Voice of Tibet - Tibet Tribune

Voice of Tibet

རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་ཟེར་བ་ནས་རྒྱ་ནག་ལྷོ་ངོས་ཀྱི་གྲོང་ཁྱེར་ཆེ་ཁག་བར་ཡུལ་སྐོར་བའི་མེ་འཁོར་ཐོག་མ་དེ་འགོ་འཛུགས།

ཕྱི་ལོ་ ༢༠༢༦ ལོའི་དཔྱིད་ཀའི་དུས་ཀྱི་ཡུལ་སྐོར་དུས་སྟོན་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཚེས་ ༡༦ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ནས་འགོ་བཙུགས་ཏེ། རྒྱ་ནག་ལྷོ་ངོས་ཀྱི་ Guangdong གོ་ཝང་དོང་དང་ཧོང་ཀོང་། མེ་ཀའོ། དེ་བཞིན་ཧེ་ནན་སོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཁག་ཏུ་བསྐྱོད་མཁན་གྱི་ཡུལ་སྐོར་བའི་མེ་འཁོར་ཐོག་མ་དེ་འགོ་བཙུགས་འདུག དེ་ཡང་ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་བོད་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་གྱི་ཡུལ་སྐོར་བའི་མེ་འཁོར་དེ་དངོས་སུ་འགོ་བཙུགས་ཡོད་པ་དང་། དེའང་བོད་མཚོ་སྔོན་ཞིང་ཆེན་ཟེར་བའི་ཟི་ལིང་མེ་འཁོར་འབབ་ཚུགས་ནས་འགོ་བཙུགས་ཏེ་ཡུལ་སྐོར་བ་རྣམས་ལ་ཉིན་གྲངས་ ༡༤ རིང་མེ་འཁོར་དང་རྒྱ་ལམ། དེ་བཞིན་མཚོ་ཐོག་བཅས་འགྲུལ་བཞུད་ཀྱི་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གིས་ཆང་ཤ་གྲོང་ཁྱེར་དང་། Guangzhou གོ་ཝང་ཀྲུ། Shenzhen ཤེན་ཇན། Hong Kong ཧོང་ཀོང་། Macao མེ་ཀའོ། Zhuhai ཇུ་ཧཡེ། དེ་བཞིན་ Haikou ཧཡེ་ཀའོ་སོགས་རྒྱ་ནག་དབུས་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་འདྲ་མིན་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་འགྲིམ་འགྲུལ་བྱེད་ཀྱི་ཡོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བའི་མི་འཁོར་འདི་ལོངས་སུ་སྤྱོད་མཁན་རྒྱ་རིགས་བརྒྱ་ཆ་ ༧༠ ལྷག་ལོ་ན་ ༦༥ ཡས་མས་ཀྱི་རྒན་གྲས་ཤ་སྟག་ཡིན་པ་དང་། དེའི་ནང་ནས་ལོ་ཆེ་ཤོས་དེ་ ༨༡...

ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ངོ་རྒོལ་ཤུགས་ཆེ་གནང་འདུག

དབྱིན་ཡུལ་གྱི་སྲིད་བློན་ Keir Starmer མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་རྒྱུ་དང་བསྟུན། དེ་རིང་ངམ་སང་ཉིན་གྱི་དུས་ཚོད་གང་རུང་ཞིག་སྲིད་བློན་ངོས་ནས་ཕྱི་ལོ་ ༢༠༡༨ ནས་འགོག་རྐྱེན་སྣ་ཚོགས་འོག་འགག་ནས་བསྡད་པའི་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ཆོག་མཆན་གནང་རྒྱུའི་ཚོད་དཔག་གནང་བཞིན་པ་ལྟར། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་བརྒྱ་ཕྲག་འདུ་འཛོམས་ཀྱིས་ལས་གཞི་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་རྒྱབ་ཚོུད་ ༢ པའི་ཐོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ Royal Mint Court  གྱི་མདུན་ཐང་དུ། Inter-Parliamentary Alliance on China (IPAC) ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ (GATPM) དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ལྟ་ཞིབ་ཚོགས་པའི་ཚོགས་མི། བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་བརྒྱ་ཕྲག་འདུ་འཛོམས་ཀྱིས་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་སྐབས་དེར་ལག་ཏུ་སྦྱར་ཡིག་སོགས་བསྣམས་པའི་སྟེང་དུ་ནམ་ཡང་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་ལ་རྒྱབ་སྐྱོར་མེད་ཅེས་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་སྤྱོད་དེ་དག་ཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་སོགས་བྲིས་འདུག རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Royal Mint ཞེས་པའི་ས་ཚིགས་གྲགས་ཅན་དེ་ཉོས་ཏེ། དེར་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་འཛུགས་བྱེད་རྒྱུའི་འཆར་གཞི་བཏིང་ཡང་། ལས་གཞི་དེའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་ཆགས་པ་དང་འབྲེལ།...

༧གོང་ས་མཆོག་སྐབས་ ༣༥ པའི་འཇང་དགུན་ཆོས་ཀྱི་མཐའ་མའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་རེད། དེ་ཡང་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཡས་མས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སྒོ་མང་ཆོས་གྲྭ་གསར་པའི་གཟིམ་ཆུང་ནས་བློ་གླིང་དབུ་ཆོས་རྣམ་གསུམ་གྱིས་སྤོས་སྣེས་སྤྱན་འདྲེན་དང་བཅས་བློ་གསལ་གླིང་གི་ཆོས་གྲྭར་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་ལྟར་ཆིབས་བསྒྱུར་བཀའ་དྲིན་མཛད་ཡོད་པ་དང་། ཆོས་གྲྭར་༸ཞབས་སོར་འཁོད་མཚམས་ World Community for Christian Meditation (WCCM) འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་འགོ་འཛིན་དང་ཆོས་ཀྱི་ལམ་སྟོན་པ་ཡི་ཤུ་ཆོས་དཔོན་ཧྥ་རྡིར་ལོ་རེན་སི་ཕི་རི་མན་ Father Laurence Freeman ལགས་སུ་མཇལ་ཁ་སྩལ་ཏེ། བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་རྗེས་བློ་གླིང་མཁན་རིན་པོ་ཆེ་ཡེ་ཤེས་ལྷུན་གྲུབ་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་དབུ་འཛུགས་གནང་ཡོད་པ་རེད། ད་རེས་འཇང་དགུན་ཆོས་ཀྱི་མཐའ་མའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། སེར་བྱེས་གྲྭ་ཚང་བཅས་དམ་བཅའ་གནང་ཞིང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། སེར་སྨད་གྲྭ་ཚང་བཅས་ནས་རྟགས་བསལ་གཏོང་གི་ཡོད་ཅིང་། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་་རིང་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཐུགས་དགྱེས་གཟིགས་ཆེན་པོ་མཛད་འདུག  འདི་ལོའི་འཇང་དགུན་ཆོས་འདི་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ནས་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༨...

བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ པ་མཇུག་སྒྲིལ།

བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་བཅུ་པའི་མཇུག་སྡོམ་མཛད་སྒོ་འདི་བཞིན་དགའ་ལྡན་ཤར་རྩེ་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་ཚོགས་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་སྐབས་ ༡༠ པའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་དང་བྱང་རྩེ་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་རྣམ་གཉིས། འབྲས་སྤུངས་སྒོ་མང་མཁན་ཟུར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་བློ་བཟང་རྒྱལ་མཚན་གཙོས་པའི་དགའ་ལྡན་ཚོགས་ཆེན་ཞལ་ངོ་རྣམ་གཉིས། བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་རྒྱུན་ལས་དང་། ཆོས་ཐོག་རྒན་པ་རྣམ་པ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམ་བཞིན་པའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་ཀྱི་སློབ་གཉེར་བ་ཞལ་གྲངས་ ༨༣༨ བཅས་ལྷན་ཞུགས་གནང་འདུག རྩ་བའི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་རེས་ཆོས་ཐོག་དགའ་ལྡན་བླ་སྤྱི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་གདན་ས་ཆེན་པོ་དགའ་ལྡན་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ཉིན་ནས་དབུ་འཛུགས་གནང་ཡོད་པ་རེད། མཛད་སྒོ་གྲུབ་མཚམས་བློ་བཟང་རྒྱལ་བསྟན་མ་དང་། ལམ་རིམ་སྨོན་ལམ། བསྟན་འབར་མ་སོགས་གསུངས་ཏེ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བསྟན་པ་རྒྱས་ཤིང་འགྲོ་ཀུན་བདེ་བ། འཛམ་གླིང་ནང་དམག་འཁྲུག་སོགས་ཞི་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། འགྲོ་ཀུན་བླ་མེད་རྫོགས་བྱང་འཐོབ་པའི་སྔོ་སྨོན་རྒྱ་ཆེར་ཞུས་འདུག ལྷག་པར་འདི་ཚེས་ ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཐོག་གི་ལས་སྡོམ་དང་དམ་བཅའ་ཁག་གཟིགས་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་དང་སྦྲགས། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད་ཡོད་པ་རེད། གཞི་རྩའི་འདི་ཚེས་ ༡༦...

ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ།

དེ་རིང་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གཙོས་པའི་དད་ལྡན་ ༤༠༠ ལྷག་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་འདུག དེ་ཡང་མཇལ་ཁའི་སྐབས། ༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ལྷ་སའི་ཇོ་བོ་མཇལ་རྒྱུ་སོགས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་མ་ཟད། ཕྱག་དཔེ་གཟིགས་ཏེ་སློབ་གཉེར་མཛད་པའི་སྐབས་ཚད་མ་རྣམ་འགྲེལ་གང་འཚམ་གཟིགས་ཡོད་ཅིང་། འགག་བཞག་སྤོང་གསུམ་ལ་ཐུགས་སྣང་ཆེན་པོ་མཛད་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་དེང་སང་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་དང་། ཆོས་ཁས་མི་ལེན་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཁྲོད། ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བརྟག་དཔྱད་བྱ་རྒྱུའི་ཐབས་ལམ་བསྟན་པ་དེ་ཕན་ཐོགས་ཆེན་པོ་ཡོད་པ་གང་ལྟར་ནང་ཆོས་ཀྱི་གཞུང་ནས་རྨོངས་དད་མིན་པར་བརྟག་དཔྱད་བྱས་ནས་འགྲོ་རྒྱུའི་ལམ་སྟོན་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མ་ཟད་རང་ལུགས་བཞག་པ་དང་གཞན་ལུགས་འགག་པ་ཞེས་པ་དེ་སེམས་ལ་ངེས་པ་རྙེད་རྒྱུ་ཡོད་ཅིང་། ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ནས་གཏན་ལ་ཕབ་པ་དེ་མདོར་དོན་སྙིང་པོ་སེམས་ལ་ཞི་བདེ་བཟོ་གི་ཡོད་ཅེས་བཀའ་ནན་སྩལ་འདུག ལྷག་པར་འདས་པའི་ལོ་རྒྱུས་ཐུགས་དྲན་གསོ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་སེམས་ཞི་ལྷོད་ཡོང་རྒྱུ་དེ་གལ་ཆེན་པོ་ཞིག་ལ་གཟིགས་ཏེ། མའོ་ཙེ་ཏུང་ལའང་སེམས་ཞི་ལྷོད་བྱ་རྒྱུ་རྣམ་འགྱུར་བསྟན་ནས་མའོ་ཙེ་ཏུང་དགའ་པོ་ཞེ་དྲགས་བྱས་ཀྱི་འདུག་ཅེས་བཀའ་སྩལ་འདུག སྐབས་དེར་མའོ་ཙེ་ཏུང་གི་ཆོས་དེ་དུག་རེད་ཅེས་བརྗོད་པར། མགོན་པོ་༸གང་ཉིད་མཆོག་ནས་གང་ཡང་གསུངས་མེད་ཅེས་བཀའ་སྩལ་འདུག ནང་པ་སངས་རྒྱས་པའི་གཞུང་འདི་བཞིན་རིག་པའི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་དཔྱད་པ་ཤུགས་ཆེན་པོ་མཛད་དུས་ཚན་རིག་པ་དང་ལྷན་དུ་འབྲེལ་བ་ཡག་པོ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་གྱི་ས་གནས་ཁག་ཏུ་ཕེབས་སྐབས་ནང་པའི་ལྟ་གྲུབ་སྐོར་གསུང་དུས་དོ་སྣང་བྱེད་མཁན་ཞེ་དྲགས་འདུག་ཅེས་བཀའ་སྩལ་འདུག ད་དུང་གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་ཡིན་པ་དང་། མགོན་པ་༸གང་ཉིད་ཞོགས་པ་ཡར་བཞེངས་སྐབས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་མཛད་ཐུབ་པ་ཞིག་བྱུང་ན་སྙམ་པའི་སེམས་བསྐྱེད་དེའི་ཐོག་ནས་ཞི་བདེ་ཡོང་གི་འདུག་ཅེས་བཀའ་སྩལ་འདུག The post ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ། appeared first...

བོད་པ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོད་རྙོག་ཁྲོད་བལ་ཡུལ་ RSP ཆབ་སྲིད་ཚོགས་པས་བཀྲ་ཤིས་ལྷ་འཛོམས་ལགས་འོས་མིའི་ཐོ་གཞུང་ནས་ཕྱིར་འཐེན།

རིང་མིན་ཕྱི་ཟླ་ ༣ པའི་ནང་བལ་ཡུལ་གྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་འབྲེལ། ད་ལྟའི་ཆར་ཡུལ་དེའི་ནང་དུ་ཆབ་སྲིད་ཚོགས་པ་སོ་སོའི་འོས་མི་འདེམས་སྒྲུག་སོགས་ཀྱི་ཁྲོད། RSP འམ་ Rastriya Swatantra Party ཆབ་སྲིད་ཚོགས་པའི་ངོས་ནས་བོད་པ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོད་རྙོག་ཁྲོད་བུད་མེད་བཀྲ་ཤིས་ལྷ་འཛོམས་ལགས་འོས་མིའི་མིང་གཞུང་ནས་ཕྱིར་འཐེན་བྱས་འདུག རྩ་བའི་སྔ་ལོ་བལ་ཡུལ་ནང་དུ་ Gen Z གཞོན་སྐྱེས་སྒེར་ལངས་རྗེས་ལྕམ་སྐུ་ Shushila Karki མཆོག་གི་སྣེ་འཁྲིད་པའི་འཕྲལ་སེལ་གཞུང་གི་ངོས་ནས་བལ་ཡུལ་ Karnali མངའ་ཁུལ་ Humla རྫོང་ Limi ས་ཁུལ་ནས་ཡིན་པའི་བུད་མེད་བཀྲ་ཤིས་ལྷ་འཛོམས་ལགས་༼བུད་མེད་དང་བྱིས་པ་དེ་བཞིན་རྒན་གྲས་ལྟ་སྐྱོང་བློན་ཆེན་༽དུ་བསྐོ་བཞག་བྱེད་རྩིས་གནང་ཡང་། སྔ་ལོའི་གཞོན་སྐྱེས་ངོ་རྒོལ་གྱི་གཏོར་སྐྱོན་ནང་དུ་ཕྱིའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་ཡོད་ཚུལ་དང་།  དེའི་ཁོངས་ནས་ཤུགས་རྐྱེན་སྤྲད་མཁན་གཅིག་བོད་དོན་ལས་འགུལ་བ་ཡིན་པའི་དོགས་གཞི་སླེབས་བཞིན་པའི་ཁྲོད།  Karnali མངའ་ཁུལ་གཞོན་སྐྱེས་ལས་འགུལ་བ་རྣམས་ནས་བཀྲ་ཤིས་ལྷ་འཛོམས་ལགས་ཀྱི་བལ་ཡུལ་མི་སེར་ལག་འཁྱེར་ལ་རྟོག་ཞིབ་བྱ་དགོས་པ་དང་།  ཁོང་ནས་དེ་སྔ་བོད་དོན་ལས་འགུལ་ནང་དུ་མཉམ་ཞུགས་བྱས་མྱོང་ཡོད་པ་སོགས་ཀྱི་དོགས་གཞི་བསླངས་ཏེ་ཁོང་མོའི་བསྐོ་བཞག་ལ་དགག་པ་རྒྱག་སྟེ་བཀག་ཡོད་པ་རེད། ད་ལན་བཀྲ་ཤིས་ལྷ་འཛོམས་ལགས་ RSP ཚོགས་པའི་འོས་དམིགས་ནས་ཕྱིར་འཐེན་བྱས་པ་དེ་ཁོང་མོའི་ཆབ་སྲིད་ཀྱི་འདུན་ལམ་ནང་དུ་ཕམ་ཁ་ཆེན་པོ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། ཁ་སང་དེ་རིང་བལ་ཡུལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་དེའི་ RSP ཆབ་སྲིད་ཚོགས་པས་ཉེ་སྔོན་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ཏུ་ཕྱི་ལོ་ ༢༠༢༦ ལོའི་བལ་ཡུལ་འོས་བསྡུ་ཆེན་མོའི་ནང་དུ་ཚོགས་པའི་འོས་དམིགས་ཐོ་གཞུང་གསལ་བསྒྲགས་བྱས་པའི་ནང་དུ་ཚོགས་པའི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་གཙོ་བོའི་ནང་དུ་བཀྲ་ཤིས་ལྷ་འཛོམས་ལགས་ཀྱི་མཚན་འཁོད་ཡོད་ཀྱང་།...

༸གོང་ས་མཆོག་གིས་བོད་མི་རྣམས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མང་མཇལ་ཁྲོད་རྒྱ་གར་བ་གཅིག་ལ་༸སྟོན་པ་བཅོམ་ལྡན་འདས་རྒྱ་གར་བ་ཡིན་པ་དང་བོད་མི་རྣམས་རྒྱ་གར་ནང་བསྟན་རིག་གཞུང་གི་རྗེས་འབྲངས་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༣ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་བའི་མང་མཇལ་བརྙན་ཐུང་ནང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར། བོད་རིགས་དང་འབྲུག་པ་སོགས་དད་ལྡན་བཞི་བརྒྱ་ཙམ་ལ་མཇལ་ཁ་སྩལ་འདུག་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་རྒྱ་གར་བ་གཅིག་ལ་༸སྟོན་པ་བཅོམ་ལྡན་འདས་ནི་རྒྱ་གར་བ་ཡིན་པ་དང་། བོད་མི་རྣམས་རྒྱ་གར་ནང་བསྟན་རིག་གཞུང་གི་རྗེས་སུ་འབྲངས་མཁན་ཞིག་ཡིན་དུས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་འདུག   མ་ཟད་༸མགོན་པོ་མཆོག་ནས་མཇལ་ཁའི་ཁྲོད་བོད་རིགས་བྱིས་པ་ཞིག་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུང་སྔགས་ལྗགས་ལུང་སྩལ་བ་དང་འབྲེལ།  ཨ་ར་པ་ཙ་ན་དྷི་ཞེས་པ་དེ་བཞིན་༸གང་ཉིད་མཆོག་ནས་ཉིན་ལྟར་བགྲང་གི་ཡོད་པ་དང་།  དེས་ཤེས་རབ་འཕེལ་བ་དང་རིག་པ་གསལ་པོ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་འདུག   རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཀྲ་ཀའི་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  ཁ་སང་ཕྱི་ཚེས་ ༡༢ ཏེ། ༸གང་ཉིད་མཆོག་ཁུལ་དེར་སྐུ་བཞུགས་མཛད་ནས་ཟླ་བ་གཅིག་ཏག་ཏག་འཁོར་བའི་དུས་བཟང་ཁྱད་པར་ཅན་ཞིག་ཆགས་ཡོད་པ་རེད།  དེ་འབྲེལ་ཁ་སང་སྔ་དྲོ་༸གོང་ས་མཆོག་གློ་བུར་དུ་གྲྭ་ཚང་གི་གསོལ་ཐབ་ཁང་དུ་ཆིབས་བསྒྱུར་བསྐྱངས་པའི་གོ་སྐབས་དང་བསྟུན།  གསོལ་ཐབ་པ་རྣམས་ནས་༸གང་ཉིད་མཆོག་ལ་ Cake སྤྲི་གོར་ཞིག་འདེགས་འབུལ་ཞུས་ཡོད་པ་རེད་འདུག The post ༸གོང་ས་མཆོག་གིས་བོད་མི་རྣམས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག appeared first on vot.

༸སྐུའི་ཡང་སྲིད་ཀྱི་གནད་དོན་དེར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་གསལ་སྟོན།

ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ CSIS ཞེས་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་གི་ཉམས་ཞིབ་པ་བགྲེས་པ་ Henrietta Levin ལགས་དང་སྔོན་ཆད་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་མང་གཙོ་དང་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་སློབ་སྟོན་པ་ Alison Bartel ལགས་རྣམ་གཉིས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་མིར་མཚོན་ན་གལ་གནད་ཆེ་ཤོས་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་དགོས་ངེས་ཤིག་ཏུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་ཞིག་མིན་པར་དེར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་གསལ་སྟོན་གྱིས། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ཐོག་དང་ལྷག་པར་༸སྐུའི་ཡང་སྲིད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྒྲོམ་གཞིར་བསྐྱར་ཞིབ་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག དེ་ཡང་འདི་ཚེས་ ༩ ཉིན་འདོན་སྤེལ་གནང་བའི་ When Faith and Geopolitics Collide; The Dalai Lama Succession Crisis and the Global Struggle for Tibet’s Future འམ་དད་པ་དང་ས་ཁམས་ཆབ་སྲིད་ཀྱི་འགལ་ཟླ། རྒྱལ་སྤྱིའི་ཆབ་སྲིད་ཁྲོད་༸སྐུའི་ཡང་སྲིད་ཀྱི་གལ་གནད་ཞེས་ཤོག་གྲངས་ ༣༩ ཅན་གྱི་སྙན་ཐོ་དེའི་ནང་།...

རྒྱ་ནག་ནང་མི་མང་གི་ངོ་རྒོལ་གནས་ཚུལ་ནང་བཀོད་པ་ལས་མང་བ་འབྱུང་བཞིན་པ་ཕྱིར་མངོན།

རྒྱ་ནག་ནང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་གནས་ཚུལ་ནང་ཐོ་འགོད་བྱས་པ་ལས་མང་བ་འབྱུང་བཞིན་པ་མངོན་གསལ་གནང་བ་མ་ཟད། ལྷག་པར་སྔ་ལོའི་ནང་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་ཇེ་མཐོར་སོང་ཡོད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་སྒྲོམ་གཞིར་ཞེན་ཆ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག དེའང་ཨ་རིར་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པའི་ཁྱབ་ཁོངས་ China Dissent Monitor ཞེས་རྒྱ་ནག་ནང་ཞི་རྒོལ་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་སྡེ་ཚན་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ཏུ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་ཧ་ཅང་ཉེན་ཁ་ཆེ་བ་དེ་ལྟར་ཡང་། འདས་པའི་ཕྱི་ལོ་ ༢༠༢༥ ལོའི་ནང་རྒྱ་ནག་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་དོན་རྐྱེན་ཁྱོན་ ༥༠༠༠ ལྷག་བྱུང་ཡོད་པ་དེ་ནི་དེ་སྔའི་ལོ་དང་བསྡུར་ན་བརྒྱ་ཆ་ ༤༨ ཀྱིས་འཕར་ཡོད་སྐོར་བཀོད་འདུག སྤྱིར་མི་མང་གི་ངོ་རྒོལ་བརྒྱ་ཆ་ ༨༥ ཙམ་ནི་གླ་ཆ་མ་སྤྲད་པའི་དཀའ་ངལ་དང་། ཁང་པ་འཛུགས་སྐྲུན་གྱི་ལས་གཞི་མཚམས་ཆད་དེ་གྱོང་གུད་ཕོག་པ། དེ་བཞིན་གྲོང་གསེབ་ཀྱི་ས་ཆ་བཙན་འཕྲོག་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཡོད་པ་རེད་འདུག སྙན་ཐོའི་ནང་སྤྱིར་ China Dissent Monitor ངོས་ནས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ལ་རྒྱུན་དུ་འཚོལ་ཞིབ་བྱས་ནས་གནས་ཚུལ་དེ་རིགས་ཕལ་ཆེ་བ་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། དྲྭ་ལམ་དུ་མཐོང་ཆོས་སུ་མེད་པའི་གནས་ཚུལ་མང་པོ་ཡོད་སྲིད་པ་མ་ཟད། ཡང་ན་དུས་ཐོག་ཏུ་མ་བཀོད་པའི་གནས་ཚུལ་ཡང་ཡོད་སྲིད་ཅེས་བརྗོད་པ་དང་འབྲེལ།  ངོ་རྒོལ་གྱི་དོན་རྐྱེན་དངོས་ཀྱི་གྲངས་འབོར་དེ་ལས་མང་བ་འབྱུང་བཞིན་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག དེའི་ཁྲོད་རྒྱ་ནག་ནང་ཞི་རྒོལ་གྱི་དོན་རྐྱེན་སྐོར་གནས་ཚུལ་སྤེལ་མཁན་ Teacher Li ལགས་ཀྱིས། རྒྱ་ནག་ནང་ངོ་རྒོལ་གྱི་ལས་འགུལ་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་ནི་ཡུལ་དེར་དཔལ་འབྱོར་ཉམས་རྒུད་ཀྱིས་སྤྱི་ཚོགས་ལྷིང་འཇགས་མེད་པ་དང་། དེའི་རྐྱེན་གྱིས་གཞུང་གིས་སྤྱི་ཚོགས་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་གི་ཡོད་པ། དེ་ལས་མི་མང་རྣམས་སེམས་པ་མ་སྐྱིད་པ་དེ་བས་ཆེ་རུ་བཟོ་བཞིན་ཡོད་པ་དང། ལྷག་པར་དུ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་སྤེལ་བཅུག་གི་མེད་པ་མ་ཟད།...

མེ་འཁོར་བརྒྱུད་བོད་ནས་ལྷོ་ཨེ་ཤི་ཡའི་ཁུལ་དུ་ཚོང་འགྲེམས་དེ་བརྒྱུད་གཅིག་ལམ་གཅིག་སོགས་དང་འབྲེལ་བ་ཡོད་པ་གསུངས་སོང་།

རྒྱ་ནག་ཤར་ཕྱོགས་ Zhejiang ཀྲེ་ཅང་ཞིང་ཆེན་གྱི་ Yiwu ཡི་ཝུ་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མེ་འཁོར་ཞིག་ཟླ་འདིའི་ཚེས་ ༤ ཉིན་བོད་གཞིས་ཀ་རྩེ་ལ་འབྱོར་ཡོད་པ་དེས་ཕྱི་ལོ་ ༢༠༢༥ ལོའི་དངོས་ཟོག་སྐྱེལ་འདྲེན་གྱི་མེ་འཁོར་བཅུ་གཉིས་པ་དེ་ཡིན་པ་དང་། ད་བར་དེ་འབྲེལ་མེ་འཁོར་ ༡༢ ལེགས་གྲུབ་བྱུང་ཡོད་ཅེས་བཤད་པ་དེ་ནི་འཛུགས་སྐྲུན་དང་བརྒྱུད་གཅིག་ལམ་གཅིག དེ་བཞིན་དམག་དོན་གྱི་ཐོག་ནས་རྣམ་པ་གསལ་སྟོན་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་། དེ་ཡང་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཕྱི་ལོ་ ༢༠༢༤ ནས་ ༢༠༢༥ བར་རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་ཡི་ཝུ་གྲོང་ཁྱེར་ནས་བོད་གཞིས་ཀ་རྩེའི་བརྒྱུད་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཚོང་འགྲེམས་བྱས་པའི་མེ་འཁོར་ ༡༢ ལམ་ལྷོང་བྱུང་ཡོད་སྐོར་མངོན་གསལ་བྱས་ཏེ། ཁྱོན་དངོས་ཟོག་གི་རིན་ཐང་བསྡོམས་པས་ཨ་སྒོར་ས་ཡ་ ༣༢།༧ ལྷག་ཚོང་འགྲེམས་བྱུང་ཡོད་པ་མ་ཟད། ད་དུང་ཡང་མ་འོངས་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ལུགས་བཤད་འདུག གཞིས་ཀ་རྩེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དོ་དམ་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ Yu Miao ཡུ་མིའོ་ཡིས། མེ་འཁོར་ཐོག་མ་དེ་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༥ ཉིན་འགོ་འཛུགས་བྱས་པ་ནས་བཟུང་། དངོས་ཟོག་སྐྱེལ་འདྲེན་མེ་འཁོར་གྱི་ལས་གཞི་དེ་མུ་མཐུད་ཡར་རྒྱས་ཕྱིན་ཡོད་ལུགས་དང་། ད་དུང་སྲོལ་རྒྱུན་གྱི་ས་ཐོག་སྐྱེལ་འདྲེན་དང་བསྡུར་ན། དེས་སྐྱེལ་འདྲེན་གྱི་ནུས་པ་བརྒྱ་ཆ་...

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་ཚོགས་བཅར་བ་དང་། UGC དྲུང་ཆེ་གཞོན་པར་མཇལ་ཁ།

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཐེངས་བཞི་པའི་ཚོགས་བཅར་དང་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་བཅས་ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་དང་སྦྲགས། ལྷག་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ནང་པའི་སློབ་གཉེར་ཁང་གསར་འཛུགས་ཀྱི་ལས་གཞིར་ཐུགས་འགན་བཞེས་མཁན་གདན་ས་ཁག་གི་མཁན་རིན་པོ་ཆེ་དང་སློབ་སྟོན་པ་ University Grants Commission (UGC) རྒྱ་གར་གཙུག་ལག་སློབ་གཉེར་ཁང་རོགས་དངུལ་ལྷན་ཁང་གི་དྲུང་ཆེ་གཞོན་པ་ Dr. Vinod Singh Yadav ཝེ་ནོད་སིང་ཡཱ་ཌེབ་བཅས་ལ་མཇལ་ཁ་བཀའ་དྲིན་སྩལ་འདུག དེ་ཡང་དེ་རིང་གི་མཇལ་ཁའི་སྐབས། བོད་བརྒྱུད་ནང་བསྟན་ནི་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དང་། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་དང་བཅས་པའི་ཆོས་ཧ་ཅང་གི་སྤུས་དག་པོ་ཡོད་སྟབས། ལོ་བརྒྱ་ཕྲག་དང་སྟོང་ཕྲག་གནས་པའི་དོན་དུ་མུ་མཐུད་རྒྱུན་འཛིན་བྱ་དགོས་གལ་ཙམ་མ་ཟད། རྒྱ་ནག་སོགས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་སྤུས་དག་པོ་ཞིག་དར་ཁྱབ་ཡོང་རྒྱུའི་ཐད་འགན་འཁུར་དང་དགོངས་བཞེས་དགོས་གལ་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ། དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་ཆོས་བརྒྱུད་ཀྱི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འགྲོ་བཞིན་ཡོད་ཅིང་། ད་རེས་ཐེངས་ ༤ པ་ཆགས་ཀྱི་ཡོད་པ་དང་། ད་ལོའི་ལས་གཞི་དེ་ཐོག་མ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་། དེའི་རྗེས་གནས་མཆོག་ཝཱ་རཱ་ན་སཱིར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་པ་དེའི་སྐོར་མགོན་པོ་༸གང་ཉིད་མཆོག་ལ་སྙན་སེང་དང་། ཆོས་བརྒྱུད་གཉིས་ནས་སྨོན་ལམ་གསུང་འདོན་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་ད་རེས་ལས་གཞི་དེའི་ནང་པཱ་ལིའི་ཆོས་བརྒྱུད་འཛིན་པའི་ཁོངས་ནས་ཐའེ་ལེནྜ་དང་ལ་འོ་སི། ཀོམ་བྷོ་ཌི་ཡ། བྷར་མ། ཤྲི་ལངྐ་བཅས་དང་། ལེགས་སྦྱར་ཆོས་བརྒྱུད་ཁོངས་ནས་གདན་ས་གསུམ་གྱི་གྲྭ་ཚང་དྲུག བཀྲ་ཤིས་ལྷུན་པོ། ར་སྟོད། རྒྱུད་གྲྭ་རྣམ་གཉིས། རྣམ་རྒྱལ་གྲྭ་ཚང་།...

སངས་རྒྱས་ཀྱི་རིང་བསྲེལ་ལྷན་དུ་བཞུགས་པའི་རྩ་ཆེའི་ནོར་བུ་ཁག་གི་འགྲེམས་སྟོན་དབུ་འབྱེད། 

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མེ་ཏོག་པདྨ་དང་འོད་མདངས་ The Light and the Lotus: Relics of the Awakened One ཞེས་པའི་བརྗོད་གཞིའི་འོག་སངས་རྒྱས་ཀྱི་རིང་བསྲེལ་ལྷན་དུ་བཞུགས་པའི་རྩ་ཆེའི་ནོར་བུའི་རིགས་འགྲེམས་སྟོན་འགོ་འཛུགས་གནང་འདུག་པ་དང་། རིང་བསྲེལ་འདི་བཞིན་ལོ་ངོ་ ༡༢༧ རྗེས་རྒྱ་གར་ནང་ཚུར་གདན་འདྲེན་ཞུས་ཏེ་བཞུགས་སུ་གསོལ་བ་ཞིག་ཡིན་པ་རེད་འདུག དེ་ཡང་དེ་རིང་ཕྱི་ཟླ་ ༡ ཚེས་ ༣ ཉིན་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Rai Pithora Cultural Complex རཡི་པི་ཐོ་ར་རིག་གཞུང་ཁང་དུ་ Piprahwa པིཔ་ར་ཝའི་རིང་བསྲེལ་གྱི་འགྲེམས་སྟོན་དབུ་འབྱེད་གནང་འདུག་པ་དང་། དབུ་འབྱེད་དེ་བཞིན་སྲིད་བློན་མོ་དྷི་མཆོག་གིས་གནང་ཡོད་ཅིང་། སྐབས་དེར་རྒྱ་གར་རིག་གཞུང་བློན་ཆེན་དབུས་པའི་དབུས་གཞུང་གི་བློན་ཆེན་ཁག་གཅིག ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན། དེ་བཞིན་ནང་པའི་སྐུ་ཚབ་གཞན་ཁག  རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་པ་སོགས་གནད་ཡོད་མི་སྣ་དང་སློབ་ཕྲུག་སོགས་ལྷན་ཞུགས་གནང་འདུག དབུ་འབྱེད་མཛད་སྒོའི་ཐོག་སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་ནི་འཛམ་གླིང་རྒྱལ་ཁབ་གཞན་དང་ལྷན་དུ་ཆབ་སྲིད་དང་རྒྱལ་འབྲེལ་ཐབས་བྱུས་ཙམ་མིན་པར་ཆོས་ལུགས་དང་དད་མོས་ཀྱི་ཐོག་ནས་ཡང་འབྲེལ་བ་ཡོད་པ་ཞིག་དང་། རྒྱ་གར་ནི་ནང་པ་སངས་རྒྱས་རྒྱུན་འཛིན་པའི་དཔེ་མཚོན་གསོན་པོ་ཞིག་ཡིན་པ་མ་ཟད། དེ་འབྲེལ་རིང་བསྲེལ་ཁག་སྲུང་སྐྱོབ་བྱེད་ཡོད་ཅིང་། སངས་རྒྱས་ཀྱི་མཁྱེན་པ་དང་ལམ་སྟོན་དེ་དག་འགྲོ་བ་མིའི་རིགས་ཡོངས་སུ་རྫོགས་པ་ལ་དབང་ཡོད་སྐོར་སོགས་གསུངས་འདུག རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་...

༸གོང་ས་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཧ་རི་ཝཾ་ཤ་ནཱ་རཱ་ཡ་ཎ་སིཾཧ་མཆོག་ལ་མཇལ་ཁ་སྩལ་འདུག

དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཧ་རི་ཝཾ་ཤ་ནཱ་རཱ་ཡ་ཎ་སིཾཧ་མཆོག་གཙོས་པའི་དད་ལྡན་པ་སུམ་བརྒྱ་ལྔ་བཅུ་ཙམ་ལ་མཇལ་ཁ་སྩལ་གནང་མཛད་པ་མ་ཟད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གནངས་རེས་གཟའ་ཉིན་མའི་ཉིན་དགེ་ལྡན་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༢ ནས་བཟུང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ནང་ཆགས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས་ཞག་མཛད་མུས་དང་འབྲེལ། ས་གནས་ཀྱི་བོད་མི་རྒན་གྲས་རྣམ་པ་དང་ཕྱི་ནང་དད་ལྡན་པ་རྣམ་པ་མ་ཟད། གནད་ཡོད་མི་སྣ་མང་དག་ཅིག་ལ་མཇལ་ཁ་སྩལ་མུས་ཁྲོད། དེ་རིང་སྔ་དྲོ་༸གོང་ས་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཧ་རི་ཝཾ་ཤ་ནཱ་རཱ་ཡ་ཎ་སིཾཧ་མཆོག་གཙོས་པའི་དད་ལྡན་པ་སུམ་བརྒྱ་ལྔ་བཅུ་ཙམ་ལ་མཇལ་ཁ་སྩལ་གནང་མཛད་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་བཅུ་ལྷག་ཡོད་པ་ཐམས་ཅད་ལ་སེམས་ནང་དཀའ་ངལ་ཡོད་པས། མི་རེ་ངོ་རེ་ནས་བསམ་བློ་རྒྱ་ཆེ་ས་དང་གུ་ཡངས་ས་ནས་བཏང་ན་སེམས་ནང་ཡོད་པའི་དཀའ་ངལ་དང་རྙོག་དྲ་རིགས་ཞི་འགྲོ་ཡི་རེད་ཅེས་བཀའ་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་སྐུ་བཞུགས་མཛད་པའི་རིང་ད་བར་བོད་མི་གཙོས་པའི་ཧི་མ་ལ་ཡའི་མི་རིགས་དང་། ཕྱི་རྒྱལ་དད་ལྡན་པ། དེ་བཞིན་གནས་ཡུལ་རྒྱ་གར་བ་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་འབྲེལ། དེ་རིང་གི་མང་མཇལ་སྐབས་གཞན་ཡང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཁ་སང་མཇུག་སྒྲིལ་བའི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཆེད་སྤྱོད་འཇུག་ཆེན་མོ་དང་། རྒྱལ་བའི་མཛད་རྣམ་སྐོར་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་ཚོགས་བཅར་བ་སོགས་ཡོད་པ་རེད་འདུག དེའི་བར་ན་དེ་རིང་དགེ་ལྡན་འཇང་དགུན་ཆོས་རྒྱུན་ལས་ཁང་ནས།  འཇང་དགུན་ཆོས་ལ་ཕེབས་པའི་སྐྱབས་གནས་དགེ་འདུན་པ་རྣམ་པ་དང༌། གཉུག་མར་གནས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་མཚན་ཐོག་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་གསལ་ལྟར་ན། ཟླ་ ༡ ཚེས་ ༤ གནངས་རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་སྔ་སྣུར་གྱིས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་རྭའི་ནང་༸སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགེ་ལྡན་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་འཚོག་རྒྱུ་གཏན་འཁེལ་བྱུང་འདུག གཞི་རྩའི་མཛད་རིམ་ལྟར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་གཉིས་པའི་ཟླ་དཀྱིལ་བར་མོན་གྷོ་ཁུལ་དུ་སྐུ་བཞུགས་མཛད་ཀྱི་ཡོད་པ་དང་།  ཟླ་བ་ ༡ ཚེས་ ༢༡ སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་བརྟན་བཞུགས་བསྟར་འབུལ་ཞུ་ཡི་ཡོད་པ་རེད། The post ༸གོང་ས་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཧ་རི་ཝཾ་ཤ་ནཱ་རཱ་ཡ་ཎ་སིཾཧ་མཆོག་ལ་མཇལ་ཁ་སྩལ་འདུག appeared first on...

དབྱིན་ཡུལ་སྲིད་བློན་ནས་རྒྱ་ནག་ཏུ་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པ་གསུངས་འདུག

དབྱིན་ཡུལ་སྲིད་བློན་ནས་རྒྱ་ནག་ཏུ་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པ་གསུངས་འདུག The post དབྱིན་ཡུལ་སྲིད་བློན་ནས་རྒྱ་ནག་ཏུ་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པ་གསུངས་འདུག appeared first on vot.

ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་གཏམ་བཤད་ནང་ཐེ་ཝན་བཙན་བཟུང་བྱ་རྒྱུའི་བརྡ་ལན་བསྐྱར་ནན་བྱས་འདུག

ཉེ་ཆར་རྒྱ་ནག་གི་ཐེ་ཝན་ཉེ་འགྲམ་དུ་དམག་གི་སྦྱོང་བརྡར་ཤུགས་ཆེ་ཞིག་མཇུག་སྒྲིལ་བྱས་པའི་ཉིན་གཅིག་རྗེས། ཁ་ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་གཏམ་བཤད་ནང་དུ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་གཏང་རྒྱུ་དེ་ནི་ལྡོག་ཏུ་མི་ཐུབ་པའི་དུས་རབས་ཀྱི་འགྲོ་ལུགས་ཤིག་ཡིན་སྐོར་དང་འབྲེལ། ངེས་པར་དུ་ཟླ་སྒྲིལ་གཏང་རྒྱུ་ཡིན་པ་སོགས་བརྗོད་འདུག དེ་ཡང་ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ་སྲིད་འཛིན་ཞི་ཅིན་ཕིང་གི་སྤྱི་ལོ་གསར་པའི་གཏམ་བཤད་ཡོང་བསྒྲགས་བྱས་པའི་ནང་དུ། རྒྱ་ནག་དང་ཐེ་ཝན་གྱི་རྒྱ་རིགས་མང་ཚོགས་གཉིས་དབར་ཁྲག་དང་སྤུན་ཉེ་འབྲེལ་གྱི་འབྲེལ་བ་ཤུགས་ཆེ་ཞིག་ཡོད་སྐོར་དང་འབྲེལ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་བཏང་སྟེ་མེ་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་དུས་རབས་ཀྱི་འགྲོ་ལུགས་གཅིག་དང་བཀག་མི་ཐུབ་པའི་གནད་དོན་ཞིག་རེད་ཅེས་བརྗོད་དེ་ཐེ་ཝན་བཙན་བཟུང་གིས་རྒྱ་ནག་གི་ལྷན་དུ་ཟླ་སྒྲིལ་གཏང་རྒྱུའི་བརྡ་ལན་བསྐྱར་ནན་བྱས་འདུག མ་ཟད་བདུན་ཕྲག་འདིའི་རེས་གཟའ་མིག་དམར་དང་ལྷག་པ་གཉིས་ལ་རྒྱ་ནག་དམག་གིས་ Justice Mission 2025 ཞེས་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་དུ་འཐབ་འཛིང་གནམ་གྲུ་ ༢༠༠ ལྷག་དང་མེ་ཤུགས་འཕུར་མདའ། མི་མེད་གནམ་གྲུ་བཏང་བ་སོགས་ཀྱི་དམག་གི་སྦྱོང་བརྡར་བྱས་པའི་བརྒྱུད་ནས་ཐེ་ཝན་ལ་འཇིགས་སྐུལ་དང་། ཐེ་ཝན་རང་བཙན་རྩོད་རྒྱུའི་བསམ་བློ་འཁྱེར་མཁན་རྣམས་ལ་ཉེན་བརྡ་ཤུགས་ཆེན་པོ་ཞིག་བཏང་ཡོད་འདུག དེ་དོན་ཁ་ཉིན་ཐེ་ཝན་སྲིད་འཛིན་ Lai Ching-te ཡི་སྤྱི་ལོ་གསར་པའི་གཏམ་བཤད་ཁྲོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཐེ་ཝན་མང་ཚོགས་ལ་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཡོད་མིན་བལྟས་ནས་བསྡད་ཡོད་སྐོར་དང་འབྲེལ། ཐེ་ཝན་མང་ཚོགས་དང་ལྷག་པར་དུ་ཡུལ་དེའི་ཕྱོགས་འགལ་ཚོགས་པ་རྣམས་ལ་ཨ་སྒོར་ཐེར་འབུམ་ ༤༠ ཙམ་གྱི་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་འདེབས་གནང་བ་མ་ཟད། ཡོང་རྒྱུའི་ཕྱི་ལོ་ ༢༠༢༦ དེ་ནི་ཐེ་ཝན་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོའི་སྡུག་ས་ནས་གྲ་སྒྲིག་དང་ཡག་ས་ནས་རེ་བ་རྒྱག་དགོས་པ་གསུངས་འདུག སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ནང་ལྷག་པར་དུ་སྤྱི་ལོ་ ༢༠༢༥ མཇུག་སྒྲིལ་བ་དང་སྦྲགས་ནས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པ་དེ་ཡང་མཇུག་སྒྲིལ་མཚམས་སུ་སླེབས་ཡོད་སྐོར་དང་འབྲེལ། འདས་པའི་ལོ་ལྔའི་ནང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་མཚན་རིག་དང་འཕྲུལ་ལས་ནུས་ཤུགས། དེ་བཞིན་རྒྱལ་སྲུང་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྔར་ལས་ལྷག་པའི་ཚད་གཞིར་སླེབས་ཡོད་སྐོར་དང་། རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་མངོན་གསལ་དོད་པོའི་ཐོག་སེམས་འཚབ་འགྲེལ་བརྗོད་གནང་བཞིན་པའི་བོད་ཀྱི་ཡར་ཀླུངས་གཙང་པོའི་སྟེང་ཨ་སྒོར་ཐེར་འབུམ་ ༡༧༠ ཙམ་གྱི་འགྲོ་གྲོན་གནས་པའི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཟིན་པ་བརྗོད་འདུག རྩ་བའི་དབྱེ་ཞིབ་པ་རྣམས་ཀྱི་གསུངས་ན།...

ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། The post ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། appeared first on vot.

དྲྭ་རྒྱའི་ངན་བྱུས་འཇབ་རྐུས་འོག་བོད་མི་ཞིག་གི་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག

དྲ་རྒྱའི་ངན་བྱུས་འཇབ་རྐུས་འོག་བོད་མི་ཞིག་གི་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག The post དྲྭ་རྒྱའི་ངན་བྱུས་འཇབ་རྐུས་འོག་བོད་མི་ཞིག་གི་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག appeared first on vot.

Thursday 01/01/2026

ཪེས་གཟའ་ཕུར་བུ། ༢༠༢༦།༠༡།༠༡ ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ། ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་གསར་པ་རྣམ་པ་ངོ་སྤྲོད། བོད་གངས་ཅན་པ་དང་འཕགས་པ་སྤྱན་རས་གཟིགས་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་སྟོན་པའི་ལུང་བསྟན་ནང་གསལ་པོར་བཀོད་ཡོད་ཅེས་གསུངས་འདུག

དགའ་ལྡན་སུན་རྩེན་གླིང་དུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་ཟེར་བའི་ཟབ་སྦྱོང་འཚོགས་པ།

ཟླ་བ་འདིའི་ཚེས་ ༢༨ ཉིན་བོད་རྒྱལ་ཐང་གྲོང་གི་བྱང་དུ་ཆགས་པའི་དགའ་ལྡན་སུན་རྩེན་གླིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་ཟེར་བའི་ཟབ་སྦྱོང་རྒྱས་པ་ཞིག་གོ་སྒྲིག་བྱས་འདུག ཟབ་སྦྱོང་ཐོག་ཕྱོགས་ཁག་སོ་སོའི་དགེ་འདུན་པ་ཁྱོན་ ༡༥༠ ལྷག་མཉམ་ཞུགས་བྱས་པ་དང་། སྐབས་དེར་རྒྱ་གཞུང་གི་འགོ་ཁྲིད་ཚོས་གཙོ་བོ་ཏང་གི་ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། ཉམས་ལེན་གཙོ་འཛིན། ཏང་གི་སྣང་བརྙན་བཞེངས་སྐྲུན་ཟེར་བ་སོགས་བརྗོད་གཞི་ཁག་གཅིག་གཙོ་བོར་འཛིན་ཐོག ཏང་གི་བཀའ་ལ་རྩིས་ནས་བཟང་པོ་གསུམ་ལྡན་གྱི་གྲྭ་བཙུན་བྱ་རྒྱུ་དང་། ཞི་ཅིན་ཕིང་གི་བསམ་བློ་ལ་སློབ་སྦྱོང་བྱས་རྗེས་སྔོན་ཐོན་ཅན་གྱི་སྤྱི་ཚོགས་དང་། དགོན་སྡེའི་གྲལ་དུ་ཚུད་ཐུབ་པ་བྱ་རྒྱུ། དེ་བཞིན་གཞུང་ངོས་ཀྱི་མཐུན་རྐྱེན་ལ་དགའ་སྤྲོ་འཁོར་བའི་ཐོག་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགོན་སྡེ་དང་གྲྭ་བཅུན་གྱི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ་ལ་འབོད་བརྩོན་བྱ་དགོས་པའི་སྦྱོང་བརྡར་སྤྲད་ཡོད་པ་རེད་འདུག སྤྱིར་དགའ་ལྡན་སུན་རྩེན་གླིང་ཞེས་པ་ནི་རྒྱ་ནག་གིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ས་བགོས་བྱས་པའི་རྒྱལ་ཐང་གྲོང་གི་བྱང་དུ་ཆགས་ཡོད་པ་དང་། དེའང་རབ་བྱུང་བཅུ་གཅིག་པའི་ས་ལུག་ཕྱི་ལོ་ ༡༦༧༩ ལོར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་གནས་འདིར་ཞབས་ཀྱིས་བཅགས་ཤིང་རྙིང་དགོན་ཆེ་བ་གསུམ་དང་ཆུང་བ་དུ་མ་ལྷན་བསྡུས་ཀྱིས་ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར་ཕྱག་བཏབ་ཏེ་མཚན་འདི་ལྟར་གསོལ་བར་མཛད་པ་བཅས། ལོ་ ༣༤༠ ཉེ་བའི་ལོ་རྒྱུས་ཅན་གྱི་དགོན་པ་ཞིག་ཡིན་པ་རེད། དེའང་རྒྱ་ནག་གིས་བོད་ས་བཙན་འཛུལ་མ་བྱས་པའི་ཡར་སྔོན་དུ་བདེ་ཆེན་ཡུལ་གྲུའི་བོད་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བ་ཡིན་པ་དང་། དགོན་པ་དེ་ཉིད་ནས་དགའ་ལྡན་ཁྲི་རབས་སོ་གཅིག་པ། སོ་བདུན་པ། རེ་བཞི་པ། རྒྱལ་དབང་གི་ཡོངས་འཛིན་སོགས་སྐྱེས་ཆེན་དམ་པ་གང་མང་གིས་རླབས་ཆེ་བའི་མཛད་རྗེས་བཞག་ཡོད་པ་ཞིག་ཡིན་པ་རེད། གཞི་རྩའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་ཉིད་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་ ༢༣ བར་པེ་ཅིང་དུ་འཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཙ་བོར་མཚོན་པའི་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་བཅོ་ལྔ་པའི་རྨང་གཞི་འདིང་བ་མ་ཟད། རྒྱ་ནག་གི་དཔལ་འབྱོར་དེང་རབས་ཅན་དུ་བསྒྱུར་བ་དང་མཉམ་དུ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་། སྲིད་གཞུང་གི་ནུས་པ།...

ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཡིན་པའི་རྒྱ་ནག་ལ་སྐྱོན་བརྗོད།

རྒྱ་ནག་གིས་ཨ་རུ་ན་ཅལ་དེ་ཉིད་བོད་ལྷོ་ཕྱོགས་ཡིན་པའི་བདག་དབང་དང་། དེར་མིང་བསྒྱུར་སོགས་ཀྱི་བྱ་སྤྱོད་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པར། རྒྱ་དཀར་ནག་གཉིས་བར་མི་མཐུན་པའི་འབྱུང་རྐྱེན་གཙོ་གྲས་ཤིག་ཏུ་གྱུར་ཡོད་པའི་ཁྲོད། ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མིས་ས་ཁུལ་དེ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་ནན་བརྗོད་དང་འབྲེལ། བྷང་ལ་དྷེཤ་ལའང་ཉེན་བརྡ་བཏང་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ Tapir Gao ཏ་པིར་གའོ་ལགས་ཀྱིས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ནན་བརྗོད་ཐོག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དེ་འབྲེལ་གསུངས་ཡོད་སྐོར་ལུང་འདྲེན་བྱས་འདུག་ཅིང་། ལྷག་པར་རྒྱ་ནག་བོད་ནས་ཕྱིར་ཐོན་དགོས་པའི་དུས་ཚོད་ཅིག་སླེབས་ངེས་ཡིན་པ་བརྗོད་འདུག ད་དུང་བྷང་ལ་དྷེཤ་ངོས་ནས་སྲིད་བློན་མོ་དྷི་དབུ་ཁྲིད་པའི་རྒྱ་གར་ཐོག་གོ་དོན་ལོག་པར་འཛིན་རྒྱུ་མེད་པའི་ཉེན་བརྡ་དང་འབྲེལ། ཁྱིམ་མཚེས་རྒྱལ་ཁབ་ནས་རྒྱ་གར་བྱང་ཤར་ཕྱོགས་སུ་ས་ཁོངས་རྒྱ་སྐྱེད་བྱ་འདོད་ཡོད་པའི་གནད་དོན་ལ་སྐྱོན་བརྗོད་ཀྱིས། རྒྱ་གར་ནས་སྤྱི་ལེ་ ༢༢ ཙམ་གྱི་ Siliguri Corridor ཤི་ལི་གུ་རི་སྲང་ལམ་དེ་ཉིད་རྒྱ་སྐྱེད་དང་། དགོས་ངེས་བྱུང་ཚེ་བྷང་ལ་དྷེཤ་ལྷོ་ངོས་སུ་ཡོད་པའི་ Chittagong Hill  ཅིཏྟ་གོང་ས་ཁྱོན་དེ་ལེན་རྒྱུ་ནུས་པ་ཡོད་པར་ད་ལྟའི་ཆར་རྒྱ་གར་གང་ཡང་བྱེད་མ་ཐུབ་པ་མེད་ཅེས་ཉེན་བརྡ་བཏང་འདུག ལྷག་པར་རྒྱ་གར་ནང་དུ་ཁྲིམས་འགལ་ཐོག་འཛུལ་བའི་བྷང་ལ་དྷེཤ་དང་ Rohingya རཱོ་ཧིང་གིཡ་གནས་སྤོ་རྣམས་ཕྱིར་འབུད་གཏང་དགོས་ཤིང་། རྒྱ་གར་གཞུང་ནས་ཚད་ལྡན་གྱི་ཡིག་ཆ་མེད་པ་རྣམས་ཀྱི་ཐོག་ལ་ལག་བསྟར་ནན་པོ་བྱ་དགོས་པ་བརྗོད་འདུག དེ་བཞིན་རྒྱ་གར་གྱི་གཞུང་ཚབ་མི་སྣ་ཟུར་པ་ KP Fabian ཀེ་པི་ཧྥ་བི་ཡཱན་ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་ནི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་ཀྱི་ཡོད་པ་དེ་ནི་ཡུན་རིང་རྒྱ་སྐྱེད་རིང་ལུགས་ཀྱི་བྱེད་བབ་ཞིག་ཡིན་པ་དེ་ལྟར་ཡང་། རྒྱ་གར་ངོས་ནས་པེ་ཅིང་དང་ལྷན་དུ་ཚོང་འབྲེལ་དང་མ་འཛུགས་སོགས་ཀྱི་བརྒྱུད་ནས་འབྲེལ་ལམ་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། ཨ་རིའི་ Pentagon བདེ་སྲུང་ལྷན་ཁང་གི་དཔྱད་ཞིབ་ལ་ལུང་འདྲེན་གྱིས། རྒྱ་ནག་གི་ངོས་ནས་ཨ་རུ་ན་ཅལ་དེ་ཉིད་བོད་ཀྱི་མཛུབ་མོ་ལྔའི་ཡ་གལ་ཞིག་ཏུ་ངོས་འཛིན་བྱེད་པ་དེ་བདེན་པ་ཡིན་སྐོར་བརྗོད་འདུག...

རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་གཅིག་པ་པེ་ཅིང་དུ་འཚོགས་པ།

རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་གཅིག་པ་པེ་ཅིང་དུ་འཚོགས་པ། The post རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་གཅིག་པ་པེ་ཅིང་དུ་འཚོགས་པ། appeared first on vot.

༸དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་པ།

༸དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་པ། The post ༸དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་པ། appeared first on vot.

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁོངས་སུ་དེབ་སྐྱེལ་བྱུང་བ།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་ཕྱི་ལོ་ ༡༩༧༠ ལོར་དབུ་བརྙེས་ནས་ད་ལྟའི་ཆར་ལོ་ངོ་ ༥༥ འཁོར་བ་དང་། སློབ་གྲྭ་དེ་ཉིད་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་ Madhu Bangarappa མཱ་དྷུ་བཱངྒ་རཔ་པ་མཆོག་གིས་དབུས་པའི་ཆེ་བསྟོད་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་འཐུས་མི་ Arbail Shivaram Hebbar ཨར་བིལ་ཤི་ཝ་རཱམ་ལགས། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་དང་བཀའ་ཟུར་བསྟན་པ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་དགའ་ལྡན་ཤར་བྱང་དང་། ར་སྟོད། སྙིང་མ་མཁན་རིན་པོ་ཆེ། ས་གནས་ཀྱི་དཔོན་རིགས། ས་གནས་འགོ་འཛིན། སློབ་གྲྭའི་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༧༠༠ ཙམ་ནས་ལྷན་ཞུགས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་དེ་ཉིད་དབུ་བརྙེས་པ་དང་། སྐབས་དེར་སློབ་ཕྲུག་ ༢༢ ཡོད་ཅིང་།...

རྒྱ་གར་བྱང་ཤར་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཆེས་ཐོག་མ།

རྒྱ་གར་བྱང་ཤར་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཆེས་ཐོག་མ། The post རྒྱ་གར་བྱང་ཤར་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཆེས་ཐོག་མ། appeared first on vot.

འབྲས་སྤུངས་བློ་གསལ་གླིང་དུ་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོའི་སྐོར་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས།

བྱེས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཆེན་མོའི་མཛད་སྒོ་སྲུང་བརྩི་དང་རིས་མེད་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་ལ་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་གོ་སྟོན་ཆེན་མོའི་མཛད་སྒོ་སྲུང་བརྩི་ཞུས་པ་མ་ཟད། དེ་རིང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུས། སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆེད་མཁས་པ། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་ཆེན་པོ་ཁག་གི་མཁས་པ་དང་དགེ་བཤེས།  དགེ་བཤེས་མ་སོགས་ཁྱོན་མི་གྲངས་ ༣༥༠ ལྷག་ལྷན་འཛོམས་ཐོག་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོའི་སྐོར་རིས་མེད་མཁས་པའི་བགྲོ་གླེང་ཞིག་དབུ་འབྱེད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཡོད་པ་འབྲས་སྤུངས་བློ་གསལ་གྱི་བླ་མ་གཞུང་ལས་པ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དཔལ་མཆོག་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་འབྲས་སྤུངས་བློ་གསལ་གླིང་དུ་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་ཐོག་མཁས་པའི་བགྲོ་གླེང་སྣ་མང་གོ་སྒྲིག་ཞུས་ཀྱི་ཡོད་ཀྱང་ད་ལན་རིས་མེད་ཆོས་བརྒྱུད་ཁག་གི་མཁས་པ་དང་དགེ་བཤེས། དགེ་བཤེས་མ་སོགས་གདན་ཞུས་ཀྱིས་བགྲོ་གླེང་འདི་རིགས་ཚོགས་པ་ཆེས་ཐོག་མ་ཡིན་ཞེས་གསུངས་སོང་། ད་ལན་གྱི་རིས་མེད་མཁས་པའི་བགྲོ་གླེང་དེ་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་ ༡ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་འཚོག་གནང་གི་ཡོད་ཅིང་། དེའི་ནང་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཐོག་རྒྱུད་མངའ་ཆེན་པོ་ཡོད་པའི་མཁས་དབང་ ༢༤ ཡིས་སྤྱོད་འཇུག་ལེའུ་དགུ་པ་བར་གྱི་དཔྱད་རྩོམ་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ། དེ་བཞིན་ཉིན་མཐའ་མའི་ཉིན་རྒྱབ་བགྲོ་གླེང་གི་མཇུག་སྡོམ་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད། རྩ་བའི་འབྲས་སྤུངས་བློ་གསལ་གླིང་གི་མཁན་བླ་འདུས་མང་ཡོངས་ནས་ཁ་སང་༸རྒྱལ་བའི་གོ་སྟོན་དང་བསྟུན་སྔ་དྲོ་༸རྒྱལ་བའི་གཟིམས་ཆུང་དུ་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་འདེགས་འབུལ་ཞུས་རྗེས་དངོས་གཞིའི་མཛད་སྒོ་ཟབ་རྒྱས་ཤིག་གོ་སྒྲིག་ཞུས་པའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་དབུས། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་གཞིས་འགོ། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་བཅས་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་གིས། ད་ལྟའི་འཛམ་གླིང་ནང་མི་མཐུན་པ་དང་འཁྲུག་རྩོད་ཀྱི་གནས་སྟངས་འོག་ཏུ་༸གོང་ས་མཆོག་གིས་བཏོན་གནང་མཛད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ལམ་ནི་གལ་ཆེན་པོ་ཡིན་པ་གསུངས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་གནའ་བོའི་རྒྱ་གར་གྱི་ཤེས་བྱའི་མཛོད་ཡིན་པ་བརྗོད་དེ་ཏཱ་ལའི་བླ་མ་མཆོག་ནི་གནའ་བོའི་ཤེས་རིག་དང་དེང་རབས་ཀྱི་འཛམ་གླིང་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་གསུངས་འདུག སྐུ་ཞབས་ཁོང་གིས་ད་དུང་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ལ་གཞུང་ནས་མཁོ་བའི་རྒྱབ་སྐྱོར་ཡོད་ཚད་གནང་རྒྱུའི་ཁས་ལེན་གནང་འདུག་ཅིང་། གཞན་ཡང་ཨུཏྟ་ར་ཀཎ་ཌ་ནས་གྲོས་ཚོགས་འཐུས་མི་ Vishveshwarayya...

རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞི་རྐྱེན་པས་འབའ་ཐང་རྫོང་གི་གཞུང་ལམ་རྡིབ་སྐྱོན་བྱུང་འདུག

རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞི་རྐྱེན་པས་འབའ་ཐང་རྫོང་གི་གཞུང་ལམ་རྡིབ་སྐྱོན་བྱུང་འདུག The post རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞི་རྐྱེན་པས་འབའ་ཐང་རྫོང་གི་གཞུང་ལམ་རྡིབ་སྐྱོན་བྱུང་འདུག appeared first on vot.

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་ཚོང་ལས་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་དང་ཐེ་ཝན་མཐའ་འཁོར་དུ་དམག་སྦྱོང་འགོ་འཛུགས།

རྒྱ་གཞུང་གིས་ཐེ་ཝན་དེ་ཉིད་འདས་མ་ད་གསུམ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། ཐེ་ཝན་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུའི་ལས་དོན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་པའི་ཁྲོད། ཉེ་ལམ་ཨ་རིའི་ཊམ་སྲིད་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་ ༡༡ ལྷག་ཙམ་གྱི་རིན་གོང་ལྡན་པའི་དམག་གི་གོ་མཚོན་ཚོང་འགྲེམ་བྱ་རྒྱུ་ཁས་ལེན་བྱས་པ་ལྟར། རྒྱ་ནག་གཞུང་གིས་དེའི་ལན་དུ་ཨ་རིའི་རྒྱལ་སྲུང་ཚོང་ལས་ཁང་ཁག་གཅིག་དང་འབྲེལ་ཡོད་འགན་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་བ་མ་ཟད། དེ་རིང་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་འགོ་འཛུགས་བྱས་འདུག དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་ Northrop Grumman Systems དང་། L3Harris Marine Division། Boeing St. Louis Division གཙོས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་ལག་རྩལ་བཟོ་ལས་ཁང་ ༢༠ དང་། དེ་དག་གི་འབྲེལ་ཡོད་འགན་འཛིན་སོགས་མི་སྣ་ ༡༠ ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་སྤེལ་འདུག་པ་དང་།  དེ་ནི་ཊམ་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ཐེ་ཝན་ལ་ HIMARS ཞེས་འགུལ་ཤུགས་ཆེ་བའི་མེ་ཤུགས་འཕུར་མདའི་མ་ལག་སོགས་ཁྱོན་ཨ་སྒོར་ཐེར་འབུམ་ 11.15 ཡི་གོ་མཚོན་ཚོང་འབྲེལ་མོས་མཐུན་བྱས་པར་བརྟེན་ནས་ཡིན་སྐོར་བརྗོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝན་གྱི་གནད་དོན་ཐད་རྒྱ་ནག་གིས་དམར་ཐིག་བརྒལ་བའི་གནད་དོན་གང་རུང་ལ་ལན་འདེབས་བརྟན་པོ་བྱེད་རྒྱུ་ཡིན་ཅེས་བཤད་འདུག རྒྱ་གཞུང་གིས་ཨ་རིའི་རྒྱལ་སྲུང་ཚན་པའི་ཆེད་མཁས་མི་སྣ་དེ་དག་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་ཐོན་ཕྲལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས།  རྒྱ་གཞུང་གི་བྱ་ཐབས་དེར་སྐྱོན་བརྗོད་དང་འབྲེལ།...

ལྡི་ལི་ཁྲིམས་ཁང་ནས་བོད་སྒར་བསམ་ཡས་གླིང་གི་ཁྲིམས་འགལ་ཟ་ཁང་དང་ཇ་ཁང་རྣམས་ལ་ཁྲིམས་མཐུན་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་འདུག

ལྡི་ལི་ཁྲིམས་ཁང་ནས་བོད་སྒར་བསམ་ཡས་གླིང་གི་ཁྲིམས་འགལ་ཟ་ཁང་དང་ཇ་ཁང་རྣམས་ལ་ཁྲིམས་མཐུན་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་འདུག The post ལྡི་ལི་ཁྲིམས་ཁང་ནས་བོད་སྒར་བསམ་ཡས་གླིང་གི་ཁྲིམས་འགལ་ཟ་ཁང་དང་ཇ་ཁང་རྣམས་ལ་ཁྲིམས་མཐུན་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་འདུག appeared first on vot.

བསྒྲུབ་བྱ་ ༥༡ ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་འབོག་ཆོག་མཛད་པ།

དེ་རིང་ཕྱི་ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་བསླབ་སྡོམ་བཀའ་དྲིན་སྩལ་བ་དང་འབྲེལ། བསྟན་པ་ཉག་ཕྲ་བའི་དུས་སྐབས་འདིར་ཚང་མས་སེམས་ཤུགས་བསྐྱེད་དེ་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ཡག་པོ་ཞིག་ཡོང་རྒྱུར་ལས་འགན་དང་སྨོན་ལམ་ཡང་དེ་ལྟར་རྒྱག་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག དེ་རིང་ནས་བཟུང་ཕྱི་ཚེས་ ༢༧ བར་དང་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ནང་༸གོང་ས་མཆོག་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་སྩལ་བའི་མཛད་འཆར་ཡོད་པ་དང་། རྩ་བའི་ཕྱི་ལོ་ ༡༩༥༤ ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱ་ཀྱ་མུ་ནེ་སྤྱན་སྔར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡོངས་སུ་བདག་གིར་བཞེས་ཡོད་ཅིང་། ཤར་པ་ཆོས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོས་མཁན་པོ་མཛད་ཅིང་། སྐབས་དེའི་དགའ་ལྡན་ཁྲི་རིན་པོ་ཆེར་བྱེས་ཐུབ་བསྟན་ཀུན་དགས་དུས་བསྒོ་བ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོས་གསང་སྟེ་སྟོན་པའི་སློབ་དཔོན་མཛད། དགའ་ལྡན་ཁྲི་ཟུར་འབྲས་བློ་གླིང་མི་ཉག་བཀྲ་ཤིས་སྟོང་འདུས་དང་བྱང་རྩེ་ཆོས་རྗེ། མཚན་ཞབས་རྣམ་པ་སོགས་ཀྱི་ལས་ཀྱི་ཁ་སྐོང་མཛད་ཡོད་པ་རེད།  ལྷག་པར་ཕྱི་ལོ་ ༡༩༦༠ ཟླ་བ་ ༡ ནང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་ཐོག་མར་སྐོར་སའི་གནས་ཝཱ་རཱ་ཎ་སཱི་སཱ་ར་ནཱ་ཐ་དུ་བསྒྲུབ་བྱ་ ༡༥ ལ་བསྙེན་རྫོགས་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་འབོག་པ་ཐོག་མ་དེ་ཡིན་པ་རེད།  གཞི་རྩའི་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྒྲུབ་བྱ་དགེ་ཚུལ་ ༥༧༦༨ དང་། དགེ་སློང་ ༡༨༦༩༣ ལ་སྡོམ་པ་འབོག་ཆོག་མཛད་ཡོད་པ་དང་།...