Official release of standardized versions of Tibetan national anthem

1 month ago

བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གཅིག་གྱུར་ཚད་ལྡན་གཞུང་འབྲེལ་གྱིས་འགྲེམས་སྤེལ། Official release of standardized versions of Tibetan national anthem ཉེ་ལམ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་ཚད་ལྡན་གཅིག་གྱུར་གཏན་འབེབས་གནང་བའི་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དེ་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཆེས་ཐོག་མར་གཞུང་འབྲེལ་གྱིས་འགྲེམས་སྤེལ་གནང་ཡོད་འདུག དེ་ཡང་གྲོས་ཚོགས་ཚོགས་དུས་དེའི་ཐོག བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་དང་བཅས་པ་ཚད་ལྡན་གཅིག་གྱུར་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་གཏན་འབེབས་གནང་ཡོད་ཅིང་། གཏན་འབེབས་འདི་བཞིན་བོད་ཀྱི་ལོ་རྒྱུས་ཐོག་ཁྲིམས་མཐུན་གྱིས་ཚད་ལྡན་གཅིག་གྱུར་བཟོས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ལ། དེ་རིང་དངོས་སུ་གཞུང་འབྲེལ་གྱིས་འགྲེམས་སྤེལ་གནང་བའི་རྒྱལ་གླུའི་དུས་ཡུན་དེར་སྐར་ཆ་ ༦༨ ལ་གཏན་འཁེལ་བྱས་ཡོད་པ་རེད། ། The Central Tibetan Administration (CTA) has released the first officially standardized versions of the Tibetan national anthem, following the adoption of landmark legislation by the parliament-in-exile. The 17th Tibetan Parliament-in-Exile, during its 11th session in Dharamsala, formally passed the Rules and Regulations for the Use of the Tibetan National Flag, Emblem, and Anthem on 30 March 2026.
Watch on YouTube