡོད་པ་དང་། མཇལ་ཁའི་སྐབས་འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་འདུག དེ་ཡང་དེ་རིང་མཇལ་ཁའི་སྐབས་དེ་སྔོན་མི་ལོ་ ༢༠ གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Hyderabad དུ་ཕེབས་སྐབས་མཇལ་མྱོང་ཡོད་པའི་རྒྱ་གར་བུད་མེད་ཅིག་གིས་རང་ཉིད་ཀྱི་མི་ཚེའི་དགོས་དོན་ཇི་ལྟར་རྙེད་པར་བྱ་དགོས་ཞེས་བཀའ་འདྲི་ཞུས་པར། མགོན་པོ་༸གང་ཉིད་མཆོག་གིས་སོ་སོ་གཅིག་པུ་མིན་པར་འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་བཀའ་སྩལ་དང་འབྲེལ། རྒྱ་གར་ལུང་པ་རྒྱ་ཆེན་པོ་ཡོད་སྟབས། སྤྱི་པའི་ལས་དོན་ལ་བསམ་བློ་གཏང་དགོས་གལ་ཡིན་པ། དཔེར་ན་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་བཞུགས་ཡོད་ཀྱང་བོད་སྤྱི་པར་ལ་བསམ་བློ་གཏང་དུས་ཕན་ཐོགས་འདུག་ཅེས་ལམ་སྟོན་བཀའ་དྲིན་ཆེན་བ་སྩལ་འདུག ཡང་མཇལ་ཁའི་ཁྲོད་ཁག་གཅིག་གིས་ཉིན་ལྟར་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུ་བཞིན་ཡོད་པ་དང་། ཁག་གཅིག་གིས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་མཇལ་བར་མི་ཚེ་ནང་བདེ་སྐྱིད་ཡོང་གི་འདུག་ཅེས་སོགས་སྙན་སེང་ཞུས་འདུག དེ་བཞིན་མཇལ་ཞུ་བ་ཕྱི་རྒྱལ་གཞོན་སྐྱེས་གཅིག་གིས་མི་གཅིག་གིས་འཛམ་གླིང་ཞི་བདེའི་སླད་དུ་ཞབས་འདེགས་ཇི་ལྟར་གྲུབ་ཐུབ་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་མི་གཅིག་ནི་སྤྱི་ཚོགས་ནང་གི་མི་ཞིག་ཡིན་དུས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བཀའ་སྩལ་བ་མ་ཟད། ཕྱི་རྒྱལ་བ་གཞན་ཞིག་གིས་འཛམ་གླིང་འདིའི་ནང་སྐྱེ་བ་བླངས་པའི་དགོས་དོན་ག་རེ་ཡིན་པའི་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སོ་སོ་ག་ཡོད་ས་དེར་དངོས་ཡོད་གནས་ཚུལ་རན་པའི་ཐོག་ནས་མཉམ་ལས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མ་ཟད་བོད་པའི་གཞོན་སྐྱེས་བུ་མོ་ཞིག་གི་མགོན་པོ་༸གང་ཉིད་མཆོག་གིས་ད་བར་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། སྐུ་ཚེ་འདི་ལ་བོད་ནང་ཕེབས་ཐུབ་པའི་སྨོན་འདུན་ཞུས་པར་༸གོང་ས་མཆོག་གིས་ཁྱེད་ཀྱི་རེ་འདུན་དེ་ཐུགས་འཇག་མཛད་ཀྱི་ཡིན་ཞེས་བཀའ་སྩལ་འདུག དེ་བཞིན་བོད་པའི་བྱིས་པ་ཞིག་གི་མགོན་པོ་༸གང་ཉིད་མཆོག་ནི་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པར་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་འདུག The post འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ། appeared first on vot.

གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།

དཔལ་གཤེན་བསྟན་སྨན་རི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས་དང་འབྲེལ། རང་གི་ལྟ་བ་ལ་མ་ཆགས་པ་དང་གཞན་གྱི་ལྟ་བ་ལ་མི་སྡང་བའི་ཐོག་ནས་ཕན་ཚུན་བགྲོ་གླེང་རིགས་བྱས་ཚེ། ཀུན་ལ་དག་སྣང་སྦྱོང་ཐུབ་པ་ཡོང་གི་རེད་ཅེས་དྲན་སྐུལ་གནང་སོང་། དེ་ཡང་དོ་ལན་ཇིར་རྟེན་གཞིས་བྱས་པའི་དཔལ་གཤེན་བསྟན་སྨན་རི་གླིང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་དཔལ་གཤེས་བསྟན་སྨན་རི་གླིང་གི་མཐུན་འགྱུར་འོག ཁ་སང་སྟེ་ཟླ་བ་འདིའི་ཚེས ༥ ཉིན་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པ་འགོ་འཛུགས་གནང་འདུག བགྲོ་གླེང་འདི་བཞིན་ཚེས་ ༩ བར་ཉིན་གྲངས་ལྔའི་རིང་འཚོགས་བཞིན་ཡོད་ཅིང་། ད་རེས་གཞུང་ཆེན་རིས་མེད་བགྲོ་གླེང་གི་བརྗོད་གཞི་ནི་ཤེར་ཕྱིན་ཡིན་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་དགེ་ལེགས་ཉི་མ་ལགས་སོགས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ ༤༥ ནས་དགེ་འདུན་པ་དང་བཙུན་ཁྱོན་ ༨༥ མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། ད་བར་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༨ བསྐོང་ཚོགས་བརྒྱུད་ནས་ཆོས་བརྒྱུད་སོ་སོར་དག་སྣང་སྦྱོང་རྒྱུའི་ཐད་ཕན་ཐོགས་རླབས་ཆེན་བྱུང་སོང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་བ་དང་ཆབས་ཅིག གཞུང་ཆེན་ནང་གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱི་རང་ལུགས་བཞག་པ་དང་གཞན་ལུགས་དགག་པ། དེ་ལ་རྩོད་པ་སྤོང་བ་ཞེས་ལམ་ལུགས་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་སོ་སོའི་བརྒྱུད་ཀྱི་མ་རྟོག་པ་དང་ལོག་པར་རྟོག་པ། ཐེ་ཚོམ་སེལ་བའི་དོན་དུ་ཡིན་སྟབས། རྩོད་པ་དེ་གལ་ཆེན་པོ་ཡིན་ཡིན་པ་དེ་ལྟར་ཡང་ཀུན་སློང་ནི་རང་རྒྱལ་གཞན་ཕམ་མིན་པར་རང་གི་ལྟ་བ་ལ་མ་ཆགས་པ་དང་གཞན་གྱི་ལྟ་བ་ལ་མི་སྡང་བའི་ཐོག་ནས་ཕན་ཚུན་བགྲོ་གླེང་རིགས་བྱས་ཚེ། ཀུན་ལ་དག་སྣང་སྦྱོང་ཐུབ་པ་ཡོང་གི་རེད་ཅེས་དྲན་སྐུལ་གནང་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་དབང་རྣོན་རིག་པའི་རྗེས་འབྲངས་ཤིག་བྱ་དགོས་པའི་ལམ་སྟོན་ལྟར་གནང་དགོས་པ་དང་། དེ་སྔ་རང་རེ་སྤྱི་ཚོགས་ནང་ཆོས་ལུགས་ཐོག་ནས་ཆགས་སྡང་ཆེན་པོ་ཡོད་ཀྱང་། ད་ལྟའི་ཆར་མགོན་༸གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལས་བཙན་བྱོལ་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་བགྲོ་གླེང་གནང་རྒྱུའི་ཁོར་ཡུག་ཅིག་སྐྲུན་ཡོད་པ་སྐལ་བ་བཟང་པོ་ཡིན་པ་མ་ཟད། ཚང་མ་གཅིག་མཚུངས་ཤིག་ཡོང་རྒྱུ་ཁག་པོ་ཡིན་ཡང་། མཐུན་ཕྱོགས་ནས་འབད་བརྩོན་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་འདུག...

༸རྒྱལ་དབང་རིམ་བྱོན་དང་སོག་པོའི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སོག་རིགས་གཙོ་བོར་གྱུར་པའི་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་རྣམས་ལ་མཇལ་ཁ་སྩལ་སྐབས། ༸རྒྱལ་དབང་རིམ་བྱོན་དང་སོག་པོ་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་འདུག དེ་ཡང་དེ་རིང་མཇལ་ཁའི་སྐབས་སོག་པོའི་སྐྱེས་པ་ཞིག་གིས་སོག་པོ་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུའི་འཕྲོད་བཞེས་བཟང་པོ་དང་༸སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་འབྲེལ། ༸རྒྱལ་དབང་རིམ་བྱོན་དང་སོག་པོ་གཉིས་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་འདུག སྒྲ།།།། མ་ཟད་མཇལ་ཁའི་སྐབས་བོད་པའི་གཞོན་སྐྱེས་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱོགས་ཡོངས་ནས་བསམ་བློ་བཏང་ན་སེམས་མ་སྐྱིད་པ་དེ་ཉུང་དུ་འགྲོ་གི་ཡོད་པ་དང་། ཕྱོགས་གཅིག་ཁོ་ནའི་བསམ་བློ་བཏང་ནས་འགྲིག་མ་འགྲིག་གི་གནས་སྟངས་བྱུང་ན་སེམས་མ་སྐྱིད་པ་ཡོང་གི་ཡོད་སྐོར་བཀའ་སྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་བོད་རང་དབང་གི་གནད་དོན་གཅིག་པུ་མིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་པར་སོར་ཆུད་མི་ཉམས་གོང་འཕེལ་སླད་དུ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག སྒྲ།།། རྩ་བའི་དེ་རིང་མཇལ་ཁའི་ཁྲོད་སོག་པོའི་དད་ལྡན་ ༡༣༢ དང་། བོད་རིགས་སོགས་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་སོགས་ཁྱོན་མི་གྲངས་ ༤༠༠ ཙམ་ཡོད་པ་རེད་འདུག The post ༸རྒྱལ་དབང་རིམ་བྱོན་དང་སོག་པོའི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་བ། appeared first on vot.

ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པ་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྒྲགས་གཏམ་སྤེལ་དགོས་པའི་ཞུ...

ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ ཨོསྟྲེ་ལི་ཡཱ་གཞུང་ལ་དེ་འབྲེལ་བསྒྲགས་གཏམ་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡ ཉིན་ Australia Tibet Council (ATC) འམ་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་འཛིན་སྐྱོང་འགན་འཛིན་ Dr Zoe Bedford ལགས་དང་། ཚོགས་མི་བསོད་ནམས་རྒྱལ་མཚན་ལགས། དེ་བཞིན་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་བཅས་ནས་ཡུལ་དེ་གའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་མཇལ་འཕྲད་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས། ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལ་རྒྱབ་སྐྱོར་དང་། གནད་དོན་དེར་རྒྱ་ནག་གཞུང་གི་ཐེ་བྱུས་ལ་འགག་པ་ཡོད་པའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་ཨོསྟྲེ་ལི་ཡཱ་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ད་རེས་ཞུ་སྐུལ་གྱི་ནང་དོན་གཙོ་བོ་དེ་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ཨོསྟྲེ་ལི་ཡཱ་གཞུང་ནས་ལངས་ཕྱོགས་ཤུགས་ཆེ་པོའི་ཐོག་ནས་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་དང་ལྷན་དུ། ཡུལ་དེ་གའི་ཕྱི་སྲིད་བློན་ཆེན་ Penny Wong པེ་ནི་ཝོང་མཆོག་ནས་ཀྱང་དེ་འབྲེལ་གསུང་གནང་ཡོང་བའི་འབོད་སྐུལ་ཞུ་ཡོད་པ་གསུངས་སོང་། མ་ཟད་ཉེ་ཆར་མཇུག་སྒྲིལ་ཟིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པའི་ཐོག་ཨོསྟྲེ་ལི་ཡའི་སྐུ་ཚབ་ནས་༸རྒྱལ་བའི་ཡང་སྲིད་ལ་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ནན་བརྗོད་གནང་བ་དང་། ཟླ་བ་དེའི་ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་ཐུན་མོང་གིས་ད་ལྟ་བོད་ནང་གི་ཆོས་དང་རིག་གཞུང་། ཤེས་ཡོན། དེ་བཞིན་སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པར་སེམས་འཚབ་གྱི་རྣམ་པ་བསྟན་པའི་ཟུང་སྦྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཡོད་པ་འགྲེལ་བརྗོད་གནང་སོང་། མ་ཟད་དེ་འབྲེལ་གཞུང་ངོས་ནས་གྲོས་ཆོད་གཏན་འབེབས་ཡོང་བ་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གྱི་བོད་མིར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག རྩ་བའི་ཟླ་བ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༠...

ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སཱར་བཱེ་སིལ་གཱུལ་ཌི་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཡོལ་ཙམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ Frontier Diplomacy: Britain, Tibet and Sir Basil Gould འམ་ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སཱར་བཱེ་སིལ་གཱུལ་ཌི་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། དེ་ཡང་དབུ་འབྱེད་མཛད་སྒོའོ་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ Sir Basil Gould ལགས་ཀྱི་ཚ་མོ་ Frances Cutler མཆོག་དང་ཁོང་གི་སྐུ་ཟླ་ Jonathan ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་ཐོག ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། སྐུ་ཞབས་བཱེ་སིལ་གཱུལ་ཌི་ཁོང་ནི་ཡུན་རིང་བོད་དང་འབྲེལ་བ་ཡོད་པའི་ཨིན་ཇིའི་གཞུང་ཞབས་ཞིག་ཡིན་པའི་ཆ་ནས་གཞུང་དོན་གྱི་འབྲེལ་བ་དང་རིག་གཞུང་བརྗེ་རེས། ལོ་རྒྱུས་ཡིག་ཚགས་སྲུང་སྐྱོབ་བཅས་ཀྱི་གསུམ་མདོའི་འཕྲད་མཚམས་སུ་ལས་དོན་གཉེར་བར་འོས་འཚམ་གྱི་གནས་བབ་བཟུང་མཁན་ཞིག་ཆགས་ཡོད་སྟབས། འགྲེམས་སྟོན་འདིའི་ནང་འབྲས་སྤྱི་སྐུ་ཞབས་ཁོང་རང་ཉིད་ཀྱི་བརྩམས་ཆོས་དང༌། གཞུང་འབྲེལ་འཕྲིན་ཡིག དེ་བཞིན་པར་རིས་དཀོན་རིགས་བཅས་ཟུར་འདོན་བྱས་ཏེ་ཁོང་ཐོག་མར་རྒྱལ་རྩེར་ལས་དོན་བསྐོ་བཞག་བྱས་པ་ནས་འགོ་ཚུགས་ཏེ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸རྒྱལ་བའི་ཡང་སྲིད་རྩད་གཅོད་ངོས་འཛིན། དེ་བཞིན་གསེར་ཁྲིར་མངའ་གསོལ་བཅས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་བཏོན་པའི་བརྒྱུད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དུ་མ་བྱེད་བཞིན་པའི་ཁྲོད་སྐུ་ཞབས་ཁོང་གི་པར་རིས་ཕྱག་དེབ་དང་ཡིག་ཚགས་ཁག་གིས་སྐབས་དེར་བོད་གཞུང་གིས་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་ལས་དོན་ལ་ཞུགས་ཚུལ་ཀྱི་དཔང་རྟགས་དཀོན་པོ་ཞིག་སྤྲོད་ཀྱི་ཡོད་པ་གསུངས་སོང་། མ་ཟད། འགྲེམས་སྟོན་གྱི་དམིགས་བཀར་དོ་སྣང་བྱ་ས་གཙོ་བོ་ཞིག་ནི། འབྲས་སྤྱི་བཱེ་སིལ་གཱུལ་ཌི་དང་ཐད་ཀར་འབྲེལ་བ་ཡོད་པའི་དངོས་པོ་ཁག་གཅིག་ཡིན་ཞིང༌། དེའི་ནང་ནས་གལ་ཆེ་ཤོས་ནི་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་སྟག་བྲག་པཎྜི་ཏ་ཧོ་ཐོག་ཐུ་རྣམ་གཉིས་ཀྱིས་སྩལ་བའི་འཕྲིན་ཡིག་ངོ་མ་གཉིས་པོ་དེ་ཆགས་ཀྱི་ཡོད་པ་དང་ཆབས་ཅིག...

ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་༸སྐུའི་གོ་སྟོན་དང་འབྲེལ་དམིགས་བསལ་མཛད་སྒོ་འཚོགས་པ།

ASIAN BUDDHIST CONFERENCE FOR PEACE འམ་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཨེ་ཤི་ཡའི་རྒྱལ་ཁབ་འདྲ་མིན་ནས་མཁས་དབང་བླ་ཆེན་ ༢༠༠ ལྷག་ལྷན་འཛོམས་ཐོག་༸སྐུའི་གོ་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་འབྲེལ། ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོ་ཞེས་གཏན་འབེབས་དགོས་པའི་གྲོས་ཆོད་ཆེད་འདོན་གནང་འདུག དེ་ཡང་ཁ་ས་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་སའི་གནས་ཁྱད་པར་ཅན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་དམིགས་བསལ་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་ཀྱི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Vinai Kumar Saxena མཆོག་དང་། ལྷན་ཚོགས་དེའི་ཚོགས་གཙོ་སོག་པོ་དགའ་ལྡན་དགོན་པའི་མཁན་ཟུར་ Choijamts Demberel མཆོག ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག གནས་ཆུང་སྐུ་རྟེན་མཆོག དགའ་ལྡན་ཤར་རྩེ་མཁན་ཟུར་རིན་པོ་ཆེ་མཆོག བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་སོགས་ནས་མཉམ་བཞུགས་ཀྱིས་གཙོ་བོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་སྤྱི་ཚོགས་འཆམ་མཐུན། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་གྱུར་ནང་ཕན་ཚུན་འཆམ་མཐུན་ཡོང་བ་བཅས་ཀྱི་ཐད། སྐུ་ཚེ་ཧྲིལ་པོར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དང་ཞབས་འདེགས་བསྒྲུབས་པར་ཆེ་བསྟོད་དང་སྦྲགས། ༸སྐུའི་གོ་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་འདུག དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཞོན་དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ༸སྐུའི་གོ་སྟོན་སྲུང་བརྩི་གནང་རྗེས་ཚོགས་པའི་འགན་འཛིན་ལྷན་ཚོགས་འཚོགས་ཡོད་ཅིང་། སྤྱི་མོས་ཀྱི་ལམ་ནས་དོན་ཚན་བཅུ་གསུམ་ཅན་གྱི་གྲོས་ཆོད་བཞག་སྟེ། གཙོ་བོ་འབྱུང་འགྱུར་༸སྐུའི་ཡང་སྲིད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་ལམ་བཞིན་ངོས་འཛིན་གནང་རྒྱུ་མ་གཏོགས། སུས་ཀྱང་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཐེ་ཇུས་རྩ་བ་ནས་མི་ཆོག་པ་དང་།...

བོད་གཞིས་ཀ་རྩེའི་ཁུངས་གཏོགས་འཕོས་ནག་གྲོང་ཚོ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་ཟེར་བར་བདམ་འདུག

བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོ་ནང་དུ་བོད་དང་རྒྱ་གཉེན་བསྒྲིགས་བྱེད་མཁན་མང་ཤོས་ཡིན་སྟབས་ཟླ་བ་སྔོན་མའི་ཚེས་ ༡༢  ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་ཟེར་བར་བདམ་འདུག དེ་ཡང་ཉེ་བའི་རྒྱ་ནག་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོའི་ནང་མི་གྲངས་ ༢༣༤ ཡོད་ཅིང་། དེའི་ནང་དུ་རྒྱ་མི་རིགས་དང་གཉེན་བསྒྲིགས་བྱས་པའི་ཁྱིམ་ཚང་དགུ་ཡོད་པར་ཀྲུང་ཧྭའི་མི་རིགས་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག དྲིལ་བསྒྲགས་ནང་ད་དུང་ཕྱི་ལོ་ ༢༠༠༣ ལོར་སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ཞུ་ཝེན་ཅུན་རྒྱ་རིགས་དེ་བོད་ལྗོངས་ས་ཁུལ་དུ་ལས་ཀ་བྱེད་སྐབས་བོད་རིགས་བུ་མོ་དབྱངས་ཅན་དང་ངོ་ཤེས་རྗེས་གཉེན་སྒྲིག་བྱས་ཡོད་སྐོར་དང་། དེར་ས་གནས་སྲིད་གཞུང་གིས་མཐུན་རྐྱེན་བསྒྲུབས་ཡོད་པ་བཀོད་འདུག དེར་བརྟེན་རིམ་བཞིན་བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོའི་ནང་དུ་རྒྱ་རིགས་མང་དུ་ཕྱིན་ཡོད་ཅིང་། བོད་མི་དང་གཉེན་བསྒྲིགས་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༤ ཚོགས་འདུ་ཐེངས་ ༤ ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་རྗེས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་ཟེར་བ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། བརྗོད་བྱ་གཙོ་བོ་ནི་རྒྱ་རིགས་དང་བོད་རིགས་གཉིས་ཀྱི་གཉེན་སྒྲིག་བྱས་ནས་འཚོ་བ་སྐྱེལ་མཁན་གྱི་གྲོང་ཚོ་ལ་མི་རིག་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ་ཟེར་བཞིན་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཀྱི་ཡོད་འདུག རྩ་བའི་འཕོས་ནག་གྲོང་ཚོ་ནང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ལོ་རེར་མི་རིགས་མཐུན་འབྲེལ་གྱི་མཉམ་ཞིབ་ཚོགས་ཆེན་ཟེར་བ་འཚོག་རྒྱུ་ཡོད་ཅིང་། སྲིད་གཞུང་ནས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་ཇུས་ལག་བསྟར་བྱ་ཡུལ་གཙོ་བོ་ཞིག་ཡིན་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ནང་དང་ས་མཚམས་ཕྱོགས་སུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྐབས་དེའི་འགོ་གཙོ།  Chen Quanguo ཡིས་ལྷ་སར་མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་བསྐོང་ཚོགས་བྱས་ཡོད་པ་དང་། སྤྱི་ཚོགས་ཡོངས་སུ་མི་རིགས་དབར་གཉེན་སྒྲིག་ལ་སྐུལ་མ་གཏང་བ་དང་འབྲེལ། སྲིད་བྱུས་དེའི་ཐོག་ནས་ཕྲུག་གུ་སློབ་ཞུགས་ལ་ལྟ་སྐྱོང་དང་།  ལས་ཀར་ཞུགས་པ།  ཏང་ནང་ཞུགས་པ། དམག་ནང་ཞུགས་པ། ལས་གཏོད་འདེགས་སྐྱོར་སོགས་གཟིགས་སྐྱོང་ལྔ་ཟེར་བའི་བྱ་ཐབས་བཏོན་ཡོད། མ་ཟད་དེ་སྔ་ཕྱི་ལོ་ ༢༠༢༠...

དཔེ་སྟོན་སློབ་གྲྭར་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད།

དེ་རིང་རྡ་ས་དབུས་སྣེ་ལེན་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཁང་གསར་པ་ཞིག་དབུ་འབྱེད་གནང་སོང་བ་དང་འབྲེལ། ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང་། དགེ་ལས་སློབ་ཕྲུག་ཕ་མ་རྣམས་ནས་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ། བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་བདག་སྲུང་ཆེད་རང་འགན་རང་འཁུར་གྱི་ལས་དོན་རྒྱ་ཆེར་གནང་དགོས་པའི་ལམ་སྟོན་གནང་སོང་། དེ་ཡང་དེ་རིང་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གནང་ཡོད་ཅིང་། ལས་གཞི་དེ་ནི་ UTAH བོད་ཀྱི་ཐེབས་རྩས་མཐུན་འགྱུར་གནང་བ་ཞིག་ཡིན་པ་དང་། དེ་ནི་ད་ཡོད་བཙན་བྱོལ་སློབ་གྲྭ་ཁག་གི་ནང་དུ་མཐུན་རྐྱེན་འཛོམས་པའི་བོད་ཀྱི་སྐད་ཡིག་ཁང་ཐེངས་དང་པོ་དེ་ཆགས་ཀྱི་འདུག དབུ་འབྱེད་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་བླང་དོར་ལམ་སྟོན་གནང་བའི་ཁྲོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང་། བོད་ནང་རྒྱ་དམར་གུང་ཁྲན་ཏང་གི་ཁྲིམས་སྒྲིག་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད་སྟབས། སློབ་ཕྲུག་རྣམས་ནས་རང་ཉིད་གང་ནས་ཡིན་པའི་ཕ་ཡུལ་བོད་དེ་ནམ་ཡང་དྲན་པ་བརྗེད་རྒྱུ་མེད་པ་མ་ཟད། གཞིས་བཞུགས་བོད་མིའི་མངོན་འདོད་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་མ་འོངས་པར་རང་རེ་སྤྱི་ཚོགས་ནང་ཕན་པའི་ལས་དོན་གྲུབ་ཆེད་ད་ལྟ་ཉིད་ནས་སློབ་སྦྱོང་ཡག་པོ་སྦྱང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། ད་དུང་སློབ་སྦྱོང་དང་མཉམ་དུ་སྒྲིག་གཞི་ཡག་པོ་འཁུར་དགོས་པ་དང་། གཞན་ལ་མཐོང་ཆུང་དང་ང་རྒྱལ་བྱ་རྒྱུ་མེད་པ། ལྷག་པར་སློབ་སྦྱོང་སྦྱང་བའི་སྐབས་སུ་སྐྱིད་སྣང་ལྡན་པའི་ཐོག་ནས་སྦྱང་དགོས་པ། སོ་སོའི་ནུས་པ་ལས་དཔག་པའི་དམིགས་ཡུལ་བཟུང་དགོས་པ། དགེ་རྒན་ལ་གུས་བརྩི་ཞུ་དགོས་པ། མ་འོངས་པའི་འགོ་ཁྲིད་ནི་སློབ་ཕྲུག་གི་ཁྲོད་ནས་ཡོང་དགོས་ཀྱི་ཡོད་སྟབས། བཟང་སྤྱོད་དང་དྲང་བདེན་དགོས་པ་མ་ཟད། སོ་སོའི་སློབ་སྦྱོང་ཤེས་པ་དེ་དག་དྲན་པར་བྱེད་དེ་རིམ་པས་ལག་ལེན་དུ་འཁྱོལ་བར་བྱ་ནས་བོད་མི་ཚད་ལྡན་ཞིག་བྱ་དགོས་པའི་ལམ་སྟོན་གནང་སོང་། དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་ཉིན་རྒྱབ་དགེ་རྒན་ལས་བྱེད་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་བཙན་བྱོལ་ནང་གི་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་རྒན་ལས་བྱེད་ཡོངས་ལ་སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་ཐོག་ནས་དྲང་པོ་བྱ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སློབ་ཕྲུག་གི་མི་ཚེ་འདུན་ལམ་བཟོ་མཁན་ཞིག་ཡིན་སྟབས། སློབ་ཕྲུག་ལ་དབྱེ་བ་མེད་པར་དུས་དང་མཚམས་པའི་སློབ་ཁྲིད་དང་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་དགོས་པ་གསུངས་སོང་། མ་ཟད་སློབ་གྲྭའི་ལས་དོན་ནི་སློབ་སྤྱི་དང་དགེ་རྒན་ལས་བྱེད་ཕ་མ་ཚང་མས་མཉམ་རུབ་གནང་དགོས་པ་མ་ཟད། དགེ་རྒན་གྱི་ངོས་ནས་སོ་སོས་གང་ཤེས་པ་རྣམས་སློབ་ཕྲུག་གི་ཤེས་པ་བཟོ་དགོས་རྒྱུ་དང་ལྷག་པར་སློབ་སྦྱོང་སྦྱང་སྟངས་ངེས་པར་དུ་བསླབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དྲན་སྐུལ་གནང་སོང་། མ་ཟད་སློབ་ཕྲུག་གི་གདེང་ཚོད་དང་ནུས་པ་སྐྱེད་སྲིང་ཆེད་དུ་སྐབས་འགར་སློབ་ཕྲུག་ལ་བསྟུན་དགོས་པ་དང་། ཕ་མའི་ངོས་ནས་བུ་ཕྲུག་གི་ཕྱོགས་གཏོགས་བྱ་རྒྱུ་མེད་ཅིང་། བུ་ཕྲུག་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་བོད་བསྟན་སྲིད་མི་རིགས་སྤྱི་ལ་སྐུ་ལས་བསྐྱོན་པ་རྣམས་གོ་རྟོགས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་། འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་དང་འབྲེལ་ནས་ལས་གཞི་དེར་འགན་འཁུར་གཙོ་བོ་བཞེས་མཁན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་བོད་སྐད་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་ལྟའི་ཆར་བོད་ནང་གཞོན་སྐྱེས་དང་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་ཀྱི་ཁོར་ཡུག་ཇེ་ཞན་དུ་གཏོང་ཐབས་སུ་རྒྱ་གཞུང་གིས་གུ་དོག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་རང་དབང་ཆ་ཚང་ཡོད་པར་བརྟེན། བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་དང་རིག་གཞུང་སྔར་ལྷག་སྦྱོང་སྤྱོད་བྱེད་པའི་ཁོར་ཡུག་དང་མཐུན་རྐྱེན་ཇེ་བཟང་དུ་གཏོང་རྒྱུ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། དེ་སྔོན་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཆོད་ནང་། སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཆེད་འཛིན་སྐྱོང་ནས་སྐད་ཡིག་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་དགོས་རྒྱུ་ཞེས་འཁོད་པ་དང་། གཞན་ཡང་སཾ་བྷོ་ཊའི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་བདུན་པའི་གྲོས་ཆོད་ནང་དུའང་གཞི་རིམ་བར་མའི་སློབ་ཕྲུག་གི་བོད་ཡིག་གནས་ཚད་ཡར་རྒྱས་སླད་འཛིན་གྲྭའི་དཔེ་མཛོད་ཀྱི་མཐུན་རྐྱེན་དགོས་གལ་ཞེས་གསལ་ཡོད་པ། ལྷག་པར་དུས་ཡུན་རིང་པོ་ཞིག་ནས་བོད་ཡིག་དགེ་རྒན་མང་དག་ཅིག་ལ་སློབ་གྲྭ་སོ་སོར་བོད་ཀྱི་སྐད་ཡིག་ཁང་དགོས་མཁོ་ཆེ་བའི་བསམ་ཚུལ་ཤུགས་ཆེར་ཡོང་བཞིན་པའི་གནད་དོན་བཅས་ལ་གཞིགས་ཏེ།...

དགེ་འདུན་པ་དར་རྒྱས་ལགས་ཀྱིས་༸གོང་ས་མཆོག་ལ་སྐྱབས་རྟེན་སོགས་ཕུལ་བར་བརྟེན་ལོ་བདུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ནས་འཛིན་བཟུང་བཙན་འཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་སོང་བའི་དགེ་འདུན་པ་དར་རྒྱས་ལགས་དང་འབྲེལ་བའི་གནས་ཚུལ་གསར་དུ་ཐོན་པ་ལྟར་ན། རྒྱ་ནག་གི་ཁྲིམས་ཁང་ནས་ཁོང་གིས་༸གོང་ས་མཆོག་ལ་སྐྱབས་རྟེན་དང་བསྔོ་རྟེན་སོགས་ཕུལ་བ་མ་ཟད། བོད་པའི་དགེ་འདུན་པ་ཁག་གཅིག་བོད་ནས་བྲོས་བྱོལ་སླད་རོགས་བྱས་པའི་ནག་ཉེས་འོག་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག རྩ་བའི་རང་ལོ་ ༦༣ ཡིན་པའི་དར་རྒྱས་ལགས་ནི་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ཁུལ་ནས་ཡིན་པ་དང་།  ཁོང་ནི་སེ་ར་དགོན་གྱི་ཕུལ་བྱུང་དགེ་འདུན་པ་ཞིག་ཡིན་པ་མ་ཟད།  འཛིན་བཟུང་བྱེད་པའི་སྐབས་ཁོང་ལྷ་སར་གནས་སྡོད་གནང་གི་ཡོད་འདུག ཁོང་ནི་བོད་ཀྱི་གནས་ཆེན་ཁག་ལ་གནས་སྐོར་དང་། བླ་ཆེན་མང་པོའི་དྲུང་ནས་གསུང་ཆོས་ཞུས་མྱོང་བའི་དགེ་འདུན་པ་ཞིག་ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་སར་གཟུངས་བཞུགས་མཁོ་སྒྲུབ་གནང་སའི་ཚོང་ཁང་ཞིག་གི་ཚོང་བདག་ཡིན་པ་རེད། རྒྱ་ནག་གི་ཉེན་རྟོག་པས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་གྲྭ་དར་རྒྱས་ལགས་དང་ལྷན་དུ་ཕྱག་རོགས་སྤུན་མཆེད་ཚེ་རིང་ལགས་དང་བཙུན་མ་ཆོས་སྐྱིད་ལགས་གཉིས་འཛིན་བཟུང་བྱས་འདུག་པ་དང་། ཟླ་ཤས་བཀག་ཉར་རྗེས་ཕྱག་རོགས་སྤུན་མཆེད་གཉིས་གློད་བཀྲོལ་བཏང་ཡོད་ཀྱང་། གྲྭ་དར་རྒྱས་ལགས་རྒྱུ་མཚན་ཇི་ཡིན་གསལ་ཁ་མེད་པར་མུ་མཐུད་བཙོན་འཇུག་གིས་དུས་དེ་ནས་བཟུང་གཞུང་ཕྱོགས་ནས་ནང་མི་ཉེ་འབྲེལ་རྣམས་ལ་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་མིན་སོགས་ཀྱི་འགྲེལ་བཤད་གང་ཡང་བྱས་མེད་པ་མ་ཟད། ཁོང་དང་ལྷན་དུ་ཐུག་འཕྲད་ཀྱང་བྱས་བཅུག་མེད་པ་རེད། ཁ་སང་བོད་གནས་ལྷ་ཞིབ་ཁང་གིས་དེ་གའི་དྲྭ་གནས་ཐོག་གསར་དུ་གནས་ཚུལ་སྤེལ་བར་གཞིགས་ན། དགེ་འདུན་པ་དར་རྒྱས་ལགས་སུ་༸གོང་ས་མཆོག་ལ་བསྔོ་རྟེན་དང་སྐྱབས་རྟེན་ཕུལ་བ་དང་། ཁོང་གིས་བོད་ཀྱི་དགེ་འདུན་པ་ཁ་ཤས་ཤིག་བོད་ནས་ཕྱིར་ཐོན་པར་རོགས་རམ་བྱས་ཡོད་པའི་ཉེས་འཛུགས་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་དང་། བྱ་སྤྱོད་འདི་དག་ནི་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་བཞིན་ཡོད་སྐོར་བརྗོད་འདུག དེའང་རྒྱ་ནག་གི་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ལུགས་ཀྱི་དོན་ཚན་ ༧༡ པའི་ནང་དུ། མི་སུ་ཞིག་འཛིན་བཟུང་བྱེད་སྐབས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀའ་རྒྱ་ཞིག་སྟོན་དགོས་ཞེས་དང་། སྤྱི་བདེ་ལས་ཁུངས་ཀྱིས་མི་ཞིག་འཛིན་བཟུང་བྱས་རྗེས་ཆུ་ཚོད་ ༢༤ ནང་ཚུན་དུ་དོ་དག་གི་ནང་མི་དང་ཡང་ན་ཡོང་ཁུངས་སོགས་ལ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་བཀག་ཉར་བྱེད་སའི་ས་གནས་བརྡ་ཁྱབ་བྱེད་དགོས་ཞེས་གསལ་ཡོད་པ་གསལ་སྟོན་གནང་འདུག བོད་གནས་ལྟ་ཞིབ་ཁང་གིས་ད་དུང་གྲྭ་དར་རྒྱས་ལགས་ལྟ་བུ་མཚོན་ན་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་གིས་ལོ་ལྔ་སོང་བའི་རྗེས་མ་གཏོགས་ཁོང་དང་འབྲེལ་བའི་གནས་ཚུལ་ད་བར་ཤེས་རྟོགས་མེད་པ་གྱུར་ཡོད་པ་དང་།...