Congress Moves to Fund Voice of America, Rejects Trump Shutdown Push
ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཨ་རིའི་རླུང་འཕྲིན་ཁང་ལ་མུ་མཐུད་ལོ་རེའི་འགྲོ་གྲོན་གནང་རྒྱུ།
Congress Moves to Fund Voice of America, Rejecting Trump’s Shutdown Push
སྔ་ལོ་སྲིད་འཛིན་ཌོ་ནལ་ཀྲོམ་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མ་ (USAGM) ལས་མཚམས་འཇོག་དགོས་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། དེར་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀས་ངོས་ལེན་མ་བྱས་པར་ཨ་རིའི་རླུང་འཕྲིན་ཁང་ལ་མ་དངུལ་མུ་མཐུད་ནར་གཏོང་བྱེད་རྒྱུའི་མོས་མཐུན་བྱུང་འདུག རྩ་བའི་སྲིད་འཛིན་ཀྲོམ་གྱིས་ཨ་རིའི་རླུང་འཕྲིན་ཁང་རིམ་པས་ལས་མཚམས་འཇོག་ཆེད་དུ་འདི་ལོའི་སྔོན་རྩིས་ནང་ཨ་སྒོར་ས་ཡ་ ༡༥༣ ཙམ་མ་གཏོགས་འཆར་འབུལ་ཞུས་མི་འདུག་ཀྱང་། ད་ལམ་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་འགོད་ཚོགས་ཆུང་གིས་ཨ་རིའི་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མ་ (USAGM) ལ་ཨ་སྒོར་ས་ཡ་ ༦༥༣ ཙམ་གྱི་སྔོན་རྩིས་བསྣམ་ཕེབས་ཡོད་འདུག་ཅིང་། དེའི་ནང་ལས་ཁུངས་ཡར་རྒྱས་དང་འཛུགས་སྐྲུན་ཆེད་ཨ་སྒོར་ས་ཡ་ ༡༠ ཙམ་ཡང་ཚུད་ཡོད་འདུག
སོང་ཙང་ད་ལྟའི་ཆར་སྔོན་རྩིས་དེ་བཞིན་ཡོངས་སུ་གཏན་འབེབས་བྱུང་ཟིན་མེད་ནའང་། རིམ་པས་གྲོས་ཚོགས་འོག་མ་དང་གོང་མ་གཉིས་ཀ་བརྒྱུད་དེ་བཀའ་འཁྲོལ་ཐོབ་དགོས་པ་ཞིག་ཆགས་བསྡད་ཡོད་འདུག །
U.S. lawmakers from both parties have agreed to continue funding Voice of America, rejecting President Donald Trump’s proposal to shut down the international broadcaster. A bipartisan spending bill allocates about $653 million to the U.S. Agency for Global Media, which oversees VOA, including nearly $10 million for capital improvements. Although the funding is lower than the $867 million approved in each of the past two years, it far exceeds the $153 million requested by the Trump administration to support an “orderly shutdown” of the agency. The funding is part of a broader bipartisan budget deal that still requires approval from both the House and Senate before being sent to the president.





