HHDL agrees to give teachings in 2027 for Geshe Potowa’s 1000th anniversary at Gomo Tulku’s request

1 month ago

སྒོ་མོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནས་ ༢༠༢༧ ལོར་གསུང་ཆོས་ཁག་གཅིག་སྩལ་རྒྱུའི་ཞལ་བཞེས། On Gomo Tulku's Request, HHDL has Agreed to Offer Teachings in 2027 for the 1000th Anniversary of Geshe Potowa ཡོང་རྒྱུའི་ཕྱི་ལོ་ ༢༠༢༧ དེ་བཞིན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༡༠༠༠ འཁོར་གྱི་ཡོད་པ་དང་བསྟུན། དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྒོ་མོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུ་དང་འབྲེལ། ༸གང་ཉིད་མཆོག་ལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་མི་ཆོས་གནད་ཀྱི་ཕྲེང་བ་དང་། དགེ་བཤེས་པོ་ཏ་བ་ཆེན་པོའི་གསུང་གནད་ཐིག་དང་གནམ་ཐིག་བཅས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་༸མགོན་པོ་མཆོག་ནས་ཀྱང་དེ་དེ་བཞིན་ཞལ་བཞེས་བཟང་པོ་སྩལ་གནང་འདུག Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube