How modern education is influencing Tibetan monastic learning
དགོན་སྡེ་ཁག་གི་ནང་དེང་དུས་སློབ་གཉེར་གྱི་ཤུགས་རྐྱེན།
How modern education is influencing Tibetan monastic learning
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་་བཙན་བྱོལ་ནང་གི་དགོན་སྡེ་གྲྭ་ཚང་ཁག་གི་དགེ་འདུན་པ་ཚོས་དེང་དུས་དང་འཚམ་པའི་བསླབ་པ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་རབ་དང་རིམ་པར་སྩལ་བ་བཞིན། ད་ལྟའི་ཆར་དེ་སྔ་དང་མི་འདྲ་བ་དགོན་སྡེ་གྲྭ་ཚང་ཁག་ཏུ་ལོ་རྒྱུས་དང་། ཚན་རིག་དང་། དབྱིན་ཡིག་ རིག་གནས་སོགས་དེང་དུས་དང་འཚམ་པའི་བསླབ་པ་སློབ་གཉེར་བྱེད་སའི་སློབ་གྲྭ་མང་དག་ཅིག་གསར་འཛུགས་གནང་ཡོད།
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་འདི་བཞིན་ལོ་འདིའི་ནང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་མཛད་སྒོ་ཞིག་ཚོགས་གནང་སོང་།
གཞི་རྩའི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པའི་རྗེས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་བཞིན་ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ཆོས་སྒར་ནས་མོན་གྷོ་གཞིས་ཆགས་སུ་འབྱོར་བ་དང་། དེའི་རྗེས་གྲྭ་རྒྱུན་སློབ་ཕྲུག་གསར་དུ་བཅུག་འགོ་བརྩམས་ཤིང་། དེ་ཚོ་ལ་ཤེས་ཡོན་སློབ་སྦྱོང་འཐུས་ཚང་ཡོང་ཆེད་དུ་ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་དེ་ཉིད་གསར་འཛུགས་གནང་ནས་འདི་ལོ་ལོ་ ༥༥ འཁོར་གྱི་ཡོད་པ་དང་། ད་བར་སློབ་གྲྭ་དེ་ནས་༸སྐུའི་གསུང་བསྒྱུར་དང་། རྒྱལ་སྤྱིའི་ནང་པའི་སྤྱི་ཁྱབ་དྲུང་ཆེ། མཐོ་སློབ་ཀྱི་སློབ་སྤྱི་སོགས་ཀྱི་ལས་རིགས་འདྲ་མིན་ཐོག་ཕྱག་ལས་གནང་མཁན་མང་པོ་ཞིག་ཐོན་པ་བྱུང་ཡོད་པ་རེད་འདུག །





