The Lead: January 17, 2026 | Tibetan American Network

3 months ago

གལ་ཆེན་གསར་འགྱུར། ༢༠༢༦།༠༡།༡༧ ༡༽ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ཚད་མའི་གཞུང་འདི་དིང་གི་འཛམ་གླིང་ནང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ། ༢༽ ན་གཞོན་བཀྲ་ཤིས་ལྷ་འཛོམས་ལགས་བལ་ཡུལ་གྱི་བར་བརྒལ་གཞུང་གི་བློན་ཆེན་འོས་མི་ནས་ཕྱིར་འཐེན་བྱས་ཡོད་པ། ༣༽བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཕྱུག་བདག་བཅུ་ཡི་མིང་གཞུང་ཁྱབ་བསྒྲགས་བྱས་ཡོད་པ་དེའི་ནང་བོད་པ་ཁེ་ལས་པ་གཅིག་ཀྱང་མིན་འདུག ༤༽ཝེ་ནེ་ཛུ་ལའི་ཕྱོགས་འགལ་ཚོགས་པའི་འགོ་་ཁྲིད་María Corina ལགས་ཀྱིས། ཁོང་མོའི་་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཀྲོམ་ལ་ཕུལ་འདུག
Watch on YouTube