In Conversation with Rithar Tsering, Founder of Mama Cow Dairy Farm

1 year ago

Mama Cow བ་གསོ་ཁང་གསར་འཛུགས་གནང་མཁན་ཧྲི་ཐར་ཚེ་རིང་ལགས་དང་གླེང་མོལ། In Conversation with Rithar Tsering, Founder of Mama Cow Dairy Farm བོད་མིའི་གཞིས་ཆགས་ཁག་ཏུ་བཙན་བྱོལ་བོད་མི་རྣམས་ཀྱིས་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཁོངས་སྒོ་ཕྱུགས་གསོ་སྐྱོང་གནང་མཁན་མི་ཉུང་བ་ཞིག་ཡོད་ཀྱང་། དེ་དག་མང་ཆེ་བ་ནི་གཞི་ཁྱོན་ཆུང་ཞིང་རང་ཉིད་ཁྱིམ་ཚང་གི་དགོས་མཁོ་སྐོང་ཐུབ་པ་ཙམ་ཞིག་ལས་ཁེ་ལས་ཀྱི་ངོ་བོའི་ཐོག་སྒོ་ཕྱུགས་སེམས་ཅན་གྱི་ཐོན་སྐྱེད་དང་འབྲེལ་བའི་ཚོང་ལས་རྒྱ་ཆེན་པོའི་ཐོག་གཉེར་མཁན་ཆེས་ཉུང་ཤས་ཡིན་པ་རེད། དེ་རིང་གི་ང་ཚོའི་ལས་རིམ་འདིའི་ནང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་གྲོང་ལྔ་པའི་ནང་སྐུ་ཞབས་ཧྲི་ཐར་ལགས་དང་ཁོང་གིས་ཕྱག་རོགས་གཞན་གཉིས་ཀྱིས་ཆེད་བཙུགས་གནང་བའི་ Mama Cow ཞེས་གཞི་ཁྱོན་ཆེ་ཞིང་ཆེས་དེང་དུས་ཀྱི་ངོ་བོ་ལྡན་པའི་བ་གསོ་ཁང་ངོ་སྤྲོད་བྱེད་རྒྱུ་ཡིན། Dairy farming has long been a part of Bylakuppe Tibetan settlement, but mostly on a small scale—just enough to meet a family's needs or sell a little extra milk. But Mama Cow is changing the game. Founded by Mr. Rithar and 2 other partners, this farm is run professionally and on a much larger scale, bringing fresh milk to the market and paving the way for a future filled with cheese, butter, and other dairy products. Today, we sit down with Mr. Rithar to learn more about his journey, his vision, and what makes Mama Cow stand out. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube