FULL DOCUMENTARY | The Long Road to Delhi | Tibet Radio Presents

1 month ago

ཀི་ལོ་མི་ཊར་ ༥༠༠ ཡི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ། རྒྱང་ཐག་ཀི་ལོ་མི་ཊར་ ༥༠༠ ཡི་གོམ་བགྲོད་ལས་འགུལ་གྱི་ལམ་ཕྱེད་ཙམ་ལ་སླེབས་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་དང་། བོད་མིའི་ངོ་བོ་རྩ་མེད་བཟོ་བྱེད་མི་རིགས་མཐུན་སྒྲིལ་ཟེར་བའི་གདུག་རྩུབ་ཅན་གྱི་ཁྲིམས་ཡིག་ལ་ངོ་རྒོལ་བྱེད་ཆེད། ཟླ་གཅིག་རིང་གི་དཀའ་ཚེགས་ཆེ་བའི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐྱོད་བཞིན་ཡོད། བོད་ཀྱི་རླུང་འཕྲིན་གྱི་དངོས་བྱུང་གློག་བརྙན་འདིའི་ནང་། བཞུགས་སྒར་རྡ་རམ་ས་ལ་ནས་ཐོན་པའི་གོམ་བགྲོད་པ་ཚོའི་ཆོད་སེམས་དང་དཀའ་སྡུག དེ་བཞིན་ལས་འགུལ་འདིའི་སྤྱི་ཡོངས་ཀྱི་གནས་སྟངས་སོགས་དངོས་ཡོད་བརྙན་ལམ་དུ་བཀོད་ཡོད། ལས་འགུལ་འདིའི་ནང་སྐྲན་ནད་ལས་ཐར་བའི་དགུང་ལོ་ ༧༦ ལ་ཕེབས་པའི་བགྲེས་སོང་སྐྱེས་མ་ཞིག་ཀྱང་མཉམ་བཞུགས་གནང་ཡོད་ཅིང་། ཁོང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་རང་དབང་གི་ཆེད་དུ་རྒྱལ་ས་ལྡི་ལིར་སླེབས་ཐབས་བྱེད་པའི་གཡོ་བ་མེད་པའི་དམ་བཅའ་དེས། རྒྱ་ནག་གི་དྲག་གནོན་དང་བཙན་གནོན་ལ་མགོ་མི་སྒུར་བར་བོད་མིའི་འཐབ་རྩོད་ཀྱི་སྙིང་སྟོབས་དེ་མཚོན་པར་བྱས་ཡོད་འདུག ། The Long Road to Delhi Halfway through a 500-kilometer journey, the Tibetan Youth Congress (TYC) is pushing toward New Delhi in a grueling, month-long "Black Day" protest against the illegal occupation of Tibet and the brutal laws imposed on Tibetans within the region. This Tibet Radio production heads to the frontlines to document the grit, the struggle, and the logistics of this mobile community on the move from Dharamsala. At the heart of the march is a 76-year-old cancer survivor—a woman whose unshakable resolve to reach New Delhi for her nation’s freedom embodies the spirit of a movement that refuses to be silenced.
Watch on YouTube