TibetTV
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༡།༠༧ Tibet TV Daily News– January.07,2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གི་ཤེས་རིག་དྲུང་ཆེ་ཟུར་པ་དང་གཙུག་ལག་སློབ་གཉེར་ཁང་སྟངས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སོགས་ལ་མཇལ་ཁ་སྩལ་བ། ◆ ཀུ་ལུ་ས་གནས་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་གྱོན་གོས་སྦྱིན་གཏོང་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ། ◆ བོད་དོན་རྒྱབ་སྐྱོར་བ་སཾ་དེཤ་མེཤྲཱམ་ལགས་ཀྱིས་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་འགྲུལ་བཞུད་ལས་འགུལ་ཐེངས་ ༦ པ་དེ་སྤེལ་བཞིན་པ།
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༡།༠༦ Tibet TV Daily News– January.06, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་སློབ་གཉེར་བ་རྣམས་ལ་མཇལ་ཁ་སྩལ་བ། ◆ རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་ཟླ་གཅིག་གི་བོད་ཀྱི་ཆོས་རིག་ཟབ་སྦྱོང་ཐེངས་དགུ་པ་དབུ་འཛུགས་གནང་བ། ◆ སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་ས་གནས་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་ཡིག་ཆས་བགོོ་འགྲེམས་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ། ◆ བོད་ཀྱི་ཟློས་གར་ཚོགས་པ་ནས་དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ཐེངས་བཞི་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས་སྤེལ་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༢།༣༡ Tibet TV daily news– December.31, 2025
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ ༡༥༣ ལ་བསྙེན་རྫོགས་ཀྱི་བསླབ་སྡོམ་སྩལ་བ། ◆ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་ཡོད་པ་གསལ་འདོན་གནང་བ། ◆ དཔལ་ལྡན་ཚོགས་གཞོན་མཆོག་དང་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་ནས་བཞུགས་སྒར་དུ་ཕེབས་པའི་པུ་ནེ་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་མ་རྣམས་དང་མཇལ་འཕྲད་གནང་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༢།༣༠ Tibet TV Daily News– December.30, 2025
◆ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་སྦེལ་ཀོབ་ནང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཟིན་པ། ◆ ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ། ◆ སིམ་སྤྱི་ལྷག་པ་ཚེ་རིང་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ། ◆ རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགོ་ཁྲིད་གསར་འདེམས་ཀྱི་ཚོགས་འདུ་ཞིག་ཚོགས་པ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༢།༢༩ Tibet TV Daily News – December.29, 2025
◆ དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ནས་གོ་སྒྲིག་ཞུས་པའི་རིས་མེད་མཁས་པའི་བགྲོ་གླེང་དང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དབུས་བརྙེས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་གནང་བ། ◆ དཔལ་ལྡན་ཚོགས་གཙོ་མཆོག་གིས་དབུས་པའི་བོད་མི་མང་དགེ་ལུགས་སྤྱི་འཐུས་རྣམ་གཉིས་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་མཇལ་ཁ་ཞུས་པ། ◆ འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་བ། ◆ ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་དགོན་སྡེ་ཁག་དང་བོད་མིའི་གཞིས་ཆགས་ཁག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
《本週西藏》第 464 期 2025 年 12 月 26 日 Tibet This Week: Chinese
歡迎收看藏人行政中央電視台《本週西藏》華語新聞節目,本節目旨在傳播西藏、達賴喇嘛尊者和藏人行政中央的最新消息。 Tibet This Week: Bulletin 464, December 26, 2025, is a Weekly news feature on Tibet, His Holiness the Dalai Lama, and Central Tibetan Administration. 本期新聞要點 1. 達賴喇嘛尊者出席印南哲蚌寺舉辦的長壽法會; 2. 約十萬人完成即將舉行的流亡藏人大選登記; 3. 西藏人民議會在新德里舉行跨宗教祈禱法會; 4. 安全部長嘉日卓瑪禮節性拜會卡納塔克邦內政部長; 5. 歐洲議會跨黨派支持西藏小組譴責中國大規模逮捕藏人; 6. 日本西藏之家為當地藏人舉辦西藏意識工作坊; 7. 全球藏人持續慶祝達賴喇嘛尊者榮獲諾貝爾和平獎三十六週年。
བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༡༢།༢༦ Tibet This Week(Tibetan) December.26, 2025
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧རྗེ་འཇམ་དབྱངས་ཆོས་རྗེའི་གསེར་ཁྲིར་མངའ་གསོལ་དང་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་བ། ◆ དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་ཀརནཱ་ཊ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ། ◆ འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གི་ལྡི་ལི་ནང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ། ◆ བོད་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོན་འདོན་གྱི་ལས་གཞིར་བོད་མི་ཚོས་བཀག་འགོག་བྱས་པར་རྒྱ་ནག་གཞུང་གིས་མི་གྲངས ༨༠ ལྷག་འཛིན་བཟུང་བྱས་པའི་ཛ་དྲག་གནས་སྟངས་དང་འབྲེལ། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #weeklynews #tibettv


































