May 10, 2026 #exclusive: TSJC Refuses to Halt Final Tibetan Election Results་
བལ་ཡུལ་མཆོད་འཇོར་མི་མང་གི་ཁྲིམས་གཏུག་དང་འབྲེལ་ནས། རིང་མིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ཚེས་ ༡༣ ཉིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་གནང་འཆར་དེ་བཞིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། གནས་སྐབས་ཕྱིར་འགྱངས་དགོས་པའི་བར་བརྒལ་བཀའ་ཁྱབ་ཡོང་བའི་ཞུ་སྙན་སྔོན་སོང་ལ་ངོས་བཞེས་མ་བྱུང་བ་དང་འབྲེལ་ནས། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༡ ཉིན་མཆོད་འཇོར་མི་མང་གི་ཁྲིམས་རྩོད་པ་བསྐྱར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཅར་ཏེ། ཚེས་ ༡༣ ཉིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་གནས་སྐབས་ཕྱིར་འགྱངས་དགོས་པའི་བར་བརྒལ་བཀའ་ཁྱབ་ཡོང་བའི་ཞུ་སྙན་ཕུལ་གནང་སོང་ཞིང་། དེའི་སྐོར་ཁྲིམས་རྩོད་པ་རྣམས་པར་བཅར་འདྲི་ཞུས་ཡོད།





