༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་ལམ་སྟོན།

7 months ago

དེ་རིང་ཕྱི་ ༩ ཚེས་ ༡༢ ཉིན་དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ན་གཞོན་དུས་སྟོན་སྐབས། བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་བཀའ་གནང་བ་དང་འབྲེལ། སྐབས་དེར་རིན་པོ་ཆེ་མཆོག་ནས། ཉེ་ཆར་བོད་ནང་ཁོང་གི་ཆོས་གྲོགས་ཤིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འདོད་ཆེན་པོ་ཡོད་ཀྱང་མཐར་མཇལ་བའི་གོ་སྐབས་མ་བྱུར་བར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཞིག་བརྒྱུད་བོད་ནང་ཡོད་པའི་བོད་མི་ཚོ་མགོན་པོ་གང་ཉིད་ལ་དད་དམ་གཡེལ་བ་མེད་པར་གནས་ཡོད་པའི་གནས་ཚུལ་ཞིག་འདུ་འཛོམས་སྐབས་ངོ་སྤྲོད་གནང་སོང་། །
Watch on YouTube