In conversation with Tenzin Nyandak, Founding Principal of Studio Nyandak

7 months ago

We recently sat down with Tenzin Nyandak, the founding principal of Studio Nyandak, to learn about his journey, inspirations, and the creative vision behind his work སྙན་གྲགས་བཟོ་བཀོད་ཁང་གི་ལས་དོན་སོགས་ཀྱི་སྐོར་གླེང་མོལ། འདི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཡིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཁང་བཟོའི་འཆར་འགོད་པ་དང་། ཨར་ལས་འཛུགས་བསྐྲུན་གྱི་བྱུས་འགོད་གཉིས་ཀའི་ཐོག་ཆེད་ལས་སློབ་མཐར་སོན་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་སྙན་གྲགས་བཟོ་བཀོད་ཁང་བཙུགས་ཡོད་པ་དང་། བཟོ་བཀོད་ཁང་དེ་ཉིད་ཀྱི་ངོས་ནས་ཨ་རིའི་གྲོང་ཁྱེར་ཁག་ཙམ་མ་ཟད་རྒྱལ་སྤྱི་དང་གཞུང་སྒེར་གཉིས་ཀྱི་སྤྱི་ཚོགས་ཁག་དང་ལྷན་དུ་རིག་གཞུང་དང་ཁོར་ཡུག སྤྱི་ཚོགས་ཀྱི་ངོ་བོ་སོགས་གཙོ་བོར་དམིགས་ནས་མཉམ་ལས་བྱེད་བཞིན་ཡོད་པ་མ་ཟད། བོད་དང་ནུབ་ཧི་མཱ་ལ་ཡའི་ཆོས་ལུགས་དང་ཡུལ་ཀྱི་བཟོ་བཀོད་ལ་ཞིབ་འཇུག་གི་ལས་འཆར་ཁག་ཅིག་ཡང་སྒྲུབ་བཞིན་ཡོད་པ་སོགས་སྣ་མང་འཆར་འགོད་ཀྱི་ཆེད་ལས་གཉེར་བཞིན་པའི་བཟོ་བཀོད་ཁང་ཞིག་ཡིན་པ་རེད། ད་རིང་གི་ང་ཚོའི་ལས་རིམ་འདིའི་ནང་སྙན་གྲགས་བཟོ་བཀོད་ཁང་གསར་འཛུགས་གནང་མཁན་བསྟན་འཛིན་སྙན་གྲགས་ལགས་དང་ལྷན་དུ་བཟོ་བཀོད་ཁང་གི་ལས་དོན་གནང་ཕྱོགས་སོགས་དང་འབྲེལ་ནས་གླེང་མོལ་ཞུས་ཡོད། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube