Tibetan Students Shine at Dalai Lama’s 90th: Book, Science & Photo Exhibitions by CTA Education Dept
༧སྐུའི་གོ་སྟོན་དང་བསྟུན་ཤེས་རིག་ལས་ཁུངས་ནས་འགྲེམས་སྟོན།
CTA’s Education Department Marks Dalai Lama’s 90th Birthday with Book, Science, and Photo Exhibitions
དེ་རིང་ཕྱི་ཟླ་ ༧ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་༸གོང་ས་མཆོག་གི་གོ་སྟོན་སྲུང་བརྩིའི་ཆ་ཤས་དང་འབྲེལ་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་སློབ་དེབ་གསར་རྙིང་དང་། བྱིས་སྒྲུང་སོགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་སོང་།
སྐབས་དེར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་རྣམ་པ་གཉིས་ཀྱིས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་ལྔ་དང་། བྱིས་པའི་འགུལ་བརྙན་ཞིག་དབུ་འབྱེད་གནང་བ་དང་། འགྲེམས་སྟོན་དེའི་ནང་མི་མང་ཚོར་གོ་རྟོགས་ཡོང་ཆེད་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་འགྲེམས་སྟོན་དང་། དེ་བཞིན་སློབ་གྲྭ་ཁག་ཅིག་ནས་༸གོང་ས་མཆོག་དང་འབྲེལ་བའི་པར་རིས་རྙིང་པ་དང་། ཚན་རིག་སོགས་འགྲེམས་སྟོན་གནང་ཞིང་། མི་མང་ལ་ཡང་བྱིས་པར་མཁོ་བའི་དཔེ་དེབ་མང་དག་ཅིག་རིན་མེད་ཐོག་འབུལ་བཞིན་འདུག །
As part of the 90th birthday celebrations of His Holiness the Dalai Lama, the Department of Education of the Central Tibetan Administration (CTA) organized a special exhibition showcasing educational achievements within the Tibetan exile community. The event featured a display of books published by the department, an innovative science exhibition by Tibetan students—recognized and awarded by NCERT—and a vibrant photo exhibition presented by various Tibetan schools in exile. The exhibitions highlighted the academic progress and creative talents nurtured under the guidance and inspiration of His Holiness.





