Sera Jey International School Concludes Summer Program on Tibetan Buddhism, Language, and Values
སེར་བྱེས་རྒྱལ་སྤྱིའི་དབྱར་དུས་སློབ་གྲྭ་ཐེངས་བཞི་པ་མཇུག་སྒྲིལ་གནང་བ།
བོད་ནང་དུ་གཞིས་ལུས་བོད་མི་རྣམས་རྒྱ་ནག་གི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་སྲིད་བྱུས་འོག་བཅའ་སྡོད་སློབ་གྲྭ་གཙོས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་སྦྱོང་སྤྱོད་སྤེལ་གསུམ་གནང་རྒྱུ་ཧ་ཅང་ཁག་པོ་ཡོད་པ་དང་། བཙན་བྱོལ་ནང་དུའང་གཞན་དབང་སྟབས་བསྟུན་གྱི་ཁོར་ཡུག་ཅིག་གིས་དེ་དེ་བཞིན་དཀའ་ངལ་འཕྲད་མུས་ཡིན་པའི་དུས་སྐབས་དེར་མི་སྒེར་དང་ཚོགས་པ་མང་པོས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ལས་དོན་མང་པོ་བསྒྲུབས་དང་སྒྲུབ་མུས་ཡིན་པ་བཞིན། སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཀྱང་ལོ་མང་རིང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ལས་དོན་གཉེར་བཞིན་པ་ལས་། སྤྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༣༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག་བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ། དབྱར་དུས་སློབ་གྲྭ་ཐེངས་བཞི་པའི་མཇུག་སྡོམ་གྱི་མཛད་སྒོ་རྒྱལ་ཁའི་ངང་ནས་འཚོགས་གནང་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཁན་རིན་པོ་ཆེ་དགེ་བཤེས་བཀྲིས་ཚེ་ཐར་ལགས་དང་། ལུགས་བསམ་ས་གནས་འགོ་འཛིན་མཆོག སེར་བྱེས་ཤེས་ཡོན་འགན་འཛིན། ཕྱག་མཛོད་སོགས་དགེ་ལས་སློབ་ཕྲུག་བཅས་ཕེབས་ཡོད་པ་རེད།
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





