དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྡ་ས་ཁུལ་གྱི་འཚམས་གཟིགས་དབུ་འཛུགས།

8 months ago

དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྡ་ས་ཁུལ་གྱི་འཚམས་གཟིགས་དབུ་འཛུགས། ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྡ་ས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་དང་། འཚམས་གཟིགས་ཉིན་དང་པོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྡ་སྟེང་བོད་ཁྱིམ་དང་། བོད་ཀྱི་ཟློས་གར་ཚོགས་པ། བཙུན་དགོན་དགེ་ལྡན་ཆོས་གླིང་། རྡ་ས་བྱམས་པ་གླིང་རྒས་གསོ་ཁང་། རྡ་ས་ཁྲོམ་ས་གསར་པ་བཅས་སུ་འཚམས་གཟིགས་གནང་ཡོད་པ་མ་ཟད། ཆར་ཞོད་རྐྱེན་པས་ཉེ་ལམ་གངས་སྐྱིད་ནས་མེ་གྷན་བར་གྱི་གཞུང་ལམ་རྡིབ་སྐྱོན་དུ་ཕྱིན་པ་དེར་གཟིགས་ཞིབ་གནང་ཡོད། ཕྱི་ལོ་ ༢༠༢༥།༠༨།༢༦ ཉིན།
Watch on YouTube