Voice of Tibet
དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲིམས་མཐུན་ངོ་ཚབ་ལ་ངོས་འཛིན་གནང་སྐྱོང་ཡོང་བའི་དགོས་འདུན་དང་སྦྲགས་རྒྱ་གར་རྒྱལ་ཡོངས་བོད་དོ...
བཞུགས་སྒར་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ འཚོགས་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་དང་སྦྲགས། ཉིན་གྲངས་གཉིས་རིང་འཚོགས་པའི་ཚོགས་འདུ་དེའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲིམས་མཐུན་ངོ་ཚབ་ལ་ངོས་འཛིན་གནང་སྐྱོང་ཡོང་བ་དང་། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་ཚོགས་ཆེན་མཇུག་སྒྲིལ་གནང་སོང་། དེ་ཡང་བསྒྲགས་གཏམ་དེའི་ནང་གཙོ་བོ་འཕགས་བོད་གཉིས་ཀྱི་རིག་གཞུང་དང་ཆོས་ཕྱོགས། སྤྱི་ཚོགས། དཔལ་འབྱོར་སོགས་དེ་བྱུང་གི་རང་བཞིན་ལྡན་པའི་འབྲེལ་བ་ཡོད་པ་དེ་དག་ངོས་འཛིན་པའི་ཐོག་ནས། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས། དེ་བཞིན་ཁོར་ཡུག་བཅས་པ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་འཚབ་ཡོད་པ་གསུངས་ཏེ། རྒྱ་གར་གཞུང་མང་གི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲིམས་མཐུན་ངོ་ཚབ་ལ་ངོས་འཛིན་གནང་སྐྱོང་ཡོང་ཐབས་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་མི་མང་གི་འོས་འདེམས་བྱས་པའི་བོད་པའི་འགོ་ཁྲིད་ཚོ་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་དགོས་པ། རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནང་དུ་ཆོས་ལུགས་དང་རིག་གཞུང་གི་སྲོལ་རྒྱུན་ལ་ཁས་ལེན་མི་བྱེད་པར་རང་ཉིད་ཀྱི་ཐབས་ལམ་བཙན་འགེལ་བྱེད་པའི་འབད་བརྩོན་ལ་སྐྱོན་བརྗོད་དང་སྦྲགས། ༸སྐུའི་ཡང་སྲིད་ཀྱི་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་པ། བཅའ་སྡོད་སློབ་གྲྭ་སོགས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ། རྒྱ་གར་གྲོས་ཚོགས་གཙོས་པའི་གླེང་སྟེགས་ཚང་མའི་ཐོག་བོད་ཀྱི་གནད་དོན་གང་མང་གླེང་སློང་ཡོང་ཐབས་གཙོས་ལྷག་པར་དུ་རྒྱ་གར་གཞུང་ཕྱོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་འབད་བརྩོད་གནང་རྒྱུ་སོགས་བཀོད་འདུག མ་ཟད། དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། སྤྱི་ཡོངས་ཀྱི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་བཅས་ཀྱི་ཐད་ལ་ཞབས་འདེགས་བླ་ན་མེད་པ་མཛད་ཡོད་པར་ངོས་འཛིན་གྱིས་བཀའ་དྲིན་རྗེས་དྲན་གཙོས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་མཉམ། ཉེ་ལམ་མགོན་པོ་༸གང་ཉིད་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་འབུལ་བཞེས་མཛད་པར་འཚམས་འདྲི་ཞུས་པའི་དོན་ཚན་བཅས་འཁོད་འདུག སྐབས་དེར་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས། རྒྱ་གར་གཞུང་མང་གི་ངོས་ནས་བོད་མི་དང་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ལྷག་དོན་རྒྱ་ནག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ངན་པ་དེས་རྒྱ་ནག་ཁོ་ན་ཙམ་མིན་པར་འཛམ་གླིང་ཀུན་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་སྐོར་གསུངས་སོང་། འདི་གའི་གསར་འགོད་པས་ལྡི་ལིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་སུ་ཐེངས་འདིའི་ཚོགས་འདུ་སྤྱི་ཡོངས་གཙོས་བྱེ་བྲག་ཏུ་ཚོགས་འདུའི་བསྒྲགས་གཏམ་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས་ཁོང་གིས། ཁ་ཉིན་ཕྱི་ཚེས་ ༡༡ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། དེ་རྗེས་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཡོད་པ་ལྟར། ཚོགས་བཅར་བ་རྣམས་ནས་ཐེངས་འདིའི་ཚོགས་ཆེན་ཐོག་སྔར་དང་མི་འདྲ་བ་སེམས་ཤུགས་འཕར་མ་ཞིག་གི་ཐོག་ནས་མཉམ་ཞུགས་གནང་ཡོད་པ་དང་ཆབས་ཅིག ཚོགས་ཆེན་གྱི་སྤྱི་བསྒྲགས་དེ་བཞིན་ཚོགས་བཅར་བར་སྙན་སྒྲོན་དང་སྦྲགས།...
བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་ Balendra Shah ལགས་ཀྱིས་སྣེ་འཁྲིད་པའི་ RSP ཆབ་སྲིད་ཚོགས་པར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ།
བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་དེ་སྔ་གཞས་མ་གཏམ་གྱི་གླུ་བ་དང་ད་ཆ་སྲིད་དོན་པར་གྱུར་བའི་སྐུ་ཞབས་ Balendra Shah ལགས་དང་ཁོང་གིས་སྣེ་འཁྲིད་གནང་བའི་ Rastriya Swatantra Party ཞེས་པའི་ཆབ་སྲིད་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་མང་མོས་རྒྱལ་ཁ་ཐོབ་ཡོད་པ་རེད། དེའང་བལ་ཡུལ་ནང་གི་གཞོན་སྐྱེས་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བརྒྱུད་དེ་སྔའི་སྲིད་བློན་སྐུ་ཞབས་ Oli མཆོག་ལས་གནས་ནས་ཕྱིར་འབུད་བཏང་སྟེ་དུས་ཡུན་ཟླ་བ་དྲུག་ཙམ་སོང་བའི་རྗེས་གཟའ་འཁོར་སྔོན་མར་ཡུལ་དེའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་བ་ལྟར། ཁ་སང་བལ་ཡུལ་གྱི་དབུས་འོས་བསྡུ་ལས་ཁུངས་ཀྱིས་གཞུང་འབྲེལ་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། གྲོས་ཚོགས་འོག་མའི་ནང་ཞབས་ཀྱག་ཁྱོན་ ༢༧༥ ཡོད་པའི་ནང་ནས་ལོ་བཞི་ཙམ་ལས་སོང་མེད་པའི་ RSP ཆབ་སྲིད་ཚོགས་པར་ཞབས་ཀྱག་ ༡༨༢ ཐོབ་པ་དང་། Congress ཚོགས་པར་ཞབས་ཀྱག་ ༣༨ ལས་ཐོབ་མེད་པ་མ་ཟད། ལས་ཡུན་བཞིའི་རིང་བལ་ཡུལ་གྱི་སྲིད་བློན་གནང་མཁན་སྐུ་ཞབས་ KP Sharma Oliམཆོག་གི་དམར་ཤོག་ཚོགས་པར་ཞབས་ཀྱག་ ༢༥ ལས་ཐོབ་མེད་པ་རེད། ཡོང་གྲགས་སུ་བྷ་ལེན་ཞེས་གྲགས་པའི་སྐུ་ཞབས་ Balendra Shah ལགས་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ལྟ་ཀ་ཐ་མན་ཌུའི་གྲོང་སྡེའི་སྤྱི་ཁྱབ་པ་ཡིན་པ་དང་། ཁོང་གིས་ཡུལ་དེའི་ནང་ལོ་མང་རིང་རྩོད་རྙོག་ཆེ་བའི་ཆབ་སྲིད་ཀྱི་གནས་སྟངས་དང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྲོལ་རྒྱུན་གྱི་ཆབ་སྲིད་དབང་ཤུགས་ཅན་སྐུ་ཞབས་ KP Sharma Oli...
བཞུགས་སྒར་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས།
དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཉིས་སྐུ་མགྲོན་དུ་དབུ་གཞུགས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་དེ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་གྱི་མངའ་སྡེ་ཚང་མའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ཆེད་ཕེབས་གནང་འདུག དེ་ཡང་ཁ་སང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ལོ་རྒྱུས་རང་བཞིན་གྱི་ལས་རིམ་ལེགས་གྲུབ་རྗེས། དེ་རང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་གོ་སྒྲིག་དང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་མཐུན་འགྱུར་གྲ་སྒྲིག་འོག ལོ་གསུམ་རེའི་ནང་དུ་ཐེངས་རེ་འཚོག་སྲོལ་ཡོད་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་འཚོགས་གནང་སོང་བ་དང་། སྔ་དྲོ་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ RK Khrimey ལགས་དང་ Pankaj Goyal ལགས་གཉིས་ཀྱི་གཙོས་པའི་རྒྱ་གར་མངའ་སྡེ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་གནད་ཡོད་མི་སྣ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཉིས་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ལྷན་བཞུགས་གནང་སོང་། འདི་གའི་གསར་འགོད་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དེ་རིང་གི་ཚོགས་འདུ་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་རིང་གི་ཚོགས་འདུ་འདིིའི་ཐོག་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱའི་དཀའ་རྙོག དེ་བཞིན་བོད་ཀྱི་ལོ་རྒྱུས་དང་མ་འོངས་གནས་བབ་སྐོར་གོ་རྟོགས་སྤེལ་བའི་བརྒྱུད་རྒྱ་གར་མང་ཚོགས་ཁྲོད་ལ་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་བླང་ཐབས་གནང་སྟེ་བོད་དོན་ཐོག་རྒྱ་གར་བ་ཚང་མ་ཕྱོགས་གཅིག་ལ་བཞེངས་ཐུབ་ཡག་གི་གནས་བབ་ཞིག་བསྐྲུན་རྒྱུའི་ཐོག་ལས་དོན་སྤེལ་དགོས་པའི་སྐུལ་འདེབས་གནང་ཡོད་སྐོར་དང་འབྲེལ། གཙོ་བོ་བོད་མི་ཚོའི་འགན་ཁུར་བླང་དགོས་པ་སོགས་གསུངས་སོང་། དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་གལ་གནད་སྐོར་དང་འབྲེལ་རྒྱ་གར་གཞུང་གི་ངོས་ནས་བོད་དོན་ཐོག་དགོངས་པ་ཆེ་བཞེས་གནང་རྒྱུའི་དུས་ལ་བབས་པ་ནང་བཞིན་གྱི་གོམ་པ་སྤོས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་སྐོར་གསུངས་སོང་། དེ་བཞིན་དེ་རང་སྔ་དྲོའི་མཛད་སྒོ་གྲུབ་མཚམས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal ལགས་ཀྱིས། ང་ཚོའི་ངོས་ནས་ལོ་གསུམ་རེའི་ནང་དུ་ཐེངས་རེ་ལྷན་འཛོམས་ཀྱིས་རྒྱ་གར་གཞུང་དམངས་ཁྲོད་བོད་ཀྱི་གནད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དང་བོད་དོན་རྒྱབ་སྐྱོར་ལས་དོན་གྱི་ནུས་པ་ཤུགས་ཆེ་རུ་གཏང་རྒྱུའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་སྐོར་དང་འབྲེལ། ད་རེས་ཀྱི་གོ་སྐབས་དང་བསྟུན་རྒྱ་ནག་ལ་བརྡ་ལན་ཞིག་གནང་སོང་བའི་ནང་དུ། རྒྱ་གར་དང་བོད་དབར་སྐལ་བ་སྔོན་མ་ནས་ཚོང་འབྲེལ་དང་ཆབ་སྲིད། རིག་གཞུང་དང་ཤེས་ཡོན་སོགས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། སྤུན་མཆེད་ཀྱི་འདུ་ཤེས་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་རྒྱ་ནག་གི་ཤེས་དགོས་པ་མ་ཟད། ད་ལྟའི་རྒྱ་གར་དེ་ཕྱི་ལོ་ ༡༩༦༢ ཀྱི་རྒྱ་གར་དེ་མ་ཡིན་པར་ང་ཚོའི་གང་བཤད་པ་དེ་ལག་ལེན་དུ་འཁྱེར་ཐུབ་མཁན་གྱི་དེང་དུས་ཀྱི་རྒྱ་གར་ཞིག་ཡིན་པ་དེ་ཡང་རྒྱ་ནག་གི་ཤེས་དགོས་སྐོར་དང་། བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་ངེས་ཡིན་པ་གསུངས་སོང་། དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་པའི་རྗེས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ Dr. Anand...
སྒྱུ་རྩལ་དང་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་གཏམ་བཤད་ལས་རིམ་སྐོང་འཚོགས།
ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག Understanding China’s System of Political Repression: Voices of Resistance through Art and Journalism འམ་རྒྱ་ནག་གི་ཆབ་སྲིད་དྲག་གནོན་ལམ་ལུགས་ལ་རྒྱུས་ལོན་བྱེད་པ། སྒྱུ་རྩལ་དང་གསར་འགོད་བརྒྱུད་ནས་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་ཆེད་མཁས་པའི་གཏམ་བཤད་ལས་རིམ་ཞིག་སྐོང་འཚོགས་གནང་སོང་། དེ་ཡང་གཏམ་བཤད་ཀྱི་ལས་རིམ་དེའི་ཐོག་རྒྱ་གཞུང་གིས་ལོ་ ༣ དང་ཟླ་བ་གཉིས་ལྷག་འཛིན་བཟུང་བཀག་ཉར་བྱས་པའི་ཨོ་སྟྲེ་ལི་ཡའི་མི་སེར་ཡིན་པའི་གསར་འགོད་པ་ Cheng Lei དང་། རྒྱ་ནག་གི་དྲག་གནོན་ཐེངས་མང་མྱོང་མཁན་ཨོ་གླིང་གནས་བཞུགས་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ Badiu Cao གཉིས་ཆེད་ཕེབས་གནང་ཡོད་ཅིང་། ཁོང་རྣམ་གཉིས་ནས་རྒྱ་གཞུང་གིས་ཁུལ་དེ་ཙམ་མ་ཟད་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་རྒྱ་གཞུང་ལ་སྐྱོན་བརྗོད་གནང་མཁན་གྱི་གསར་འགོད་པ་དང་སྒྱུ་རྩལ་བར་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་པ་དང་། ལྷག་པར་རྒྱ་ནག་དང་ཚོར་བ་རྣོ་བའི་བོད་དང་ཤར་ཊུར་ཀི་སི་ཐན། དེ་བཞིན་ཧོང་ཀོང་བཅས་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་ཁག་རྒྱལ་སྤྱིའི་ཁྲོད་དྲང་བདེན་དང་ལྷད་མེད་པར་བརྒྱུད་སྒྲོགས་བྱས་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག གནས་ཚུལ་དེ་ལྟར་བྱུང་བ་ནི་རྒྱའི་བཙན་གནོན་འོག་དྲག་གནོན་མྱོང་བཞིན་པ་རྣམས་ལ་གྱོང་གུན་ཆེན་པོ་ཙམ་མ་ཟད། གསར་འགོད་རང་དབང་དང་སྒྱུ་རྩལ་བའི་རང་དབང་གི་ཁོར་ཡུག་ལ་དོ་ཕོག་ཕྱིན་པ་དེས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ཐོག་དོ་ཕོག་ཆེན་པོ་རེད་ཅེས་གསུངས་སོང་། སྐབས་དེར་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་ ༣ ལྷག་བཞུགས་མྱོང་མཁན་རྒྱ་རིགས་གསར་འགོད་པ་ Cheng Lei...
རྒྱ་གར་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི།
དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་དང་བསྟུན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་དབུས་པའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཤུགས་ཆེ་བརྒྱུད་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་དང་བྱེད་མུས་རེད་འདུག དེ་ཡང་བཞུགས་སྒར་དུ་མཚོན་ན་དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་མཛད་སྒོ་གྲུབ་མཚམས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག ས་གནས་བོད་མི་གཙོས་པའི་གཞན་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞལ་རས་ལ་བོད་ཀྱི་རྒྱལ་དར་བྲིས་གནང་བ་དང་། ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ནས་ཀ་ཅ་རི་བར་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི་ཞུས་སོང་བ་དང་། གཞན་ཡང་རྒྱ་གར་རྒྱལ་ས་ལྡི་ལི་ལ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་རྒོལ་མཆོངས་ལས་འགུལ་སྤེལ་བའི་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག ཕྱོགས་མཚུངས་དེ་རིང་གི་ཉིན་མོ་དང་བསྟུན་རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་ས་ལུ་གྷ་ར་གྲོང་ཁྱེར་ནས་ཀ་རྡོར་སྒང་གསུམ་གྱི་བོད་མི་བརྒྱ་ཁྲག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གནང་བ་མ་ཟད། རྡོ་རྗེ་གླིང་ཁུལ་ནས་བོད་མི་སྐྱེས་པ་ནོར་བུ་ལགས་དང་ཁོང་གིས་བཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་གཉིས་དང་ལྷན་དུ་ཁུལ་དེའི་ས་གནས་ཡུལ་མི་གཅིག་ནས་མཉམ་ཞུགས་ཀྱིས། ཁོང་གསུམ་ནས་ས་ལུ་གྷ་ར་བར་རྒྱང་རྒྱུགས་གནང་འདུག་པ་མ་ཟད། བྱང་ཤར་ཀ་སྦུག་ནས་བོད་མི་བསྟན་འཛིན་དབང་འདུ་ལགས་ཀྱིས་ཀྱང་ས་ལུ་གྷ་ར་བར་གོམ་བགྲོད། དེ་བཞིན་བྱང་ཤར་ས་གནས་གཞོན་ནུའི་གོ་སྒྲིག་འོག་མི་རིགས་ Mirik ནས་ས་ལུ་གྷ་ར་ Salugara བར་ Freedom Ride ཞེས་རང་དབང་ཆེད་སྦག་སྦག་སྐོར་སྐྱོད་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་འདུག་ཅིང་། ལས་འགུལ་དེར་སྦག་སྦག་ཁྱོན་ ༡༡༣ ཙམ་ལྷན་ཞུགས་ཀྱིས་སྤྱི་ལེ་ ༧༥ ཙམ་སྐོར་སྐྱོད་གནང་འདུག སྤྱིར་དེ་རིང་གི་ཉིན་མོ་འདིར་རྒྱ་གར་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་དུ་གནས་སྡོད་བོད་མི་རྣམས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་བཞིན་པར་ལྟར། དེ་རིང་སྔ་དྲོ་ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པ་དང་ཨོ་སི་ཊི་ལི་ཡ་བོད་དོན་ལྷན་ཁང་གཉིས་ཀྱིས་གོ་སྒྲིག་འོག ཨོ་གླིང་གི་རྒྱལས་ས་ཁེན་བྷེ་ར་ Canberra ནང་ལས་འགུལ་གོ་སྒྲིག་གནང་འདུག་པ་དང་། དེའི་ཐོག་སྐུ་མགྲོན་དུ་གཙོ་བོ་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། གཞན་ཡང་ཡུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་ལྷན་ཞུགས་གནང་འདུག་པ་མ་ཟད། ལྷག་དོན་དུ་ལས་འགུལ་དེའི་ཐོག ཨོ་གླིང་གྲོས་ཚོགས་ནང་ནས་སྲིད་དོན་ཚོགས་པ་མི་འདྲ་བ་ཁ་ཤས་ཤིག་ནས་འཐུས་མི་ Steph...
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ།
དེ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་གཡོ་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བོད་ཀྱི་དངོས་བདེན་ར་སྤྲོད་ཀྱིས་རྒྱའི་འཁྱོག་བརྗོད་ལ་ཁ་གཏད་གཅོག་རྒྱུ། དེ་བཞིན་བོད་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་དང་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་དོན་ཚན་ ༣ ཐོག་གོ་བསྡུར་ལྷུག་པོ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འཚོགས་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུས་ ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jiri Oberfalzer ལགས་དང་ཇར་མན་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Michael Brand ལགས། གཞན་ཡང་། འཛམ་གླིང་རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་ཙམ་དང་གནད་ཡོད་མི་སྣ་སོགས་མཉམ་ཞུགས་ཀྱིས་མཇུག་སྡོམ་མཛད་སྒོ་འཚོགས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་ལ་འཕྲད་བཞིན་པའི་ཛ་དྲག་གནད་དོན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་གལ་ཆེའི་རང་བཞིན་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་རྒྱུར་དམིགས་ཏེ་བོད་པའི་བྱིས་པ་རྣམས་བཙན་དབང་ཐོག་རང་གི་ཕ་མ་དང་ཁ་བྲལ་གྱིས་གཏན་འཇགས་སློབ་གྲྭའི་ནང་དུ་གཏོང་བཞིན་ཡོད་པར་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་སོང་། བཀའ་བློན་མཆོག་གིས་ད་དུང་བོད་མཐོ་སྒང་གི་ཁོར་ཡུག་དང་འཐབ་བྱུས་ཀྱི་གལ་ཆེའི་རང་བཞིན་སྐོར་ནན་བཤད་གནང་སྟེ་དེའི་ཆུ་བོ་རྣམས་ཨེ་ཤི་ཡའི་མི་དུང་ཕྱུར་མང་པོའི་འཚོ་བར་རྒྱབ་སྐྱོར་གནང་གི་ཡོད་པས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་པ་དང་ལྷག་པར་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་མི་དང་རྒྱ་ནག་གཉིས་ཀར་ཕན་པའི་ཞི་བདེའི་ཐག་གཅོད་ཅིག་ཡོང་བར་འབད་བརྩོན་གནང་དགོས་པ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ས་གནས་གསར་པ་དང་འཛམ་གླིང་གི་གྲོས་ཚོགས་ཁག་ཏུ་གླེང་སློང་བྱེད་དགོས་པར་འབོད་སྐུལ་ཞུས་སོང་། དེ་རིང་མཇུག་སྡོམ་མཛད་སྒོའི་ཐོག་གཞན་ཡང་ཇར་མན་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Michael Brand ལགས་དང་། ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jiri Oberfalzer ལགས་རྣམ་གཉིས་ཀྱིས་དམིགས་བསལ་གསུང་བཤད་གནང་བའི་ནང་། རྒྱ་ནང་དུ་བརྟན་ལྷིང་མེད་པའི་རྟགས་མཚན་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་སྔ་ས་ནས་གདོང་ལེན་བྱེད་དགོས་པ་དང་།...
རི་འཛེགས་དང་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར་ལམ་ནས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སླེབས་ལ་ཉེ་བ་དང་བསྟུན། ཐེ་ཝན་དང་སུད་སི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དབུས་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་རེ་འཛེགས་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་འདུག དེའང་ཟླ་བ་འདིའི་ཚེས་ ༧ ཉིན། ཅེག་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ Přemysl Rabas ལགས་དང་། ཇི་རི་རུ་ཛི་ཀ་ Jiri Ruzicka ལགས་གཉིས་ཀྱིས་གཙོས་ཅེག་བོད་དོན་རྒྱབ་སྐྱོར་བ་ ༣༠ ལྷག་ནས་ Sněžka ཞེས་ཡུལ་དེའི་རི་བོ་མཐོ་ཤོས་སྟེང་འཛེགས་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད་ཅིང་། ལས་འགུལ་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ Martin Bursik མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བྷོལ་ཊོན་ Blatno གྲོང་སྡེ་སྤྱི་ཁྱབ་པ་ཨི་ཝ་ཏ་རོ་བྷ་སོ་ཊ་ཧོ་ཕོ་ཝ་ Iveta Rabasová Houfová ལགས། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཅེཀ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་བྷུར་སིག་ཇེག་ Katerina Bursik ལགས། སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་འདུག ལས་འགུལ་དེ་བཞིན་ཅེག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་...
བོད་མིའི་རང་དབང་སྒེར་ལངས་དྲན་གསོའི་རྩིག་སྡེབས་རི་མོ་ཞིག་དབུ་འབྱེད་གནང་སོང་།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་དེ་རིང་ཕྱི་ཚེས་ ༩ ཉིན་ཁ་མདོག་བོད་ཀྱི་སྒྱུ་སྩལ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་འགན་འཁུར་འོག་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་རྒྱབ་ངོས་ཀྱི་རྩེག་སྡེབས་སུ་བོད་མིའི་རང་དབང་སྒེར་ལངས་དྲན་གསོའི་རི་མོའི་སྒྱུ་སྩལ་ཞིག་དབུ་འབྱེད་གནང་སོང་བ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྡི་ལི་ས་གནས་ཀྱི་ཚོགས་གཙོ་བསོད་ནམས་ཚེ་དབང་ལགས་ཀྱིས་རི་མོ་འདི་བརྒྱུད་བོད་མི་ཚོར་གསུམ་བཅུའི་དུས་དྲན་དྲན་གསོ་ཐུབ་པ་དང་། ལྷག་པར་དུ་བོད་སྒར་བསམ་ཡས་གླིང་ཁུལ་དུ་རྒྱ་གར་བ་ཕོན་ཆེན་ཞིག་ཡོང་གི་ཡོད་པ་དེ་དག་གིས་རི་མོ་དེ་དག་བརྒྱུད་བོད་མིའི་དཀའ་སྡུག་མྱོང་ཚོར་ཐུབ་པའི་རེ་བ་གནང་གི་འདུག རྩིག་སྡེབས་ཀྱི་རི་མོ་དེ་དག་ཁ་མདོག་བོད་ཀྱི་སྒྱུ་སྩལ་བའི་ཚོགས་མི་གསུམ་གྱིས་ཁ་ཉིན་ཕྱི་ཚེས་ ༡ ནས་བྲིས་འགོ་བཙུགས་པ་ཞིག་ཡིན་པ་དང་། སྒྱུ་སྩལ་བ་བསྟན་འཛིན་འོད་ལྡན་དང་། བློ་བཟང་བཟོད་པ། བསྟན་འཛིན་ཚེ་ལྷ་བཅས་ནས་རི་མོ་དེ་དག་བརྒྱུད་བོད་མིའི་རེ་བ་གསོན་པོར་གནས་པ་ཞིག་དང་། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐོག་ནས་རང་དབང་སླར་གསོ་ཡོང་བའི་ཡིད་ཆེས་གནང་གི་འདུག། The post བོད་མིའི་རང་དབང་སྒེར་ལངས་དྲན་གསོའི་རྩིག་སྡེབས་རི་མོ་ཞིག་དབུ་འབྱེད་གནང་སོང་། appeared first on vot.
གྲྭ་དཔལ་ལྡན་ཡེ་ཤེས་ལགས་ཀྱི་ནང་མི་སྤུན་མཆེད་ཀྱང་བཀག་ཉར་གྱིས་གཅར་རྡུང་དང་འཇིགས་སྐུལ་བྱས་པ།
རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པའི་ནང་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས་སུ་རྒྱུ་མཚན་གང་ཡང་མ་བཤད་པར་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ཉེ་ཆར་གཞི་ནས་ཤེས་རྟོགས་བྱུང་བའི་ཐོག ད་ལྟ་གནས་ཚུལ་འཕར་མ་ཤེས་རྟོགས་བྱུང་བའི་ནང་དུ། སྐབས་དེར་གྲྭ་དཔལ་ལྡན་ཡེ་ཤེས་ལགས་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་གཅིག་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་གི་རིང་བཀག་ཉར་གྱིས་གཅར་རྡུང་དྲག་པོ་བཏང་བ་སོགས་ནང་མི་ལའང་སུན་གཙེར་དང་འཇིགས་སྐུལ་བྱས་ཡོད་འདུག རྩ་བའི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒན་དཔལ་ལྡན་ཡེ་ཤེས་ལགས་ནག་ཉེས་འདི་ཡིན་གསལ་བཤད་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ཁོང་གར་ཡོད་ཅི་བྱུང་སོགས་ཤེས་རྟོགས་མེད་པར་གྱུར་ཡོད་པའི་ཁར། འདི་ལོ་བཙོན་འཇུག་བྱས་ནས་ལོ་ ༤ ཙམ་ཕྱིན་པའི་རྗེས་སུ་རྒན་དཔལ་ལྡན་ཡེ་ཤེས་ལགས་བོད་ལྗོངས་ཆུ་ཤུལ་བཙོན་ཁང་དུ་ཡོད་པ་དང་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད། རྒན་ཁོང་འཛིན་བཟུང་བཙོན་འཇུག་བྱས་པའི་ནག་ཉེས་ཁ་གསལ་ད་ལྟ་བར་དུ་བྱས་མེད་པ་དེ་ལྟར་ཡང་། འབྲེལ་ཡོད་ཚོའི་ངོས་ནས་དེ་སྔ་རྒན་དཔལ་ལྡན་ཡེ་ཤེས་ལགས་དགོན་པའི་དགེ་རྒན་གནང་སྐབས་ཡུལ་མིའི་ལོ་ན་ཆུང་བའི་སློབ་ཕྲུག་ ༣༠༠ ལྷག་ལ་གུང་སེང་སྐབས་སུ་བོད་ཡིག་སློབ་ཁྲིད་གནང་བ་ཁྲིམས་འགལ་དུ་རྩིས་ཏེ་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེའི་ཁྲོད་གྲྭ་དཔལ་ལྡན་ཡེ་ཤེས་ལགས་ཀྱི་ཕ་བསོད་ནམས་ཚེ་དབང་ལགས་ཡུན་རིང་སེམས་ཁྲལ་བྱས་རྐྱེན་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༩ ཉིན་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། དེ་རིང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། དེ་སྔོན་རྒན་དཔལ་ལྡན་ཡེ་ཤེས་ལགས་དེ་སྔ་དགོན་པའི་དགེ་རྒན་གནང་བའི་སྐབས་སློབ་གྲྭའི་གུང་སེང་སྐབས་སུ་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་གནང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁོང་ལ་སུན་གཙེར་དང་མི་དགའ་བའི་རྣམ་འགྱུར་ལན་མང་བསྟན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༢༡ ལོར་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཁོང་གི་འབྲེལ་ཡོད་ཚོས་སྲིད་གཞུང་ལ་ཐེངས་བཞི་ཙམ་འབྲེལ་བ་བྱས་ནས་སྐད་ཆ་དྲིས་ཡོད་ཀྱང་གནས་ཚུལ་ཁ་གསལ་གང་ཡང་བཤད་མེད་པ་མ་ཟད། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་དང་བསུན་གཙེར་ཡང་ཡང་བཟོས་པ་དང་། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་གཅིག་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་རིང་གཅར་རྡུང་བཏང་ཞིང་འདྲི་རྩད་བྱས་ཡོད་འདུག རྒན་དཔལ་ལྡན་ཡེ་ཤེས་ལགས་ནི་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་ཕ་བསོད་ནམས་ཚེ་དབང་དང་། ཀླུ་སྦྱིན་ཚང་ཨ་མ་བསྟན་དགའ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༢ ཡིན་འདུག་ལ། ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་གསུམ་ཡོད་འདུག...
བོད་རིག་པའི་མཁས་པ་ཝི་ཇེ་ཀ་རན་ཏི་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ China’s Colonial Games in Tibet ཞེས་པའི་དཔེ་དེབ་དབུ་འབྱེད།
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༡༌༣༠ ཐོག་རྡ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་བོད་རིག་པའི་མཁས་དབང་དང་བོད་དོན་རྒྱབ་སྐྱོར་བ་གསར་འགོད་པ་གྲགས་ཅན་སྐུ་ཞབས་Vijay Kranti ལགས་ཀྱིས་རྩོམ་སྒྲིག་གནང་བའི་ China’s Colonial Games in Tibet ཞེས་པའི་དཔེ་དེབ་དེ་ཉིད་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་ཁོང་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱེད་པར་ཕན་ཐོགས་ཡོང་བའི་གཞི་འཛིན་དཔེ་དེབ་གཅིག་བརྩམས་ཡོད་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། དཔེ་དེབ་འདི་ནི་བོད་ལ་གོ་རྟོགས་སྤེལ་བའི་བརྒྱུད་རིམ་ལ་ངའི་ལེགས་སྐྱེས་ཤིག་ཡིན་པ་གསུངས་སོང་། ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་གིས་སྐུ་ཞབས་ Vijay Kranti ལགས་སུ་དཔེ་དེབ་དེ་ཉིད་ཀྱི་རྒྱབ་ལྗོོངས་དང་ནང་དོན་སོགས་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས།ཁོང་ནས་བོད་དོན་དང་འབྲེལ་བ་བཞག་ནས་ད་ལྟ་ལོ་ ༥༤ འགྲོ་གི་ཡོད་པ་དང་། གསར་འགོད་པ་ཞིག་དང་བོད་ལ་ཐུགས་སྣང་ཡོད་མཁན་གྱི་མི་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་འོག་བོད་ནང་གི་གནས་སྟངས་དངོས་དང་།ལྷག་པར་རྒྱ་ནག་གིས་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་ཇི་ལྟར་སྤེལ་བའི་སྐོར་གྱི་གནས་ཚུལ་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་དཔེ་དེབ་ཅིག་བྲི་རྒྱུའི་བསམ་བློ་རྒྱུན་དུ་ཡོད་པ་ལྟར།ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་སུ་ཁོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མཉམ་འབྲེལ་གྱིས་ཨ་རི་དང་། ཡུ་རོབ། ཨོ་སི་ཊི་ལི་ཡ། ཉི་ཧོང་། ཐེ་ཝན་སོགས་ནས་ཆེད་མཁས་པ་གསུམ་རེ་གདན་འདྲེན་ཞུས་པའི་ཐོག་རྒྱ་གཞུང་གིས་བོད་ནང་དྲག་གནོན་ཇི་ལྟར་བྱེད་བཞིན་པའི་སྐོར་དྲ་ལམ་བགྲོ་གླེང་ཐེངས་༣༠ ལྷག་གོ་སྒྲིག་གནང་ཡོད་པ་དང་།དེ་ལྟར་འཛམ་གླིང་གི་ཆེད་མཁས་པ་གྲགས་ཅན་ཚང་མའི་གསུང་བཤད་རྣམས་ཡིག་ཐོག་ཏུ་ཕབ་ཏེ་ཕྱོགས་སྒྲིག་གིས་དེབ་གཟུགས་ཀྱི་ངོ་བོ་བསྒྱུར་ཡོད་པ་གསུངས་སོང་། མ་ཟད་ཤོག་ངོས་ ༥༠༠ ཙམ་ཡོད་པའི་དཔེ་དེབ་དེའི་ནང་གཙོ་བོ་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག ཁོར་ཡུག་བཅས་པར་དྲག་གནོན་དང་། གནད་དོན་དེ་དག་རྐྱེན་པས་བོད་ནང་དུ་ཞི་རྒོལ་རིམ་པ་བྱུང་བ།ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་ལྷན་དུ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ཤེས་རིམ་པ་གནང་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་དེ་འབྲེལ་འགན་རྩ་བ་ནས་བཞེས་ཀྱི་མེད་པ།དེ་བཞིན་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཐོག་བདག་དབང་ཤུགས་ཆེ་རྩོད་བཞིན་པ་སོགས་ཁྱོན་ལེའུ་ ༡༢ ཡོད་པ་དང་།མཁས་དབང་ ༣༩ ནས་བོད་ཀྱི་དངོས་ཡོད་གནས་སྟངས་གསལ་བའི་དཔྱད་རྩོམ་ ༦༠ ཡོད་པ་གསུངས་སོང་།...
གྲྭ་དཔལ་ལྡན་ཡི་ཤེས་ལགས་ཀྱི་ནང་མི་སྤུན་མཆེད་ཆེད་ཀྱང་བཀག་ཉར་གྱིས་གཅར་རྡུང་དང་འཇིགས་སྐུལ་བྱས་པ།
རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པའི་ནང་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས་སུ་རྒྱུ་མཚན་གང་ཡང་མ་བཤད་པར་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ཉེ་ཆར་གཞི་ནས་ཤེས་རྟོགས་བྱུང་བའི་ཐོག ད་ལྟ་གནས་ཚུལ་ཕར་མ་ཤེས་རྟོགས་བྱུང་བའི་ནང་དུ། སྐབས་དེར་གྲྭ་དཔལ་ལྡན་ཡི་ཤེས་ལགས་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་ཅིག་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་གི་རིང་བཀག་ཉར་གྱིས་གཅར་རྡུང་དྲག་པོ་བཏང་བ་སོགས་ནང་མི་ལའང་སུན་གཙེར་དང་འཇིགས་སྐུལ་བྱས་ཡོད་འདུག རྩ་བའི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒན་དཔལ་ལྡན་ཡེ་ཤེས་ལགས་ནག་ཉེས་འདི་ཡིན་གསལ་བཤད་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ཁོང་གར་ཡོད་ཅི་བྱུང་སོགས་ཤེས་རྟོགས་མེད་པར་གྱུར་ཡོད་པའི་ཁར། འདི་ལོ་བཙོན་འཇུག་བྱས་ནས་ལོ་ ༤ ཙམ་ཕྱིན་པའི་རྗེས་སུ་རྒན་དཔལ་ལྡན་ཡེ་ཤེས་ལགས་བོད་ལྗོངས་ཆུ་ཤུལ་བཙོན་ཁང་དུ་ཡོད་པ་དང་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད། རྒན་ཁོང་འཛིན་བཟུང་བཙོན་འཇུག་བྱས་པའི་ནག་ཉེས་ཁ་གསལ་ད་ལྟ་བར་དུ་ བྱས་མེད་པ་དེ་ལྟར་ཡང་། འབྲེལ་ཡོད་ཚོའི་ངོས་ནས་དེ་སྔ་རྒན་དཔལ་ལྡན་ཡི་ཤེས་ལགས་དགོན་པའི་དགེ་རྒན་གནང་སྐབས་ཡུལ་མིའི་ལོ་ན་ཆུང་བའི་སློབ་ཕྲུག་ ༣༠༠ ལྷག་ལ་གུང་སེང་སྐབས་སུ་བོད་ཡིག་སློབ་ཁྲིད་གནང་བ་ཁྲིམས་འགལ་དུ་རྩིས་ཏེ་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེའི་ཁྲོད་གྲྭ་དཔལ་ལྡན་ཡི་ཤེས་ལགས་ཀྱི་ཕ་བསོད་ནམས་ཚེ་དབང་ལགས་ཡུན་རིང་སེམས་ཁྲལ་བྱས་རྐྱེན་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༩ ཉིན་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། དེ་རིང་བཞུགས་སྒར་རྡ་རམ་ས་ལར་བསྟན་གཞིས་བྱས་པའི་བོད་ཀྱི་དུས་བབས་གསར་ཁང་གི་གནས་ཚུལ་སྤེལ་བའི་ནང་དུ། དེ་སྔོན་རྒན་དཔལ་ལྡན་ཡི་ཤེས་ལགས་དེ་སྔ་དགོན་པའི་དགེ་རྒན་གནང་བའི་སྐབས་ས་སློབ་གྲྭའི་གུང་སེང་སྐབས་སུ་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་གནང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁོང་ལ་སུན་གཙེར་དང་མི་དགའ་བའི་རྣམ་འགྱུར་ལན་མང་བསྟན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༢༡ ལོར་ཁོང་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཁོང་གི་འབྲེལ་ཡོད་ཚོས་སྲིད་གཞུང་ལ་ཐེངས་བཞི་ཙམ་འབྲེལ་བ་བྱས་ནས་སྐད་ཆ་དྲིས་ཡོད་ཀྱང་གནས་ཚུལ་ཁ་གསལ་གང་ཡང་བཤད་མེད་པ་མ་ཟད། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་དང་སུན་གཙེར་ཡང་ཡང་བཟོས་བ་དང་། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་ཅིག་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་རིང་གཅར་རྡུང་བཏང་ཞིང་འདྲི་རྩད་བྱས་ཡོད་འདུག རྒན་དཔལ་ལྡན་ཡེ་ཤེས་ལགས་ནི་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་ཕ་བསོད་ནམས་ཚེ་དབང་དང་། ཀླུ་སྦྱིན་ཚང་ཨ་མ་བསྟན་དགའ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༢ ཡིན་འདུག་ལ།...
བོད་ནང་རྒྱ་ནག་གི་ཉི་གློག་ལས་གཞི་རྣམས་དམག་དོན་སྒྲིག་བཀོད་ལྟར་མངོན་རྒྱུ་ཡོད་པ་གསུངས་འདུག
བོད་ནང་རྒྱ་ནག་གིས་ Renewable Energy འམ་བསྐྱར་གསོ་ཐུབ་པའི་ནུས་ཤུགས་ལས་གཞིའི་ཁྲོད་ཉི་གློག་གི་ལས་གཞི་སྤེལ་ཕྱོགས་དེ་དག་རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཡུལ་ལས་བརྒལ་ཏེ་དངོས་གསལ་མིན་པའི་དམག་དོན་སྒྲིག་བཀོད་ལྟ་བུར་མངོན་རྒྱུ་ཡོད་པར་རྒྱ་གར་གྱི་ཐུགས་སྣང་ཆེ་ཙམ་གནང་དགོས་པ་གསུངས་འདུག དེ་ཡང་ཁ་ཉིན་ moneycontrol.com ཞེས་པའི་རྒྱ་གར་བརྒྱུད་ལམ་གྱི་དྲ་གནས་ཐོག རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Takshashila ལྟེ་གནས་ཁང་གི་ Geospatial Research Program ཞེས་ས་གཞི་ཞིབ་འཇུག་ལས་འཆར་གྱི་སློབ་དཔོན་ཆེན་མོ་དང་འགོ་འགན་འཛིན་སྐུ་ཞབས་ Nithiyanandam Yogeswaran ལགས་ཀྱིས་སྤེལ་བའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་བསྟི་གནས་ཁང་གིས་ཞིབ་འཇུག་ཁྲོད་བོད་ནང་དེང་སྐབས་རྒྱ་ནག་གིས་ཉི་འོད་གློག་འདོན་ས་ཚིགས་ཆེ་ཆུང་མི་འདྲ་བ་ ༢༠༠ ཙམ་གསར་འཛུགས་བྱས་ཡོད་པ་དང་། དེ་དག་གིས་ཁྱོན་གློག་ཤུགས་མེ་གྷ་ཝཊ་ ༩༣༠༠ ཙམ་བཟོ་བསྐྲུན་བྱེད་ཐུབ་ཀྱི་ཡོད་པའི་ཁོངས་ནས་ད་ལྟའི་ཆར་ཉི་འོད་གློག་འདོན་ས་ཚིགས་ ༧༤ ཡི་ལས་དོན་དངོས་སུ་དབུ་འཛུགས་བྱས་ཟིན་པ་དང་ ༢༠ མགྱོགས་མྱུར་འགོ་འཛུགས་ལ་རན་པ་ཡིན། ལྷག་པར་དུ་སྔ་ལོ་ ༢༠༢༥ གཅིག་པོའི་ནང་དུ་ལས་གཞི་གསར་པ་གཉིས་འགོ་འཛུགས་པ་གཅིག་པོ་ནས་གློག་ཤུགས་མེ་གྷ་ཝཊ་ ༢༦༠༠ བཟོ་བསྐྲུན་བྱེད་ཀྱི་ཡོད་པ། ལྷག་པར་དུ་ཉི་མ་ལྷ་ས་ཞེས་པའི་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པོའི་ནང་དུ་ཉི་འོད་གློག་འདོན་ལས་གཞི་ ༡༠༠ ལྷག་ཡོད་པ་དང་འབྲེལ་ནས་ལས་གཞི་དེའི་བསྟི་གནས་ལྟ་བུ་ཆགས་ཀྱི་ཡོད་པ་སོགས་མངོན་གསལ་གནང་ཡོད་པ་ལུང་འདྲེན་གནང་འདུག ཡིན་ནའང་གཟུངས་སྐར་འདྲ་པར་དང་ས་གཞི་ཞིབ་འཇུག་ལ་གཞིགས་ན། རྒྱ་ནག་གི་བོད་ནང་གི་ཉི་འོད་གློག་འདོན་གྱི་ལས་གཞི་མང་པོ་ཞིག་དམག་དོན་གནམ་གྲུ་འབབ་ཚུག་དང་ས་མཚམས་བལྟ་སྲུང་གར་སྟེགས། རླུང་འཕྲིན་རྡ་འཕྲིན་ལས་ཁུངས། རྒྱ་ལམ་དང་མེ་འཁོར་ལྕགས་ལམ་བཅས་ཀྱི་ཉེ་འགྲམ་དུ་བཙུགས་ཡོད་པ།...
བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་དབུ་འཛུགས།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་འཆར་ལ་ཉེ་བ་དང་བསྟུན། ཁ་སང་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཉིན་གྲངས་བདུན་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ལས་འགུལ་དེའི་ནང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་བོད་མི་ཕོ་མོ་ ༡༣ ཙམ་གྱིས་མཉམ་བཞུགས་གནང་བ་མ་ཟད། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ནས་ཉིན་གཅིག་རིང་ཁོང་རྣམ་པ་དང་ལྷན་དུ་མཉམ་ཞུགས་གནང་ཡོད་ཅིང་། གོམ་བགྲོད་པ་རྣམས་ཀྱིས་སྐབས་དེར་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འདྲ་མིན་བསྣམས་ཏེ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་བོད་ནང་གི་བཅའ་སྡོད་སློབ་གྲ ཁྲིམས་འགལ་ཐོག་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བཅས་པ་འཕྲལ་མར་མཚམས་འཇོག་དགོས་པའི་དགོན་འདུན་བཏོན་འདུག རྒྱལ་ས་བན་གྱི་གྲོས་ཚོགས་མདུན་ཐང་དུ་གོ་སྒྲིག་ཞུས་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Katharina Prelicz-Huber ལགས་དང་དམིགས་བསལ་སྐུ་མགྲོན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དེ་བཞིན་རི་དགོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་གཙོས་སེར་སྐྱ་མི་མང་སོགས་འདུ་འཛོམས་གནང་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་ཚོགས་ཆུང་དང་མཉམ་ཞུགས་བ་ཡོངས་ལ་དང་བླངས་ཐོག་ནས་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་དང་བསྟུན་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་ལམ་ལྷོང་ཡོང་བར་བོད་མི་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། གཙོ་བོ་ལས་འགུལ་དེ་ནི་བོད་ནང་གི་བོད་མི་རྣམས་དང་བོད་དོན་བདེན་མཐའ་གསལ་ཐབས་སུ་སྤེལ་གྱི་ཡོད་པ་ནམ་ཡང་བརྗེད་རྒྱུ་མེད་པའི་དྲན་སྐུལ་ཞུས་འདུག མཛད་སྒོ་ཐོག་ཆེད་བཅར་ཞུས་པའི་སུད་སི་གྲོས་ཚོགས་འཐུས་མི་ Katharina ལགས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་ཐོག་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཞུས་པའི་ཐོག་ཡོང་ཁྱབ་གསལ་བསྒྲགས་ཤིག་བསྐྱངས་པའི་བརྒྱུད་སུད་སི་བོད་མི་རིགས་དང་ཆོས་ལུགས་ཀྱི་རང་དབང་ཆེད་དུ་སུད་སི་རྒྱལ་ས་བེན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་ལས་འགུལ་འདི་འགོ་འཛུགས་གནང་བར་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཁོ་མོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོས་འཛིན་མཛད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁག་ལ་གུས་ཞབས་བྱེད་པ་དང་ཁོང་ཚོའི་མཐུན་སྒྲིལ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ལས་འགུལ་སྣེ་ཁྲིད་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས་ཀྱིས། ཉིན་གྲངས་བདུན་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་འཆར་ལ་ཉེ་བ་དང་བསྟུན་ནས་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཞི་བའི་གོམ་བགྲོད་འདི་ལས་འགུལ་སྤེལ་ཡོད་པ་དང་དེའི་བརྒྱུད་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དྲག་ཤུལ་ངང་ལག་བསྟར་བྱེད་པའི་བརྒྱུད་བོད་མི་རྣམས་རྒྱ་བསྒྱུར་བྱེད་བཞིན་པར་སེམས་འཚབ་ཀྱིས་སྲིད་བྱུས་དེ་ཉིད་འཕྲད་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་མ་ཚད་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་དག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་རིག སྐད་ཡིག བོད་མིའི་ངོ་བོ་བཅས་པ་རྩ་བརླག་གཏོང་བཞིན་ཡོད་པར་མངོན་གསལ་གནང་སོང་། རྩ་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣེ་ཁྲིད་གནང་བའི་ལས་འགུལ་དེ་ཁ་སང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་ཉིན་སུད་སི་ཛུ་རིག་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་རྒྱུ་རེད་འདུག The post བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་དབུ་འཛུགས། appeared first on vot.
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ Scottish སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་གསུང་བཤད་གནང་འདུག
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་ཁ་སང་ཡུ་རོབ་རྒྱལ་ཁབ་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་ཇི་ལྟར་མགྲོན་འབོད་གནང་བ་ལྟར། དོན་དམ་པའི་སྙིང་རྗེ་དང་ཞི་བདེའི་སྐོར་གསུང་བཤད་གནང་བ་དང་འབྲེལ། འཛམ་གླིང་དབུ་ཁྲིད་གཙོས་པའི་མང་ཚོགས་ཚང་མས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ལ་འབད་དགོས་གལ་གྱི་གསུང་བཤད་གནང་འདུག་པ་དང་། དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུལ་དེར་ཆིབས་བསྒྱུར་དང་འབྲེལ་གྲོས་ཚོགས་དེའི་ནང་གསུང་བཤད་སྩལ་རྗེས་ཀྱི་བོད་མི་མགྲོན་འབོད་གནང་སྟེ་གསུང་བཤད་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་གསུངས་སོང་། དེ་ཡང་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་གསུང་བཤད་ལས་རིམ་དེ་བཞིན་ Scottish གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Rose Greer ལགས་ནས། ཡུལ་དེའི་གྲོས་ཚོགས་ཀྱི་ལས་རིམ་མ་འཚོག་གོང་དུ་ Time for Reflection ཞེས་རྒྱལ་ཁབ་དང་ཆོས་ལུགས་རྒྱབ་ལྗོངས་འདྲ་མིན་གྱི་གནད་ཡོད་མི་སྣས་བཟང་སྤྱོད་དང་ཆོས་ཕྱོགས། སྤྱི་ཚོགས་ཀྱི་གནད་དོན་ཐོག་སྐར་མ་ ༤ ཡི་གཏམ་བཤད་ཀྱི་དུས་ཚོད་ཟུར་དུ་ཡོད་པ་དེའི་ཐོག་འོས་གཞིར་བཏོན་ཏེ་བགྲོན་འབོད་གནང་བ་ཞིག་རེད་འདུག གསུང་བཤད་ཀྱི་ལས་རིམ་ཐོག་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས། དམངས་གཙོའི་ཀ་བ་གྲོས་ཚོགས་འདི་ལྟ་བུའི་ནང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཅེས། ཁོང་སྐུ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སྙིང་རྗེ་ནི་གང་ཟག་སྒེར་གྱི་བདེ་སྐྱིད་སྐྲུན་ཆེད་ཙམ་མིན་པར། གོ་ལ་སྤྱི་ཡོངས་སུ་ཞི་བདེ་ལྷིང་འཇགས་ཡོང་བར་གནད་འགག་ཆེན་པོ་ཡིན་པ་སོགས་མགོན་པོ་༸གང་ཉིད་མཆོག་གི་དེ་འབྲེལ་བཀའ་སློབ་ཁག་གཅིག་ལུང་འདྲེན་གྱིས། སྙིང་རྗེའི་བསམ་བློའི་གལ་གནད་དང་ཕན་ཡོན་སྐོར་འགྲེལ་བརྗོད་དང་འབྲེལ། འཚེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། དམག་འཁྲུག་ཁྲོད་དུས་ནམ་ཡང་སུ་ལའང་རྒྱལ་ཁ་ཐོབ་ཀྱི་མེད་པ། དེ་བཞིན་ཁ་ནང་དུ་ཕྱོགས་པའི་རྣམ་དཔྱོད་ཐོག་ནས་ང་ཚོས་འདས་པའི་ཉམས་མྱོང་ལས་སློབ་སྦྱོང་ལེན་ཏེ་ལོ་རྒྱུས་ཀྱི་ནོར་འཁྲུལ་བསྐྱར་ཟློས་ལ་འཛེམས་ཐུབ་དགོས་པ་བཅས། འཛམ་གླིང་དབུ་ཁྲིད་གཙོས་པའི་ང་ཚོ་ཚང་མས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ལ་འབད་དགོས་གལ་དང་། བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་ཤེས་ཁོ་ན་ལས་ང་ཚོའི་འགྲོ་བ་མི་རིགས་ཀྱི་མ་འོངས་མདུན་ལམ་བཟང་པོ་ཞིག་བསྐྲུན་ཐུབ་ངེས་ཡིན་པ་གསུངས་འདུག རྩ་བའི་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་ Time for Reflection ཞེས་པའི་གསུང་བཤད་ཀྱི་ལས་རིམ་དེ་ཉིད་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་རེས་གཟའ་མིག་དམར་དང་ལྷག་པ་ཕུར་བུ་བཅས་སུ་འཆར་ཅན་འཚོག་གི་ཡོད་པ་གང་ལྟར་ཡང་། དེ་ནི་ཆབ་སྲིད་ཀྱི་བགྲོ་གླེང་ལྟ་བུ་ཞིག་མ་ཡིན་པར། སི་ཁོ་ཊི་ཤིའི་རྒྱལ་ཁབ་ནང་དུ་ཆོས་དང་རིག་གཞུང་སྣ་མང་ཡོད་པ་དེར་ཆེ་མཐོང་མཚོན་བྱེད་ཅིག་ཡིན་པ་རེད། ...
བཞུགས་སྒར་དུ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི།
དེ་རིང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བའི་ཕོ་བྲང་དུ་རྒྱུད་གྲྭ་སྨད་སྟོད་སོགས་་ཀྱི་བསྒྲུབ་བྱར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་སྩལ་བ་དང་། དེ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བློ་བཟང་མཁས་གྲུབ་མཆོག་གིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་གསུངས་ཆོས་བཀའ་དྲིན་སྩལ་གནང་སོང་། དེ་ཡང་ལོ་ལྟར་བོད་ཟླ་ ༡ ཚེས་པ་ ༡༥ སྟེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་མཛད་སྲོལ་ཡོད་ཀྱང་། ཐེངས་འདིར་གོང་ས་མཆོག་ནས་དེ་ལྟར་ཆོས་འབྲེལ་སྩལ་མེད་ཀྱང་། མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ཉིན་གྲངས་བཞིིའི་རིང་༸རྒྱལ་བའི་ཕོ་བྲང་དུ་བོད་མི་གཙོས་རྒྱལ་ཁབ་བརྒྱད་ལྷག་ནས་བཅར་བའི་བསྒྲུབ་བྱ་ ༢༡༩ ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ། དེ་བཞིན་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་ལྟར་དེ་རིང་ཡོངས་སུ་ལེགས་གྲུབ་བྱུང་སྟེ། འདི་ལོའི་ཆོ་འཕྲུལ་དུས་ཆེན་ཐོག དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བློ་བཟང་མཁས་གྲུབ་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་གསུངས་ཆོས་སྩལ་གནད་མཛད་སོང་། འདི་ག་རླུང་འཕྲིན་ཁང་གིས་གོ་སྐབས་འདི་དང་བསྟུན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཚེ་རིང་རྡོ་རྗེ་ལགས་སུ་ཆོ་འཕྲུལ་དུས་ཆེན་གྱི་རྒྱབ་ལྗོངས་དང་སྐྱེས་རབས་གསུངས་ཆོས་གནང་དགོས་པའི་དགོས་པ་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད། རྩ་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་དེ་སྔ་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་རྒྱ་གར་གྱི་གནས་མཆོག་མཉན་ཡོད་དུ་རྫུ་འཕྲུལ་གྱི་འགྲན་སྡུར་ཁྲོད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེག་སྟོན་པ་དྲུག་ལ་སོགས་པ་ཕམ་པར་མཛད་དེ་སྟོན་པ་འཁོར་དང་བཅས་པ་རྒྱལ་བའི་དུས་ཚིགས་དྲན་གསོའི་ཕྱིར་ཆོ་འཕྲུལ་དུས་ཆེན་ཞེས་སྲུང་བརྩི་གནང་སྲོལ་ཡོད་པ་ལྟར། རྗེ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྟེ་ལོ་ངོ་ ༦༡༧ འགྲོ་ཡི་ཡོད་པ་དང་། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཕྱི་ལོ་ ༡༩༦༡ ལོར་ཐོག་མ་གནས་མཆོག་རྡོ་རྗེ་གདན་དང་། སྦག་ས་ཆོས་སྒར་དུ་བསྐྱར་གསོ་གནང་སྟེ་ད་བར་ལོ་ངོ་ ༦༥ འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་བོད་མདོ་དབུས་ཁམས་གསུམ་དུ་འཚོག་བཞིན་ཡོད་པ་དང་། རྒྱ་གར་ནང་བཞུགས་སྒར་དྷ་རམ་ས་ལ་གཙོས་མོན་གྷོ་དང་སྦེལ་ཀོབ་ལ་སོགས་པ། དེ་བཞིན་ཁེ་ན་ཊ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལའང་སྲུང་བརྩི་ཞུ་ཡི་ཡོད་པ་རེད། The post བཞུགས་སྒར་དུ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི། appeared first on vot.
ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པ་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་འཚོགས་དང་འབྲེལ་རྒྱ་གཞུང་ལ་ཞུ་འབོད་དོན་ཚན་གསུམ་ཆེད་འདོན།
ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ Save Tibet Network འམ་ཉི་འོང་བོད་སྐྱོབ་ཚོགས་པའི་གོ་སྒྲིག་འོག་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པ་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་མ་འོངས་པའི་ལས་འཆར་སྐོར་གྲོས་བསྡུར་གནང་རྗེས། མང་མོས་ཐོག་རྒྱ་ནག་དམར་གཞུང་ལ་ཞུ་འབོད་དོན་ཚན་གསུམ་དང་། ཉི་འོང་གྲོས་ཚོགས་དང་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་ཡོད་འདུག དེ་ཡང་ཚོགས་འདུའི་ཐོག་ཉི་འོང་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཟུར་པ་ Makino Seishu ལགས་དང་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Yamada Hiroshi ལགས། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Yamatani Eriko ལགས་དང་དྲུང་ཆེ་སྐུ་ཞབས་ Yamada Hiroshi ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་ནས་མཉམ་ཞུགས་ཀྱིས། གཙོ་བོ་རྒྱ་ནག་གཞུང་གིས་བོད་དང་རྒྱལ་ཁབ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མང་མོས་ཐོག་རྒྱ་ནག་དམར་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་པའི་ནང་། བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱ་རྒྱུ་མཚམས་འཇོག་དང་བོད་མི་རྣམས་ལ་བོད་ཡིག་སྦྱོང་བའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དང་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་སྤྲོད་དགོས་པ། དེ་བཞིན་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་བདག་དབང་ཡོད་སྐོར་བརྗོད་པ་རྣམས་མཚམས་འཇོག་བྱེད་དགོས་པའི་ཐོག ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སྐུ་ཚབ་རྣམས་ནས་རྒྱ་ནག་དམར་གཞུང་གི་ངོས་འཛིན་བྱེད་པའི་བླ་མ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་མཐའ་གཅིག་ཏུ་ངོས་ལེན་མེད་ཅེས་དོན་ཚན་གསུམ་ཅན་གྱི་ཞུ་འབོད་གནང་འདུག མ་ཟད། ཚོགས་འདུའི་ཐོག་མ་འོངས་པའི་ལས་འཆར་སྐོར་གྲོས་བསྡུར་གནང་རྗེས། ཉི་འོང་གི་གྲོས་ཚོགས་དང་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་པའི་ནང་། ཉི་འོང་གཞུང་ནས། རྒྱ་ནག་གཞུང་ནས་གོང་གི་དོན་ཚན་གསུམ་པོར་ལག་བསྟར་དགོས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་དགོས་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ས་ཁུལ་གཞན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་ལྟ་ཞིབ་ཆེད་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པའི་ཚན་པ་བསྐོ་བཞག་གནང་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་པར་སྐྱོན་བརྗོད་ཀྱིས་བསྒྲགས་གཏམ་ཤུགས་ཆེ་སྤེལ་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག དེ་བཞིན་ཚོགས་འདུའི་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག...
སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་མི་འདུག
རྒྱ་གཞུང་གིས་འདས་པའི་ལོའི་ནང་བོད་ཁུལ་ཡོངས་སུ་ཆོས་ཕྱོགས་ཀྱི་གནང་སྒོ་དང་། མཆོད་འཇལ་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ལྷག་པར་འདི་ལོའི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་ཕོན་ཆེ་བཏང་ཐོག བོད་ཁུལ་གྱི་དགོན་སྡེ་སོགས་ལ་མཆོད་འཇལ་འགྲོ་སྐབས་ཞིབ་བཤེར་ནན་མོ་བྱེད་བཞིན་པའི་གནས་ཚུལ་ཐོན་བཞོན་པའི་ཁྲོད། རྒྱ་གཞུང་གིས་སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དགོན་པའི་ནང་སྤྲོ་འཆམ་དང་ལྟ་སྐོར་དུ་འགྲོ་བ་མ་གཏོགས་མཆོད་མཇལ་དང་ཕྱག་འཚལ་བ་སོགས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་གི་མེད་པའི་བཀོད་ཁྱབ་བཏང་འདུག དེ་ཡང་འདི་ག་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ལྷ་སར་གནས་མཇལ་དང་དགོན་པར་མཆོད་མཇལ། དེ་བཞིན་ཕྱག་འཚལ་བ་སོགས་ཀྱི་ཆོས་ལུགས་ཀྱི་གནང་སྒོ་མཐའ་དག་ལ་དམ་དྲག་བྱེད་བཞིན་པ་དང་། ཐ་ན་རང་གི་ནང་མི་ཞིག་འདས་གྲོངས་སུ་གྱུར་ཀྱང་བདུན་ཚིགས་དང་། འདས་མཆོད། གཤིན་ཆོས་སྐབས་སུ་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་འགྲེལ་བརྗོད་ཀྱིས་ཆོས་ལུགས་དང་འབྲེལ་བའི་རང་གི་ནང་གི་གནང་སྒོ་སོགས་ལའང་དམ་དྲག་སྔར་ལྷག་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། མ་ཟད། བོད་ནང་གི་ལས་བྱེད་ཅིག་གིས་གསུང་རྒྱུར་རྒྱ་གཞུང་གིས་སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དགོན་པའི་ནང་སྤྲོ་འཆམ་དང་ལྟ་སྐོར་དུ་འགྲོ་བ་མ་གཏོགས་མཆོད་མཇལ་དང་ཕྱག་འཚལ་བ་སོགས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་གི་མེད་པའི་བཀོད་ཁྱབ་བཏང་ཡོད་པའི་རྐྱེན་རང་གི་ནང་མི་དང་། གཉེན་ཉེ་འདས་གྲོངས་སྐབས་སུ་ཐུག་འཕྲད་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་མངོན་གསལ་གྱིས། ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་གསུངས་བྱུང་། དེ་བཞིན་ཁོང་ནས་སྲིད་གཞུང་གི་ལས་བྱེད་ནས་རྩ་དགོངས་ཞུ་འདོད་ཡོད་ནའང་རྩ་དགོངས་ཞུ་དགོས་པའི་རྒྱུ་རྐྱེན་ཆ་ཚང་གོང་རིམ་འགོ་ཁྲིད་ལ་སྙན་སེང་ཞུ་རྗེས་ཆོག་མཆན་ཐོབ་མིན་ཐེ་ཚོམ་ཡིན་པས། དེ་ཕྱིར་བོད་རིགས་ལས་བྱེད་མང་པོ་ཞིག་ཁུ་སིམ་སིམ་ངང་ས་གནས་གཞན་དུ་གནས་སྐོར་དང་མཆོད་མཇལ་དུ་འགྲོ་དགོས་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་ཉེ་བའི་ཆར་བོད་ལྗོངས་ལྷ་རི་རྫོང་། ལྷུན་འགྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། ཆབ་མདོ་རྗོང་། མགོ་ལོག རྔ་བ་ས་ཁུལ་དུ་གཞུང་འབྲེལ་ཐོག་ནས་བོད་ལོ་གསར་བ་ཚེས་སྐབས་རྒྱ་ནག་གཞུང་གི་ལས་བྱེད་བོད་པ་ཚོ་རང་གི་ནང་མི་མཉམ་དུ་དགོན་པའི་ནང་དུ་མཆོད་མཇལ་དུ་འགྲོ་མི་ཆོག་པ་དང་། གཞུང་ཞབས་ཀྱིས་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ། བླ་མ་ལ་དད་པ་བྱེད་མི་ཆོག དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་དང་། མི་རིགས་ཁ་བྲལ་གྱི་བྱེད་སྒོ་རིགས་ལ་རྒྱབ་སྐྱོར་དེ་བས་བྱེད་མི་རུང་བའི་སློབ་གསོ་བརྒྱབ་ཡོད་འདུག མ་ཟད་ཉེ་ཆར་རྒྱ་ནག་གཞུང་གིས་གུང་གསེང་སྐབས་བོད་ཀྱི་ས་ཕྱོགས་གང་སར་ན་ཆུང་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་བྱིས་པ་དགོན་པའི་ནང་དུ་འཁྲིད་པ་གཞུང་གིས་ཤེས་རྟོགས་འབྱུང་ན་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་གཏོང་བཞིན་པའི་གནས་ཚུལ་སྤེལ་ཟིན་ཡོད་པ་མ་ཟད། རྒྱ་གཞུང་གིས་དེ་སྔོན་ལོ་ན་བཅོ་བརྒྱད་ལས་ཆུང་བའི་བྱིས་པ་རྣམས་དགོན་པར་ཞུགས་རྒྱུ་དང་གྲྭ་པ་ཚོས་སྐད་ཡིག་སློབ་ཁྲིད་གནང་རྒྱུ་བཀག་འགོག་བྱེད་པའི་དེ་སྔའི་སྲིད་བྱུས་ཇེ་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། ད་ཆ་བྱིས་པ་རྣམས་དགོན་པའི་ནང་དུ་འགྲོ་རྒྱུར་དེ་ལྟ་བུའི་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་དང་ཐོན་མུས་ཡིན་པ་རེད། The post སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་མི་འདུག appeared first on vot.
བོད་ཤར་ཕྱོགས་སུ་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་མ་ལག་ཆེ་ཤོས་མཇུག་སྒྲིལ་ལ་ཉེ་བ།
བོད་ཤར་ཕྱོགས་སུ་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་གི་ལས་གཞི་ཆེ་ཤོས་མཇུག་སྒྲིལ་ལ་ཉེ་བ་དང་འདིས་རྒྱ་ནག་འཛམ་གླིང་གི་གློག་ཤུགས་རྒྱལ་ཁབ་ཨང་དང་པོ་དང་མངོན་གསལ་དོད་ཤོས་སུ་འགྱུར་བར་གོམ་པ་མདུན་སྤོས་བྱས་པ་དང་དེ་བཞིན་དུ་ཡུན་རིང་གི་ནུས་ཤུགས་གསོག་ཉར་ལས་རིགས་གང་མགྱོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡ ཉིན་ Tibetan Review ཞེས་བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གིས་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་ཆེ་ཤོས་ཀྱི་ལས་གཞི་ཞིག་འགོ་འཛུགས་ལ་ཉེ་བར་ཡོད་པ་དང་དེའི་གྷི་གྷ་ཝཊི་ ༤.༢ ཅན་གྱི་སྲོལ་རྒྱུན་ཆུ་གློག་དང་ཆུ་ཤུག་གློག་འདོན་གྱི་ནུས་པ་གཉིས་པ་ཟུང་འབྲེལ་གྱི་ལས་གཞི་ Lianghekou ཞེས་པ་དེ་མཇུག་སྒྲུལ་ལ་ཉེ་བར་ཡོད་པ་མ་ཟད། གློག་འདོན་ལས་གཞི་དེ་ནི་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་ནང་དུ་གནས་ཡོད་ཅིང་། ས་ཁུལ་འདི་སྔོན་ཆད་ལོ་རྒྱུས་ཐོག་ཁམས་ཤར་ཕྱོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཡོད་པ་བཀོད་འདུག བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གིས་ད་དུང་གཙང་པོ་གཉིས་ཀྱི་ཁ་ཞེས་པའི་ Lianghekou ཆུ་མཛོད་ཀྱི་འཛུགས་སྐྲུན་སྐབས་མི་གྲངས་ ༤༩༠༠ ལྷག་གནས་སྤོས་བྱེད་དགོས་བྱུང་ཡོད་པ་དང་མཐོ་ཚད་སྨི་ཊར་ ༢༩༥ ཡོད་པའི་ཆུ་རགས་འདི་ནི་རྒྱ་ནག་གི་ཆུ་རགས་མཐོ་ཤོས་ཡིན་ཞིང་། དེས་མེ་གྷ་ཝཊི་ ༣༠༠༠ ཡི་ཆུ་གློག་གི་ཐོན་སྐྱེད་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ལྷག་པར་དུ་ཆུ་མཛོད་འཛུགས་སྐྲུན་འོག་གི་གསོག་ཉར་ཁང་དེར་མེ་གྷ་ཝཊི་ ༣༠༠ ཅན་གྱི་ཡོ་བྱད་བཞི་འདུས་ཡོད་པ་དང་། ལས་གཞི་དེ་ལེགས་གྲུབ་བྱུང་སྐབས་དེ་ནི་འཛམ་གླིང་ནང་གི་ཆུ་གློག་གསོག་ཉར་ལས་གཞི་ཆེ་ཤོས་དེ་ཆགས་རྒྱུ་མ་ཟད། འདིའི་ནང་དུ་ཆུ་གློག་རྒྱུན་ལྡན་ཞིག་དང་ཆུ་གློག་མ་ལག་ཅིག་ཚུད་ཡོད་ཅིང་། མ་ལག་འདིས་ནུས་ཤུགས་ལྷག་མ་བཟོ་སྐབས་ཆུ་ཡར་འདྲེན་བྱེད་པ་དང་ནུས་ཤུགས་དགོས་མཁོ་བྱུང་སྐབས་ཆུ་མར་འབབ་ཏུ་བཅུག་ནས་གློག་འདོན་བྱ་རྒྱུ་རེད་འདུག འོན་ཀྱང་། ཆུ་གློག་ལས་གཞི་ཆེན་པོ་དག་གིས་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་བཟོ་བ་དང་མི་སྡེ་རྣམས་གནས་སྤོ་དགོས་པར་འགྱུར་བས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རྣམས་ཀྱིས་དེར་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། ཆུ་གློག་མ་ལག་རྣམས་ཀྱང་གནམ་གཤིས་འགྱུར་ལྡོག་ལ་ཉེན་ཁ་ཆེ་བ་ཡོད་པ་སྟེ། དཔེར་ན་སི་ཁྲོན་དུ་ཕྱི་ལོ་ ༢༠༢༢ ལོར་བྱུང་བའི་ཐན་སྐྱོན་ལྟ་བུས་གློག་ཤུགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་མངོན་གསལ་གནང་ཡོད་ཀྱང་དཀའ་ངལ་འདི་དག་ལ་མ་ལྟོས་པར་པེ་ཅིང་གིས་ཆུ་གློག་གསོག་འཇོག་ནི་ནུས་ཤུགས་འཐབ་ཇུས་ཀྱི་ཆ་ཤས་གལ་ཆེན་ཞིག་དང་། གོང་འཕེལ་ཆེ་བའི་ནུས་ཤུགས་གསོག་འཇོག་གི་འགོ་ཁྲིད་བྱེད་པའི་དམིགས་ཡུལ་གྱི་ཆ་ཤས་ཤིག་ཏུ་མཐོང་གི་ཡོད་པ་རེད་འདུག འདི་གའི་གསར་འགོད་པས། ཉག་ཆུ་ས་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་ནས།...
འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐོག་དགེ་བཤེས་ལྷ་རམས་པ་གྲྭ་སྐོར་དམ་འཇོག་གནང་མཁན་ད་བར་ལོ་ངོ་ ༤༠༠ ཡི་ནང་མང་ཤོས་ཆགས་འདུག
ཡོང་རྒྱུའི་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣ ཉིན་འདི་ལོའི་ཆོ་འཕྲུལ་དུས་ཆེན་འཁེལ་ཡོད་པ་དང་བསྟུན། བཞུགས་སྒར་གཙོས་པའི་བོད་ཕྱི་ནང་གཉིས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ཆེན་མོ་འཚོག་བཞིན་ཡོད་པ་དང་། བྱེས་ཀྱི་གདན་ས་དགའ་ལྡན་དུ་མཚོན་ན་ཟླ་འདིའི་ཕྱི་ཚེས་ ༢༣ ནས་དབུ་འཛུགས་གནང་ཟིན་པའི་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཐོག་སེ་འབྲས་དགའ་གསུམ་དང་། བཀྲ་ཤིས་ལྷུན་པོ། ར་སྟོད་བཅས་ནས་དགེ་བཤེས་ལྷ་རམས་པ་གྲྭ་སྐོར་དམ་འཇོག་གནང་མཁན་ ༢༡༥ སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགའ་ལྡན་ཁྲི་ཚབ་གནང་ཐོག་སྨོན་ལམ་སྐབས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་རྒྱུའི་སྲོལ་བཙུགས་པ་ནས་བཟུང་ད་བར་ལོ་ངོ་ ༤༠༠ ལྷག་ཙམ་གྱི་ལོ་རྒྱུས་ནང་དགེ་བཤེས་ལྷ་རམས་པ་ཐོན་མཁན་གྲངས་འབོར་མང་ཤོས་དེ་ཆགས་འདུག དེ་ཡང་ཆོ་འཕྲུལ་དུས་ཆེན་སྔ་རོལ་དུ་བོད་ཕྱི་ནང་གཉིས་སུ་གྲ་སྒྲིག་གཟབ་རྒྱས་ཐོག་འཚོགས་སྲོལ་ཡོད་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་སྤྱིར་བཏང་བོད་ལུགས་ཀྱི་ཟླ་བ་དང་པོའི་ནང་འཚོག་གི་ཡོད་པ་གང་ཞིག་ལ། ཡུལ་དང་ས་གནས་སོ་སོར་རྒྱུ་མཚན་རེ་ཞིག་རྐྱེན་པས་སྨོན་ལམ་དབུ་འཛུགས་ཀྱི་ཉིན་མོ་ཚེས་གྲངས་དང་ཉིན་བཞག་མང་ཉུང་ལ་ཁྱད་པར་ཕྲན་བུ་ཡོད་པ་རེད་འདུག བཞུགས་སྒར་དུ་མཚོན་ན། ཐེག་ཆེན་ཆོས་གླིང་གཙུག་ལགས་ཁང་དུ་ལོ་ལྟར་བོད་ཟླ་ ༡ ཚེས་པ་ ༡༡ ནས་ ༡༦ བར་ཉིན་གྲངས་ལྔའི་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོག་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་མཆོག་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་རིན་པོ་ཆེ་རྣམ་གཉིས་ནས་རེས་མོས་ཚོགས་མགོན་དུ་དབུ་བཞུགས་ཀྱིས་སེར་སྐྱ་མང་ཚོགས་འདུ་འཛོམས་ཐོག་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་དང་འཚོགས་བཞིན་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བཞུགས་སྒར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་སུ་ཐེངས་འདིའི་ཆོ་འཕྲུལ་སྨོན་ལམ་སྐོར་བཀའ་འདྲི་ཞུས་ཡོད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དགའ་ལྡན་དུ་མཚོན་ན། གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ཕྱི་ཚེས་ ༢༣...
ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག
ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Jean‑Noël Barrot མཆོག་ལ། རྒྱ་ནག་གཞུང་གིས་འཐབ་ཇུས་ལྡན་པའི་ཐོག་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་བཞིན་པར་སེམས་འཚབ་དང་འབྲེལ། ཡིག་ཐོག་ནས་བོད་ཀྱི་གནད་དོན་ཐོག་དྲི་བ་ཕུལ་བ་ལྟར་བློན་ཆེན་མཆོག་གིས་དེ་འབྲེལ་ལྗགས་ལན་གནང་བའི་ནང་། བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱིས། རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པ་དང་། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། སྐུ་ཞབས་ Charles de Courson མཆོག་གིས་སྔ་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཡིག་ཐོག་ནས་དྲི་བ་ཞིག་ཕུལ་ཡོད་པ་དེའི་ནང་། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་མཐོ་སློབ་ཁག་ཏུ་འཛུལ་ཞུགས་ཡིག་རྒྱུགས་ཀྱི་ཆ་རྐྱེན་ནང་བོད་ཡིག་ངེས་པར་དུ་མི་དགོས་པ་བཟོས་པའི་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་དེ་ཉིད་གཙོ་བོ་མངོན་གསལ་གནང་བ་དང་འབྲེལ། སྲིད་བྱུས་དེ་ནི་རྒྱ་ནག་སྲིད་གཞུང་གིས་དམིགས་སུ་བཀར་ནས་ལོ་མང་རིང་བོད་ཀྱི་སྐད་དང་ཡི་དེའི་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བྱ་འགུལ་དེའི་དཔེ་མཚོན་ཙམ་ཞིག་ཡིན་པ་གསུངས་འདུག སྐུ་ཞབས་ཁོང་གིས་ད་དུང་བོད་ནང་རྒྱ་ནག་གཞུང་གིས་བཙན་པོའི་དབང་ཤེད་ཀྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཕྲུག་བྱིས་པ་ལོ་ན་ ༤ ཡན་ཆད་ནས་བཅའ་སྡོད་སློབ་གྲྭ་ཟེར་བར་བཅུག་སྟེ་སློབ་མ་བརྒྱ་ཆ་ ༩༠ ཙམ་རང་གི་ནང་མི་ཉེ་འབྲེལ་དང་ཁ་བྲལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་གནད་དོན་དེའི་སྐོར་གྱི་སྙན་ཐོ་ལུང་འདྲེན་གྱིས། བཅའ་སྡོད་སློབ་གྲྭར་བཅུག་པའི་བོད་ཕྲུག་རྣམས་ད་ཆ་རང་གི་ཕ་མ་དང་ཐུག་འཕྲད་སྐབས་བོད་སྐད་བཤད་མི་ཐུབ་པ་བཟོས་ཡོད་པ་དང་། གལ་ཏེ་ཕ་མ་དང་ནང་མི་དེ་དག་ནས་རྒྱ་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་འཐུབ་ཇུས་ལྡན་པའི་སློབ་གྲྭ་དེ་དག་ལ་བཅུག་འདོད་མེད་ན། འབྲེལ་ཡོད་ཕྲུ་གུ་རྣམས་གཞུང་གིས་ཆེད་འཛུགས་སློབ་གྲྭ་གང་དུ་ཡང་ཤེས་ཡོན་སློབ་གཉེར་བཞེས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་བཅས་ཀྱི་སྐོར་སེམས་འཚབ་གསལ་སྟོན་གནང་འདུག ཡིག་ཐོག་དྲི་བ་དེའི་ནང་ལྷག་པར་དུ་ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས། ...
བོད་ཀྱི་སྐད་ཡིག་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་དགོས་གལ་གྱི་ཞུ་སྐུལ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་བཅར་སྲི་ཞུ་ལས་བྱེད་པ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་བ་དང་འབྲེལ། མཛད་སྒོའི་ཐོག་བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་དགོས་གལ་གྱིས་གླེང་སློང་ཤུགས་ཆེ་གནང་སོང་། དེ་ཡང་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ལས་རིམ་ཆ་ཚང་ལེགས་པར་མཇུག་སྒྲིལ་དང་བསྟུན། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཁ་སང་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས། ཀེའུ་ཚང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་མཛད་གཙོ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་བརྟན་བཞུགས་ཆེད་དུ་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བརྒྱ་ཁྲག་ཁ་ཤས་མཉམ་བཞུགས་གནང་སོང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་དེར། ད་ལྟའི་ཆར་སེམས་ཁྲལ་ཆེ་ཤོས་བྱེད་དགོས་པ་ཞིག་ནི་བོད་ནང་གི་ན་གཞོན་རྣམས་རང་གི་སྐད་ཡིག་སློབ་གཉེར་བྱེད་རྒྱུ་མེད་པ་དེ་ཡིན་པ་དང་འབྲེལ། རྒྱ་ཁབ་གཅིག་གི་རྒྱལ་ཁབ་གཞན་ལ་གཉའ་གནོན་བཤུ་གཞོག་བྱེད་སྐབས་རྒྱལ་ཁབ་གཞན་གྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱས་ཡོད་པ་དེ་ནི་གནའ་སྔ་མོ་ནས་འབྱུང་བཞིན་པའི་གནས་ཚུལ་ཞིག་ཡིན་པ་དང་སྦྲགས། གཞིས་བཞུགས་བོད་མི་རྣམས་ཀྱི་རང་རང་སོ་སོའི་ཁྱིམ་ཚང་ནང་དུ་བོད་སྐད་བཀོལ་སྤྱོད་བྱེད་རྒྱུ་ནི་གལ་ཆེ་བ་ཡིན་སྐོར་དང་། བྱེས་སུ་བཞུགས་པའི་བོད་མི་རྣམས་ཀྱིས་ཀྱང་དེ་ལྟར་རང་གི་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ་གསུངས་གནང་སོང་། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་རང་ནུས་གང་ལྕོགས་ཀྱིས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་ཡོད་པ་དང་། མ་འོངས་པའང་མུ་མཐུད་ནས་འབད་བརྩོན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་བ་མ་ཟད། བཀའ་ཤག་ངོས་ནས་ཀྱང་བོད་མི་ཚང་མ་མཉམ་རུབ་ཀྱིས་ཕྱག་ལས་མདུན་བསྐྱོད་གནང་ཕྱོགས་ཐོག་ལ་འབད་བརྩོན་མུ་མཐུད་ནས་བྱེད་རྒྱུ་དང་། སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་གནང་སོང་། དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས། དེ་སྔ་ཨ་རི་ནང་བོད་མི་ ༡༠༠༠ བཏང་བའི་རྗེས་སུ་བོད་མི་གཞོན་སྐྱེས་ཁག་གཅིག་བོད་སྐད་ཚད་ལྡན་བཤད་མི་ཐུབ་པའི་གནས་སྟངས་བྱུང་ཡོད་པ་དང་། ད་ཆ་ཆབ་སྲིད་བཙོན་ཟུར་རྣམས་རྒྱལ་ཁབ་ ༢༦ ནང་གནས་བཞུགས་གནང་གི་ཡོད་པ་དང་འབྲེལ། ཁྱིམ་ཚང་མི་རེ་ངོ་རེའི་འགན་བཞེས་ཏེ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་གང་མང་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་། གཞི་རྩའི་ཟླ་འདིའི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་། སུད་སི་ལྷ་ས་བུའི་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་མ་ཟད། ༸རྒྱལ་དབང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མངའ་གསོལ་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་མཛད་པ་དང་། བརྟན་བཞུགས་ཐོག་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠ ཙམ་ཆེད་བཅར་ཞུས་ཡོད་པ་རེད། ཁ་སང་ཕྱི་དྲོའི་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་མཛད་སྒོའི་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་དང་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གཙོས་གཞན་སྨན་པ་ཁག་གཅིག་ཙམ་མ་ཟད། སྐུ་བཅར་སྲི་ཞུ་ལས་བྱེད་པ་མང་དག་ཅིག་ལ་གཟེངས་རྟགས་འབུལ་བཞེས་གནང་བ་དང་། ཉེ་ལམ་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལྟར་མཛད་སྒོའི་ཐོག་གཞས་སྣ་འཁྲབ་སྟོན་སོགས་ཀྱི་ལས་རིམ་ཡོད་པ་ཆ་ཚང་ཕྱིར་འཐེན་གནང་ཡོད་པ་རེད། སྤྱིར་ཐེངས་འདིའི་བརྟན་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠...
ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༢༢ ནས་བཟུང་ད་བར་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དཔོན་རིགས་མཐོ་གྲས་ ༡༠༠ ལྷག་ཕྱིར་འབུད་བཏང་ཡོད་པ་མངོན་གསལ།
ཕྱི་ལོ་ ༢༠༡༢ ལོ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ལས་ཡུན་འགོ་བཙུགས་པའི་རྗེས་སུ། ལྐོག་ཟས་ལ་རྡུང་རྡེག་ལས་གཞི་ཤུགས་ཆེན་པོ་ཞིག་སྤེལ་འགོ་བཙུགས་པའི་ཁྲོད། གོང་མའི་བློན་ཆེན་ནས་རྩིས་པའི་གཤམ་འོག་གི་ལས་བྱེད་པ་གཙོས་མི་གྲངས་སྟོང་ཕྲག་མང་པོར་ལྐོག་ཟས་ཀྱི་གནད་དོན་འོག་ཞིབ་བཤེར་བྱས་ཏེ། དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་བ་དང་། བཙོན་འཇུག་ཁྲིམས་ཆད། མཐའ་ན་སྲོག་ཐོག་གི་ཉེས་ཆད་བཀལ་བའི་གནད་དོན་མང་དག་ཅིག་འབྱུང་བཞིན་པའི་ཁྲོད་འདིར། ཁ་ཉིན་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་ CSIS འམ་ Center for Strategic and International Studies ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་སྙན་མཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་ད་བར་རྒྱ་ནག་དབུས་དམག་དོན་ལྷན་ཁང་གིས་དམག་དཔོན་མཐོ་གྲས་ ༡༠༡ ལ་ལྐོག་ཟས་དང་སྒྲིག་ཁྲིམས་འགལ་འཛོལ་སོགས་ཀྱི་ཉེས་འཛུགས་འདྲ་མིན་འོག་དམག་དཔོན་ ༦༣ ཞིབ་བཤེར་བྱེད་ཀྱི་ཡོད་ཚུལ་འོག་ད་བར་གར་ཡོད་ཇི་བྱུང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། མི་གྲངས་ ༢༢ ལ་ལས་གནས་ནས་ཕྱིར་འབུད་བཏང་བ། དམག་དཔོན་ ༡༤ དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་བ། དེ་བཞིན་མི་གྲངས་ ༢ ཞིབ་བཤེར་བཙོན་འཇུག་འོག་དམར་བསད་བཏང་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་ཉིན་ཚེས་ ༢༤...
༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་སླད་དུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག
ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཐེངས་འདིའི་འོས་བསྡུའི་ནང་ཁོང་ལ་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་འགྲོ་མི་དགོས་པ་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་གི་ངོས་ནས་འདས་པའི་ལོ་ལྔའི་རིང་འབད་བརྩོན་གནང་བ་བཞིན། མ་འོངས་པར་ཡང་༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་ཀྱི་རྩ་དོན་སླད་ཕྱག་ལས་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་བཅས་ཀྱི་སླད་དུ་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༢ པའི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲ་བརྙན་ཚན་པའི་དྲྭ་གནས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་མཆོག་ལ་འོས་ཤོག་བརྒྱ་ཆ་ ༦༠ ལྷག་ཐོབ་པ་དང་འབྲེལ་ནས་དངོས་གཞིའི་འོས་བསྡུའི་ལས་རིམ་འགྲོ་མི་དགོས་པའི་ཐོག་སྔོན་འགྲོ་རང་ནས་མ་འོངས་ལོ་ལྔའི་རིང་སྲིད་སྐྱོང་གི་འགན་ཁུར་བཞེས་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཁོང་དང་ཁོང་གི་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་གང་ཐུབ་སྤྱི་ཐུབ་ཀྱི་འབད་བརྩོན་གནང་བ་བཞིན་མང་ཚོགས་ཀྱི་ངོས་ནས་ཀྱང་བཟང་ཕྱོགས་ཀྱི་རྣམ་འགྱུར་མང་པོ་གཅིག་བསྟན་ཡོད་པ་ལྟར། ཁོང་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་གི་འོས་མིར་བཞེངས་པའི་སྐབས་སུ་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་། རྩ་དོན་བརྟན་པོ་བཅས་བསྒྲགས་ཚིག་གསུམ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུའི་དམ་བཅའ་བཞེས་པ་བཞིན་འདས་པའི་ལོ་ལྔ་མིན་ཙམ་རིང་ཞབས་ཞུ་སྒྲུབ་པར་མང་ཚོགས་ཀྱི་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་གྱི་ནང་དུའང་ཁོང་ནས་སྤྱི་ཚོགས་དུམ་བུ་འགྲོ་ཡག་གི་རྒྱུ་རྩ་བ་ནས་བསྐྲུན་མེད་པ་དེ་དགའ་སྤོབས་ངང་གསུངས་ཐུབ་རྒྱུ་ཡོད་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ལྔ་མིན་ཙམ་གྱི་ལས་ཡུན་འདིའི་ནང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཨ་རིའི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བྱུང་བ་དང་། ཉེ་བའི་ཆར་ཨ་རིའི་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་ནང་དུ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ཞེས་ཚིག་བརྗོད་བཀོད་ཐུབ་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱུང་བ། དེ་བཞིན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་༸གོང་ས་མཆོག་དང་བོད་མི་མང་ཚོགས་ཀྱི་དགོངས་པ་བརྒྱུད་བསྒྲགས་གནང་ཐུབ་པ། ལྷག་པར་དུ་སྔ་ལོ་རྒྱལ་སྤྱི་ཁྱོན་ལ་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་ཁྲོད་ནས་༸གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་འོག་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་ཕྱེད་ཀ་ཙམ་རག་ཐུབ་པ་དང་། ལོ་རྗེས་མའི་སྔོན་རྩིས་ནང་དུའང་རོགས་དངུལ་ཆ་ཚང་བསྐྱར་གསོ་གནང་ཐུབ་པ། དེ་བཞིན་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་རེ་ཞིག་བསྐྱར་གསོ་ཐུབ་པ་སོགས་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག ལྷག་པར་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐབས་སུ་ཁོང་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་དང་། རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལྷན་དུ་འབྲེལ་བ་ཡག་པོ་ཡོད་པ་དང་། བོད་མི་རྣམས་ལ་ཆེ་མཐོང་ཆེན་པོ་ཐོབ་ཀྱི་ཡོད་པ་བཞིན་མ་འོངས་པར་འབྲེལ་བ་དེ་དག་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་དག་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་མ་འོངས་པར་༸གོང་ས་མཆོག་ཞལ་མ་བཞུགས་པ་སོགས་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན་ལ་མ་ལྟོས་པར་སྐབས་དེ་དུས་ཀྱི་སྲིད་སྐྱོང་རྣམས་ལ་ད་ལྟ་བཞིན་ཆེ་མཐོང་རག་ཐུབ་ཡག་དང་། དུས་དེ་འདྲའི་སྐབས་སུ་ཡིན་ནའང་༸གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ཡང་དག་པ་རྒྱུན་སྐྱོང་གནང་རྒྱུའི་ལམ་ཐོག་བསྐྱོད་རྒྱུ། ལྷག་པར་དུ་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་བོད་རྒྱའི་དཀའ་རྙོག་སེལ་དགོས་ན་ཐབས་ལམ་དེ་རྒྱ་ནག་རང་ནས་ཡོང་དགོས་པ་ལྟར། རྒྱ་ནག་གི་ཕྱི་ནང་གི་གནས་སྟངས་དང་འགྱུར་བ། གོ་སྐབས་བཅས་ལ་དོ་སྣང་གནང་རྒྱུ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས།...
བྱིས་པ་དགོན་པའི་ནང་དུ་འགྲོ་རྒྱུར་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པ་གསུངས་འདུག
དགོན་སྡེ་ཁག་ནི་ཆོས་ལུགས་སློབ་གཉེར་བྱེད་ས་ཙམ་མ་ཟད། རིག་གཞུང་བརྒྱུད་སྤེལ་དང་། སྐད་ཡིག་སྲུང་སྐྱོབ་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། འདས་པའི་མི་རབས་མང་པོའི་རིང་ལ་བོད་པའི་ཕྲུ་གུ་ཚོ་སློབ་གྲྭའི་གུང་གསེང་སྐབས་ཁྱིམ་ཚང་དང་མཉམ་དུ་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་པར་འགྲོ་སྲོལ་ཡོད་པ་མ་ཟད། ལྷག་པར་དུ་ལོ་གསར་སྐབས་སུ་དེ་ལྟར་དམིགས་བསལ་བྱེད་སྲོལ་ཡོད་ཀྱང་། རྒྱ་གཞུང་གིས་འདི་ལོའི་བོད་ཀྱི་ལོ་གསར་གོང་སྟེ་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༡ པོའི་ནང་དུ་བོད་ཁུལ་གྱི་སློབ་གྲྭའི་སློབ་ཕྲུག་རྣམས་དགུན་ཁའི་གུང་གསེང་སླད་རང་ཁྱིམ་དུ་སླེབས་པའི་ཁྲོད། ལོ་ན་ ༡༨ མ་ལོན་པའི་བྱིས་པ་རྣམས་དགོན་པའི་ནང་འཛུལ་མི་ཆོག་པའི་སྒྲིག་ཁྲིམས་ལག་བསྟར་བྱས་པ་མ་ཟད། སློབ་ཕྲུག་ཆུང་ཆུང་ཚོར་ཆོས་ལུགས་ཉམས་ལེན་མི་བྱེད་པ་དང་ཆོས་ལུགས་ཀྱི་ས་ཆར་མི་འགྲོ་བའི་སློབ་གསོ་སྤྲོད་རྒྱུ་ནི་སློབ་གྲྭ་དང་ཕ་མ་གཉིས་ཀའི་རྩ་བའི་འགན་འཁྲི་དང་ལས་འགན་ཞིག་ཡིན་པ་བཤད་འདུག དེའང་འདི་ག་རླུང་འཕྲིན་ཁང་གིས་ཟླ་བ་འདིའི་ཟླ་སྟོད་དུ་བོད་ཀྱི་ས་ཕྱོགས་གང་སར་ན་ཆུང་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་བྱིས་པ་དགོན་པའི་ནང་དུ་འཁྲིད་པ་གཞུང་གིས་ཤེས་རྟོགས་འབྱུང་ན་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་གཏོང་བཞིན་པའི་གནས་ཚུལ་སྤེལ་ཟིན་ཡོད་པ་མ་ཟད། ཉེ་ལམ་བོད་གནས་ལྟ་ཞིབ་ཁང་གི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་སྤེལ་བ་དང་འབྲེལ། དེ་ནི་རྒྱ་གཞུང་གིས་དེ་སྔོན་ལོ་ན་བཅོ་བརྒྱད་ལས་ཆུང་བའི་བྱིས་པ་རྣམས་དགོན་པར་ཞུགས་རྒྱུ་དང་གྲྭ་པ་ཚོས་སྐད་ཡིག་སློབ་ཁྲིད་གནང་རྒྱུ་བཀག་འགོག་བྱེད་པའི་དེ་སྔའི་སྲིད་བྱུས་ཇེ་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། ད་ཆ་བྱིས་པ་རྣམས་དགོན་པའི་ནང་དུ་འགྲོ་རྒྱུར་དེ་ལྟ་བུའི་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པ་གསུངས་འདུག བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། བོད་ཆབ་མདོ་སྨར་ཁམས་ཁུལ་གྱི་འོད་ཟེར་དགོན་པའི་ནང་གི་ཀ་བའི་སྟེང་བོད་རྒྱ་ཤན་སྦྱར་གྱི་གསལ་བསྒྲགས་ཤིག་སྦྱར་ཡོད་པའི་ནང་བྱིས་པ་རྣམས་དགོན་པའི་ནང་འཛུལ་མི་ཆོག་ཅེས་འཁོད་ཡོད་པ་མ་ཟད། ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་བོད་ཨ་མདོ་ཁུལ་གྱི་ས་གནས་སྲིད་གཞུང་གིས་ས་གནས་ཀྱི་ཕ་མ་རྣམས་ལ་བཀའ་རྒྱ་ཞིག་བཏང་བའི་ནང་།བྱིས་པ་རྣམས་དགོན་པའི་ནང་གཏོང་བ་དེས་བྱིས་པ་རྣམས་ཀྱི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཉེན་ཁ་བཟོ་ཡི་ཡོད་པ་དང་། ཁྲིམས་མཐུན་མེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ཀྱི་བྱིས་པ་རྣམས་ཀྱི་བསམ་བློ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཚུལ་བརྗོད་འདུག ཕྱོགས་མཚུངས་ཉིན་དེ་རང་བོད་མཚོ་སྣུབ་ཁུལ་གྱི་ཐེམ་ཆེན་ས་ཁུལ་དུ་རྒྱ་ནག་གཞུང་གིས་བཀའ་རྒྱ་ཞིག་བཏང་བའི་ནང་། བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་འབྲེལ་ཡོད་འདུ་འཛོམས་སོགས་ཀྱི་ནང་འགྲོ་འོང་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་རྒྱུ་ནི་སློབ་གྲྭ་ཁག་དང་ཕ་མ་གཉིས་ཀར་འོས་འགན་ཡོད་ཅེས་གསལ་ཡོད་པ་མ་ཟད། ཆོས་དད་ཡོད་མཁན་ཡིན་མིན་ལ་ལྟོས་མེད་ཕ་མ་ཚོས་རང་ཉིད་ཀྱི་བྱིས་པ་རྣམས་ཆོས་ཕྱོགས་དང་འབྲེལ་བའི་མཛད་སྒོ་སོགས་ལ་མཉམ་བཞུགས་བྱེད་བཅུག་རྒྱུ་མེད་པ་དང་།དབྱར་ཁའི་དགུང་གསེང་སྐབས་ལའང་དགོན་པའི་ནང་འཛིན་གྲྭ་སོགས་ནང་མཉམ་བཞུགས་བྱེད་བཅུག་རྒྱུ་མེད་པའི་བཀའ་རྒྱ་བཏང་ཡོད་འདུག གནས་ཚུལ་དེ་འབྲེལ་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་རྣམས་ཀྱིས་སེམས་འཚབ་མངོན་གསལ་གནང་བཞིན་འདུག་པ་མ་ཟད། བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་དེ་འབྲེལ་མཐོང་མ་ཐག་སེམས་སྐྱོ་བྱུང་ཞེས་བརྗོད་འདུག་པ་དང་འབྲེལ། རིམ་པའི་བོད་ཀྱི་རྩ་ཆེ་བའི་ནང་པའི་ཆོས་དང་རིག་གཞུང་སོགས་བརླག་འགྲོ་ཡི་རེད་ཅེས་བྲིས་འདུག་པ་དང་། ཁག་གཅིག་གིས་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཇུས་ཤིག་རེད་ཅེས། ཡང་ཁག་གཅིག་གིས་སྲིད་གཞུང་གིས་མི་སེར་ཚང་མར་ཆོས་དད་རང་དབང་སྤྲོད་ཀྱི་ཡོད་པར་བརྗོད་ཀྱི་ཡོད་ཀྱང་དགོན་པའི་ནང་བྱིས་པ་ཚོའི་འགྲོ་འོང་ལ་དམ་དྲག་བཀག་སྡོམ་བྱེད་དགོས་དོན་གང་ཡིན་ནམ་ཞེས་བརྗོད་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་བྱིས་པ་རྣམས་དགོན་པའི་ནང་འགྲོ་མི་ཆོག་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གང་གི་ནང་ལའང་གསལ་མེད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་འདོད་པ་གཞིར་བཟུང་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཅིག་ཡིིན་པ་འགྲེལ་བརྗོད་གནང་སོང་། བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། དགོན་སྡེ་ཁག་ཏུ་བྱིས་པ་ཞུགས་མི་ཆོག་པའི་བཀག་སྡོམ་འདི་ནི་རྒྱ་ཆེ་བའི་ཆབ་སྲིད་དང་ཤེས་ཡོན་གྱི་ལས་འགུལ་ཞིག་གི་ཆ་ཤས་ཡིན་སྐོར་གསུང་བ་དང་འབྲེལ། ཐེམ་ཆེན་རྫོང་གི་ཤེས་ཡོན་ལས་ཁུངས་ཀྱིས་སྤེལ་བའི་བཀའ་རྒྱའི་ནང་།...
སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་དོན་བདེན་མཐའ་སེལ་ཐབས་བཅས་ཀྱི་སླད་དུ་མུ་མཐུད་འབད་བཙོན་གནང་རྒ...
ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཐེངས་འདིའི་འོས་བསྡུའི་ནང་ཁོང་ལ་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་འགྲོ་མི་དགོས་པ་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་གི་ངོས་ནས་འདས་པའི་ལོ་ལྔའི་རིང་འབད་བཙོན་གནང་བ་བཞིན། མ་འོངས་པར་ཡང་༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་ཀྱི་རྩ་དོན་སླད་ཕྱག་ལས་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོངས་ཐབས་བཅས་ཀྱི་སླད་དུ་འབད་བཙོན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༢ པའི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲ་བརྙན་ཚན་པའི་དྲ་གནས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་མཆོག་ལ་འོས་ཤོག་བརྒྱ་ཆ་ ༦༠ ལྷག་ཐོབ་པ་དང་འབྲེལ་ནས་དངོས་གཞིའི་འོས་བསྡུའི་ལས་རིམ་འགྲོ་མི་དགོས་པའི་ཐོག་སྔོན་འགྲོ་རང་ནས་མ་འོངས་ལོ་ལྔའི་རིང་སྲིད་སྐྱོང་གི་འགན་ཁུར་བླང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཁོང་དང་ཁོང་གི་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་གང་ཐུབ་སྤྱི་ཐུབ་ཀྱི་འབད་གཙོན་གནང་བ་བཞིན་མང་ཚོགས་ཀྱི་ངོས་ནས་ཀྱང་བཟང་ཕྱོགས་ཀྱི་རྣམ་འགྱུར་མང་པོ་གཅིག་བསྟན་ཡོད་པ་ལྟར། ཁོང་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་གི་འོས་མིར་བཞེངས་པའི་སྐབས་སུ་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་དཔུང་། རྩ་དོན་བརྟན་པོ་བཅས་བསྒྲགས་ཚིག་གསུམ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུའི་དམ་བཅའ་བཞེས་པ་བཞིན་འདས་པའི་ལོ་ལྔ་མིན་ཙམ་རིང་ཞབས་ཞུ་སྒྲུབ་པར་མང་ཚོགས་ཀྱི་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་གྱི་ནང་དུའང་ཁོང་ནས་སྤྱི་ཚོགས་དུམ་བུ་འགྲོ་ཡག་གི་རྒྱུ་རྩ་བ་ནས་བསྐྲུན་མེད་པ་དེ་དགའ་སྤོབས་ངང་གསུངས་ཐུབ་རྒྱུ་ཡོད་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ལྔ་མིན་ཙམ་གྱི་ལས་ཡུན་འདིའི་ནང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཨ་རིའི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བྱུང་བ་དང་། ཉེ་བའི་ཆར་ཨ་རིའི་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་ནང་དུ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ཞེས་ཚིག་བརྗོད་བཀོད་ཐུབ་པ། ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་བསྐོ་བཞག་བྱུང་བ། དེ་བཞིན་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱིའི་སྡིང་ཆའི་ཐོག་༸གོང་ས་མཆོག་དང་བོད་མི་མང་ཚོགས་ཀྱི་དགོངས་པ་བརྒྱུད་བསྒྲགས་གནང་ཐུབ་པ། ལྷག་པར་དུ་སྔ་ལོ་རྒྱལ་སྤྱི་ཁྱོན་ལ་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་ཁྲོད་ནས་༸གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་འོག་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་ཕྱེད་ཀ་ཙམ་རག་ཐུབ་པ་དང་། ལོ་རྗེས་མའི་སྔོན་རྩིས་ནང་དུའང་རོགས་དངུལ་ཆ་ཚང་བསྐྱར་གསོ་གནང་ཐུབ་པ། དེ་བཞིན་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་རེ་ཞིག་བསྐྱར་གསོ་ཐུབ་པ་སོགས་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག ལྷག་པར་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐབས་སུ་ཁོང་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་དང་། རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལྷན་དུ་འབྲེལ་བ་ཡག་པོ་ཡོད་པ་དང་། བོད་མི་རྣམས་ལ་ཆེད་མཐོང་ཆེན་པོ་ཐོབ་ཀྱི་ཡོད་པ་བཞིན་མ་འོངས་པར་འབྲེལ་བ་དེ་དག་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་དག་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་མ་འོངས་པར་༸གོང་ས་མཆོག་ཞལ་མ་བཞུགས་པ་སོགས་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན་ལ་མ་ལྟོས་པར་སྐབས་དེ་དུས་ཀྱི་སྲིད་སྐྱོང་རྣམས་ལ་ད་ལྟ་བཞིན་ཆེད་མཐོང་རག་ཐུབ་ཡག་དང་། དུས་དེ་འདྲའི་སྐབས་སུ་ཡིན་ནའང་༸གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ཡང་དག་པ་རྒྱུན་སྐྱོང་གནང་རྒྱུའི་ལམ་ཐོག་བསྐྱོད་རྒྱུ། ལྷག་པར་དུ་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་བོད་རྒྱའི་དཀའ་རྙོག་སེལ་དགོས་ན་ཐབས་ལམ་དེ་རྒྱ་ནག་རང་ནས་ཡོང་དགོས་པ་ལྟར། རྒྱ་ནག་གི་ཕྱི་ནང་གི་གནས་སྟངས་དང་འགྱུར་བ། གོ་སྐབས་བཅས་ལ་དོ་སྣང་གནང་རྒྱུ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོངས་ཐབས།...
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་གནང་བ།
སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ དབུ་འཛུགས་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲོག་འོག་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་རྣམས་ནས་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ཁ་ཉིན་ཚེས་ ༢༣ ནས་ཟླ་བ་རྗེས་མའི་ཚེས་ ༣༡ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ འཚོགས་བཞིན་པ་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཁུལ་དེར་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པའི་ནང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་གཙོས་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རྒྱུན་ལས་དང་། གྲངས་ཉུང་མི་རིགས་ཁག་གི་སྐུ་ཚབ། གཞན་ཡང་རྒྱ་རིགས་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་པ་དང་བོད་རིགས་སོགས་བསྡོམས་པའི་མི་གྲངས་བརྒྱད་ཅུ་ལྷག་འདུ་འཛོམས་གནང་ཐོག་གསར་འགོད་བསྒྲགས་གཏམ་དང་ཞུ་ཡིག་ཞིག་ཕུལ་བའི་བརྒྱུད་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་གཞུང་གིས་འཛིན་བཟུང་དོ་དམ་འོག་ཡོད་པའི་དགེ་བཤེས་བློ་བཟང་ལུང་རིག་ལགས་དང་མཆོག་སྤྲུལ་རྡོ་རྗེ་བསྟན། དེ་བཞིན་བོད་མི་བཙོན་པ་གཞན་དག་གི་གནས་ཡུལ། འཕྲོད་བསྟེན། ཁྲིམས་ལུགས་ཀྱི་གནས་སྟངས་བཅས་ཀྱི་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་དེ་བཞིན་དུ་ཞི་བའི་ཆོས་ལུགས་དང་། རིག་གཞུང་། སྒྱུ་རྩལ། ཁོར་ཡུག་བཅས་ཀྱི་བྱེད་སྒོ་ཁག་ལ་བརྟེན་ནས་འཛིན་བཟུང་བྱས་པའི་མི་སྣ་ཚང་མ་འཕྲལ་དུ་དང་ཆ་རྐྱེན་མེད་པར་གློད་གྲོལ་གཏོང་དགོས་པ། ལྷག་པར་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་གཙོས་རང་དབང་སྡེ་ཚན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་རྣམས་ཚོད་འཛིན་མེད་པར་འགྲོ་འོང་བྱེད་པའི་མཐུན་རྐྱེན་སྦྱོར་རྒྱུ་སོགས་ཀྱི་དོན་ཚན་བདུན་ཅན་གྱི་དགོས་འདུན་ཆེད་འདོན་གནང་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ་ ISHR གཙོས་སྤྱི་མང་ཚོགས་པ་ཉི་ཤུ་རྩ་དྲུག་མཉམ་སྦྲེལ་གྱི་ཐོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་Volker Türk ལགས་སུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་རིགས་ལ་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་ཉེས་འཛུགས་ལ་གདོང་ལེན་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག མ་ཟད་ཚོགས་པ་དེ་དག་གིས་གཙོ་འཛིན་མཆོག་ལ་ཟླ་བ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག འཛམ་གླིང་གི་གནས་ཚུལ་གསར་གནས་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་ཁོང་གི་ལས་ཁུངས་ནས་རྒྱ་ནག་ནང་གི་གནས་སྟངས་ཐད་ཞིབ་འཇུག་བྱེད་བཞིན་པའི་འབད་བརྩོན་སྐོར་ངོ་སྤྲོད་དགོས་པའི་དྲན་སྐུལ་གནང་བ་མ་ཟད། ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་པེ་ཅིན་གྱིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དང་། དེ་དག་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་སྐོར་རེ་སྐུལ་གསལ་པོ་ཞུས་དགོས་ཞེས་ནན་སྐུལ་གནང་འདུག ལྷག་པར་དུ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་མཉམ་འབྲེལ་འགན་འཛིན་གཞོན་པ་ལྕམ་ Sophie Richardson ལགས་ཀྱིས། ཐེངས་འདིའི་ལྷན་ཚོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་པེ་ཅིན་གིས་ཚབས་ཆེ་བའི་ནག་ཉེས་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་པ་གསལ་པོར་བཤད་པའི་གོ་སྐབས་ཡོད་ལ། དེའི་ནང་ནས་གལ་ཆེ་བའི་གནད་དོན་ཞིག་ལ་ཉེས་འགལ་དེ་དག་དང་གཞན་ཞིག་གི་རྐྱེན་པའི་དུས་རབས་མང་པོར་གནོད་འཚེ་ཕོག་མཁན་དང་འཚོ་གནས་མཁན་ཚོར་བརྗེད་མེད་པ་སྟོན་ཐུབ་པའི་གོ་སྐབས་ཡོད་ཅེས་གསུངས་འདུག The...
བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་འདས་གསོན་གཉིས་ཀའི་ཆེད་དུ་མཆོད་འབུལ་སྨོན་ལམ།
རྒྱལ་སྤྱིིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་འདས་གསོན་གཉིས་ཀའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་། དེ་ཡང་ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་སུད་སི་ལྷ་ས་བུའི་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་དགུང་གྲངས་ ༡༣༥ ལྷག་སྐུ་འཚོ་བཞུགས་མཛད་དགོས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་ཡོད་པ་དང་། ལྷག་པར་སྐབས་དེར་བོད་ནང་གི་གཞིས་ལུས་སྐྱེ་བོའི་གདུང་འབོད་སྙིང་གི་ཞུ་འཕྲིན་དང་བོད་ནང་གི་གནས་སྟངས་མདོར་བསྡུས་ཤིག་སྒྲོང་སྦྲངས་གནང་བའི་བརྒྱུད། ཕྱི་ནང་གཉིས་ཀ་ནས་ནུས་ཤུགས་གང་ཡོད་བཏོན་ཏེ་བདེན་མཐའ་གསལ་བ་ཞིག་དང་༸གོང་ས་མཆོག་གང་མྱུར་བོད་དུ་ཕེབས་རྒྱུར་རང་རང་གི་ནུས་པ་སྟོན་དགོས་པའི་དྲན་སྐུལ་ཞུས་ཡོད་པ་རེད། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་སླད་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠ ཙམ་འདུ་འཛོམས་གནང་ཡོད་པ་དང་བསྟུན། ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་དུ་ཆིབས་བསྒྱུར་གྱིས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་འདས་གསོན་གཉིས་ཀའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད། འདི་གའི་གསར་འགོད་པས་རྒྱལ་སྤྱིའི་ཆབ་སྲིད་བཙོན་ཟུར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་སུ་དེ་རིང་གི་མཆོད་འབུལ་སྨོན་ལམ་སྐོར་བཀའ་འདྲི་ཞུས་ཡོད། དེ་བཞིན་མཆོད་འབུལ་སྨོན་ལམ་འདིའི་ཐོག་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་གཅིག་གིས་འདི་གའི་གསར་འགོད་པའི་བཅར་འདྲི་བརྒྱུད། བོད་མི་རྣམས་ནས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་གནང་དགོས་གལ་དང་། ༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ། དེ་བཞིན་འདས་པའི་ལོ་རྒྱུས་དང་གནས་ཚུལ་མི་རབས་གཞོན་པར་བརྒྱུད་སྤྲོད་ཙམ་མ་ཟད། བོད་ཀྱི་འཐབ་རྩོད་མཇུག་སྐྱོང་དགོས་པ། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་ནས་གཞིས་བྱེས་མཉམ་འཛོམས་ཡོང་བར་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་། The post བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་འདས་གསོན་གཉིས་ཀའི་ཆེད་དུ་མཆོད་འབུལ་སྨོན་ལམ། appeared...
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་ཡིན་ཚུལ་བརྗོད་འདུག
ཉེ་ལམ་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་དྲུང་གཞོན་ Riley M. Barnes རི་ལི་མེ་རུ་བྷ་ནི་སི་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར། ཁ་སང་རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་ཆབས་གཅིག ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་དེ་ཉིད་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་སླད་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་འདུག དེའང་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Marco Rubio མཆོག་གིས་བོད་ཀྱི་གནམ་ལོ་གསར་ཚེས་དང་བསྟུན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་འཚམས་འདྲི་དང་འབྲེལ། ཨ་རིའི་ངོས་ནས་བོད་མི་ཚོའི་ཁ་བྲལ་ཐབས་མེད་པའི་ཐོབ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་བ་མ་ཟད། སྐུ་ཞབས་ Riley M. Barnes རི་ལི་མེ་རུ་བྷ་ནི་སི་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་རེད། དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་ཁ་སང་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཡུལ་དེའི་ཕྱི་སྲིད་མགྲིན་ཚབ་པ་ Lin Jian ལིན་ཅན་གྱིས་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་གནད་དོན་འདི་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་བཙུགས་པ་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་གོ་གནས་དེ་འདྲ་ཞིག་ངོས་འཛིན་བྱས་མྱོང་མེད་ཅེས་བརྗོད་འདུག ལིན་ཅན་གྱིས་ད་དུང་བོད་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ནི་འགྱུར་བ་མེད་པར་གསལ་པོ་ཡིན་པར་ནན་བརྗོད་དང་འབྲེལ། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཁོ་ན་ཡིན་པ་དང་། ཕྱི་ཕྱོགས་ཀྱི་དབང་ཤུགས་གང་ཞིག་གིས་ཀྱང་ཐེ་བྱུས་བྱེད་དབང་མེད་ཅེས་བརྗོད་འདུག དེ་བཞིན་ཨ་རིས་བོད་དང་འབྲེལ་བའི་གནད་དོན་ཐད་སྔོན་ཆད་ཁས་ལེན་བྱས་པ་རྣམས་ལ་བརྩི་སྲུང་བྱེད་དགོས་པ་དང་། བོད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་ལག་ཆ་ལྟ་བུ་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་དགོས་པ་མ་ཟད། ཨ་རིའི་ངོས་ནས་འདི་ལྟ་བའི་བྱ་སྤྱོད་བརྒྱུད་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྟོབས་ཤུགས་ཚོར་ནོར་འཁྲུལ་ཅན་གྱི་བརྡ་ལན་གང་ཡང་གཏོང་མི་རུང་ཞེས་བརྗོད་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་ Trump མཆོག་གིས་དེ་སྔའི་གཞུང་འཛིན་སྐབས། ལས་ཡུན་རྫོགས་ལ་རན་པའི་སྐབས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་དྲུང་གཞོན་སྐུ་ཞབས་...
G7 ལྷན་ཚོགས་ཐོག་བོད་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ།
རིང་མིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ནས་ ༡༦ བཅས་ཉིན་གྲངས་གསུམ་རིང་ཧྥ་རན་སིར་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ ༧ དང་ཡུ་རོབ་མཐུན་ཚོགས་ལས་གྲུབ་པའི་ G7 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་འཚོག་གཏན་ཁེལ་བ་དང་བསྟུན། G7 དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ངེས་པར་དུ་གླེང་སློང་གནང་དགོས་གལ་དང་འབྲེལ། སྔ་ལོའི་ ༢༠༢༥ ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་བོད་ཀྱི་ཛ་དྲག་གནས་སྟངས་བཀོད་མེད་པར་བློ་འཚབ་གསལ་སྟོན་དང་ཆབས་ཅི། G7 གྲོས་མོལ་ནང་བོད་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཛ་དྲག་གི་ཞུ་སྐུལ་དེ་ནི་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་མ་འཚོག་གོང་ལྷན་ཚོགས་དེ་ཉིད་གོ་སྒྲིག་གནང་མཁན་གྱི་གཞུང་འབྲེལ་མི་སྣར་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཞུ་སྐུལ་དེའི་ནང་གཙོ་བོ་སྔ་ལོའི་ ༢༠༢༥ ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་བོད་ཀྱི་ཛ་དྲག་གནས་སྟངས་བཀོད་མེད་པར་བློ་འཚབ་གསལ་སྟོན་དང་འབྲེལ།འདི་ལོའི་ G7 ཚོགས་ཆེན་ཐོག་བོད་དང་འབྲེལ་བའི་གཙོ་གནད་གསུམ་བཏོན་པའི་ནང་། བོད་ཀྱི་གནད་དོན་དེ་ཨེ་ཤ་ཡ་ཙམ་མ་ཟད་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་གཙོས་བདེ་སྲུང་ཀྱི་གནད་དོན་ཐོག་ནས་གལ་ཆེན་ཡིན་པ་དང་། རྒྱ་ནག་གི་དབང་ཆ་རིང་ལུགས་ཀྱི་དམིགས་ཡུལ་མེད་པ་བཟོ་ཐབས་སུ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་བོད་མིའི་རང་དབང་གི་དཀའ་སྡུག་སྐོར་གླེང་སློང་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་གང་བྱུང་སྤེལ་བ་དེས་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་སྐོར་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག མ་ཟད། རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་བོད་དེ་བཞིན་འཛམ་གླིང་གི་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པའི་གལ་ཆེན་རང་བཞིན་རྟོགས་པའི་ཐོག་ནས་འདི་ལོ་དང་མ་འོངས་པའི་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་བསྒྲགས་གཏམ་ནང་རྒྱ་གཞུང་འོག་བོད་ཀྱི་ཆེས་ཞན་པའི་གནས་སྟངས་བཀོད་དགོས་པའི་སྐུལ་མ་གནང་བ་དང་འབྲེལ།བོད་ཀྱི་གནད་དོན་དེ་བཞིན་G7 ལྷན་ཚོགས་ཀྱི་དམིགས་ཡུལ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པས།འདི་ལོའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་དང་། ལྷག་པར་ཡུལ་དེའི་ཕྱི་འབྲེལ་སྲིད་བྱུས། དེ་བཞིན་རྒྱལ་སྤྱིའི་སྒྲིག་གཞི་དང་མཐུན་མིན་སོགས་ཀྱི་སྐོར་ལ་གླེང་སློང་གནང་སྐབས། རྒྱ་ནག་གིས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་མོལ་དང་སྦྲགས་ཏེ་རྒྱ་གཞུང་གིས་ཁུལ་དེར་སྤེལ་བཞིན་པའི་བྱ་ངན་དག་ལ་ངེས་པར་དུ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག དེ་བཞིན་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་ཁྲོད་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་དོན་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་གཅིག་གི་སྲིད་བྱུས་བརྒྱུད་བོད་ཀྱི་སྐད་ཡིག་དང་ཆོས་རིག མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་བཞིན་པ་གསལ་སྟོན་དང་སྦྲགས། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཐེངས་འདིའི་ལྷན་ཚོགས་བརྒྱུད་རྒྱ་ནག་ལ་མཉམ་རུབ་ཀྱིས་ཁ་གཏད་གཅོག་པའི་ལས་འགུལ་ནན་པོ་ཞིག་སྤེལ་དགོས་པའི་ནན་སྐུལ་དང། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱ་དགོས་ཞེས་སྐུལ་མ་གནང་དགོས་པའི་འབོད་སྐུལ་གནང་འདུག གཞི་རྩའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་ཉིད་...
༸གོང་ས་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་བརྟན་བཞུགས་བསྟར་འབུལ།
དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་སུད་སི་ལྷ་ས་བུའི་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་དགུང་གྲངས་ ༡༣༥ ལྷག་སྐུ་འཚོ་བཞུགས་མཛད་དགོས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་སོང་། དེ་ཡང་དེ་རིང་སྔ་ཐོག་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་དབུ་བཞུགས་ཀྱིས་༸སྐུའི་ཚེ་སྒྲུབ་ཀྱི་གནང་སྒོ་ཁག་གནང་གྲུབ་སྟེ་སྔ་དྲོ་ཕྱག་ཚོད་ ༨.༣༠ ཡོལ་ཙམ་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་འབྲེལ་ཡོད་བརྟན་བཞུགས་ཀྱི་སྦྱིན་བདག་རྣམ་པས་སྤོས་སྣེ་སྤྱན་འདྲེན་དང་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་༸བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་ཆོ་ག་དངོས་གཞི་དབུ་འཛུགས་དང་སྦྲགས། རྡོ་རྗེ་སློབ་དཔོན་མཆོག་གིས་དབུས་པའི་འབྲེལ་ཡོད་རྣམས་ནས་མཎྜལ་ལྗགས་བཤད་གནང་ཐོག་སྐུ་གསུང་ཐུགས་རྟེན་མཚོན་པའི་འབུལ་རྫས་འདེགས་འབུལ་ཞུས་པ་མ་ཟད། རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་༸རྒྱལ་དབང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མངའ་གསོལ་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་སོང་། ཐེངས་འདིའི་བརྟན་བཞུགས་ཐོག་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠ ཙམ་དེ་བཞིན་དུ་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་མི་ ༢༧ དང་གཞོན་སྐྱེས་བཅས་ཆེད་བཅར་ཞུས་ཡོད་འདུག དེ་རིང་གི་བརྟན་བཞུགས་སྐབས་དགུང་ལོ་ ༡༣ ནས་རྒྱ་གཞུང་གི་བཙོན་འཇུག་དོ་དམ་འོག་བཞུགས་མྱོང་ཡོད་པ་མ་ཟད་དེ་རྗེས་སུ་ལོ་ངོ་ ༢༠ ལྷག་རིང་རྒྱའི་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་མྱངས་མྱོང་མཁན་ཆབ་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་སངས་སྒྲོལ་ལགས་ཀྱིས། བོད་ནང་གི་གཞིས་ལུས་སྐྱེ་བོའི་གདུང་འབོད་སྙིང་གི་ཞུ་འཕྲིན་དང་བོད་ནང་གི་གནས་སྟངས་མདོར་བསྡུས་ཤིག་སྒྲོང་སྦྲངས་གནང་བའི་བརྒྱུད། བོད་ནང་གི་གཞིས་ལུས་བོད་མི་རྣམས་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་འོག་དུས་དང་རྣམ་པ་ཀུན་ཏུ་འཇིགས་སྣང་ངང་འཚོ་དགོས་ཤིང་། ལྷག་པར་དུ་མང་ཚོགས་དད་མོས་དང་མཐའ་ན་དྲ་རྒྱ་བེད་སྤྱོད། སྨྲ་བརྗོད། ་བསམ་གཞིག་སོགས་མདོར་ན་ཕྱོགས་ཡོངས་ནས་བསུན་གཙེར་བརྡབ་གསིག་བཟོད་སྲན་དཀའ་བ་བྱེད་དང་བྱེད་མུས་ཡིན་པས། ཉམ་ཐག་པའི་གནས་སྐབས་ཀུན་བརྗོད་ནས་བརྗོད་མི་ཚར་བ་ཡོད་ལ་བརྗོད་ནས་ཚར་རྒྱུའང་མེད། དེ་འབྲེལ་དཀའ་སྡུག་ཞུས་པ་ནི་སྡུག་སྐད་བསྐྱོན་པ་ཙམ་མིན་པར་ཕྱི་ནང་གཉིས་ཀ་ནས་ནུས་ཤུགས་གང་ཡོད་བཏོན་ཏེ་བདེན་མཐའ་གསལ་བ་ཞིག་དང་༸གོང་ས་མཆོག་གང་མྱུར་བོད་དུ་ཕེབས་རྒྱུར་རང་རང་གི་ནུས་པ་སྟོན་དགོས་པའི་དྲན་སྐུལ་ཞུས་སོང་། རྩ་བའི་སང་ཉིན་རྒྱལ་སྤྱིིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་སྤྱི་པའི་དོན་དུ་སྐུ་ལས་བསྐྱོན་མཁན་འདས་གསོན་ཡོངས་ཀྱི་སླད་མཆོད་འབུལ་སྨོན་ལམ་ཞིག་གནང་གཏན་ཁེལ་འདུག The post ༸གོང་ས་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་བརྟན་བཞུགས་བསྟར་འབུལ། appeared...




