Dalai Lama arrives in Hunsur; Gyudmey Tantric Monastery holds ‘Tenshug’ ceremony
དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
Dalai Lama arrives in Hunsur; Gyudmey Tantric Monastery holds ‘Tenshug’ ceremony
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་ལོ་ངོ་བཅུ་ཙམ་གྱི་རྗེས་ཆིབས་བསྒྱུར་བཀྲིན་མཛད་ཡོད་པ་དང་། ༸གོང་ས་མཆོག་ཁ་སང་ཁུལ་དེའི་ནང་ཆགས་པའི་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་ཞབས་སོར་འཁོད་མ་ཐག་མགོན་པོ་༸གང་ཉིད་ནས་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་རིང་བོད་བསྟན་སྲིད་སླད་མུ་མཐུད་ཞབས་འདེགས་བསྒྲུབས་ཐུབ་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་བསྩལ་བ་མ་ཟད། དེ་རིང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་ཚོགས་ཆེན་འདུ་ཁང་དུ་མགོན་པོ་༸གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱི་གྲྭ་ཚང་གི་བསྡུ་མང་ཡོངས་ལ་བརྒྱུད་འདེབས་ཀྱི་ལྗགས་ལུང་དང་། གསང་འདུས་རིམ་ལྔ་དམར་ཁྲིད་ཀྱི་བཤད་ལུང་མདོར་བསྡུས་ཤིག་སྩལ་གནང་མཛད་འདུག
His Holiness the Dalai Lama arrived in Hunsur Rabgayling Tibetan Settlement yesterday morning. Upon arrival at the Gyumé Tantric Monastery, His Holiness assured he will live another ten or 15 years and will continue to serve the Buddha dharma and the cause of Tibet. This morning, Gyudmey Tantric Monastery held a long life prayer offering for His Holiness during which the spiritual leader also conferred a short teaching. He is scheduled to leave for Delhi tomorrow, Feb 18, 2025
Video Coutesy: Office of His Holiness The Dalai Lama
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





