Tibetans mark first official Teachers’ Day across schools in exile
བོད་ཀྱི་དགེ་རྒན་ཉིན་མོ་གཞུང་འབྲེལ་གྱིས་ཐོག་མར་སྲུང་བརྩི་ཞུ་བཞིན་པ།
Tibetans mark first official Teachers’ Day across schools in exile
དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ འདི་བཞིན་བཙན་བྱོལ་བོད་མིའི་བྱུང་རབས་ནང་བོད་ཀྱི་དགེ་རྒན་གྱི་ཉིན་མོར་གཞུང་འབྲེལ་ཐོག་ནས་སྲུང་བརྩི་ཞུ་རྒྱུ་ཐོག་མར་བྱུང་ཞིང་། དུས་ཚིགས་འདི་དང་འབྲེལ་ནས་འདི་ག་རླུང་འཕྲིན་གྱིས་རྡ་སྟེང་བོད་ཁྱིམ་དུ་ཆེད་བཅར་གྱི་བོད་ཀྱི་དགེ་རྒན་ཉིན་མོ་ཇི་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པར་རྒྱུས་ལོན་ཞུས་ཡོད་ལ། དེ་བཞིན་འདི་ཉིན་གྱི་དུས་ཚིགས་ཁྱད་པར་ཅན་དང་འབྲེལ་ནས་ཤེས་རིག་བཀའ་བློན་མཆོག་ནས་གསུང་འཕྲིན་ཡང་ཕེབས་འདུག དེ་དང་ཕྱོགས་མཚུངས་བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་ཁག་ཏུའང་དེ་རིང་གི་ཉིན་མོ་འདི་བཞིན་བོད་ཀྱི་དགེ་རྒན་ཉི་མོར་སྲུང་བརྩི་ཞུ་བཞིན་པ་རེད་འདུག གཞན་ཡང་བོད་ཀྱི་དགེ་རྒན་ཉི་མོའི་བྱུང་རིམས་དང་གལ་གནད་སོགས་ཀྱི་ཐད་ལ་ཤེས་རིག་དྲུང་ཆེ་མཆོག་ལ་བཅར་འདྲི་ཞུས་ཡོད།
Tibetan schools across exile communities marked the first official Tibetan Teachers’ Day on 5 November, celebrating the contribution of educators to Tibetan language and culture. The day coincides with the birthday of Professor Samdhong Rinpoche, former Kalon Tripa and respected scholar, whose birthday was designated as Teachers’ Day by a resolution of the 8th Tibetan General Conference on Education. The Tibet Radio team visited TCV School in Dharamsala to observe how students and staff celebrated the occasion for the first time.





