The Lead: December 12, 2025 | Tibetan American Network TAN
གསར་འགྱུར་གལ་ཆེན། ༢༠༢༥།༡༢།༡༢
༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་བ་ཡིན་ནའང་རྒྱ་གར་མི་མང་ངོས་ནས་བྱམས་བརྩེ་དང་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ།
༢༽ བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གྲྭ་ཁག་ནང་ཁ་བྲལ་ལ་ངོ་རྒོལ་དང་འབྲེལ་བའི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་རྒྱ་ནག་གཞུང་གིས་བརྗོད་ཡོད་པ།
༣༽ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ།





