His Holiness the Dalai Lama Joins Farewell Event at Sindhu Ghat, Ladakh
ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་སྟོན་འདེགས་འབུལ་ཞུས་གནང་འདུག
དགའ་ལྡན་ཕོ་བྲང་གིས་རྒྱང་སྲིང་གནང་བའི་ནང་། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་མགོན་པོ་གང་ཉིད་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་མ་གནང་གོང་། ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་གི་ཉེ་འཁྲིས་སུ་ཆགས་པའི་སིནྡྷུ་གྷཊ་སེངྒེ་གཙང་པོའི་འདབས་རོལ་ཏུ་རྒྱ་གར་དབུས་ཀྱི་མངའ་སྡེ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་གནང་སོང་ཞིང་། སྐབས་དེར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་སྙིང་པོ་འཚེ་བ་མེད་པ་ཡིན་པ་དང་། དེ་ལ་འཛམ་གླིང་ཤར་ནུབ་ཀུན་ནས་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ། དེས་འཛམ་བུ་གླིང་ཡོངས་རྫོགས་ཞི་བདེ་ལྡན་པའི་སྤྱི་ཚོགས་ཡོང་བ་ལ་ང་རང་ཚོ་ཚང་མས་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་སོགས་སྩལ་གནང་འདུག།
His Holiness The Dalai Lama attended a farewell lunch at Sindhu Ghat on the banks of the Indus River in Ladakh, hosted by the Ladakh Autonomous Hill Development Council. Speaking at the event, the Tibetan spiritual leader voiced concern over growing global violence and urged people to embrace nonviolence. He said he has devoted his life to its practice, adding that it brings lasting benefit to both individuals and society.





