Exile Tibetan Artists Promote Oneness Amid Global War and Conflict

6 months ago

Exile Tibetan Artists Promote Oneness Amid Global War and Conflict ཁ་དོག་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལོ་འཁོར་འགྲེམས་སྟོན་ཐེངས་གསུམ་པ་འགོ་འཛུགས། ཁ་དོག་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལོ་འཁོར་འགྲེམས་སྟོན་ཐེངས་གསུམ་པ་དེ་བཞིན་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་དབུ་འཛུགས་གམང་སོང་ལ། འདི་ལོའི་འགྲེམས་སྟོན་གྱི་མཚན་བྱང་དུ་ཡིད་བཞིན་ཞེས་གཏན་འབེབས་ཀྱིས། མཚན་བྱང་དེའི་འོག་ནས་སྒྱ་རྩལ་བ་སོ་སོས་ oneness ཞེས་པ་བརྗོད་བྱའི་སྙིང་པོར་བྱས་པའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་གནང་བཞིན་འདུག་ལ། འདི་ལོའི་འགྲེམས་སྟོན་ཐོག་རྒྱལ་ཁབ་གང་ས་ནས་བོད་པའི་སྒྱུ་རྩལ་བ་ ༢༢ མཉམ་བཞུགས་ཀྱིས། དེ་རིང་ནས་ཕྱི་ཟླ་ ༡༡ ཚེས་ ༩ བར་འགྲེམས་སྟོན་གཙོ་བོར་བྱས་པའི་ཟབ་སྦྱོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་རེད་འདུག ། On the evening of 25 October, the Dharamsala-based Tibetan artist collective Khadok inaugurated its third annual group exhibition under the theme “As the Mind Wishes and Oneness.” The exhibition features works from 22 Tibetan artists, including an installation by acclaimed painter and sculptor Sonam Dolma Brauen. Speaking to Tibet Radio, Khadok member Tashi Nyima said the exhibition responds to the current global climate of violence and conflict, adding that the artists came together to promote the message of human oneness and universal compassion inspired by His Holiness the Dalai Lama’s vision and teachings.
Watch on YouTube