In the Last 50 Years, 2,260 Scholars Earn Geshe Lharampa Degree

4 months ago

ལོ་ངོ་ ༥༠ ནང་དགེ་བཤེས་ལྷ་རམས་པ་ ༢༢༦༠ བསླབ་པ་མཐར་སོན། སང་ཉིན་བོད་ཟླ་ ༡༠ ཚེས་ ༢༥ དགའ་ལྡན་ལྔ་མཆོད་ཉིན་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་གཏན་ཁེལ་བ་དང་། ཕྱི་ལོ་༡༩༧༥ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དབུ་འཛུགས་གནང་ནས་དགེ་འདུན་པ་ཚོའི་བསླབ་པ་སློབ་གཉེར་ལ་ཤུགས་རྐྱེན་ཇི་ཡོད་ཕྱིན་ཡོད་པ་དང་། ད་བར་ཁྱོན་དགེ་བཤེས་ལྷ་རམས་པ་ག་ཚོད་བསླབ་པ་མཐར་སོན་བྱུང་ཡོད་པ་སོགས་ཀྱི་སྐོར་ལ་བོད་ཀྱི་རླུང་འཕྲིན་གྱི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་འདུས་ནས་སྙན་སྒྲོན་ཞུས་ཡོད།།
Watch on YouTube