བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༢།༢༠ RFA Tibetan TV Program-02/20/2025
ཐེངས་འདིའི་བརྙན་འཕྲིན་ནང་།
༡) སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་དེ་ལྡི་ལིར་༧ཞབས་སོར་བདེ་བར་འཁོད་པ།
༢) བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཡོ་རོབ་ནང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༦ གི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བར། རྒྱལ་ཁབ་མང་པོས་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཁས་ལེན་གནང་འདུག
༣) གཞས་ཚིག་རྐྱེན་གྱིས་རྒྱ་ནག་གཞུང་གིས་འདྲི་རྩད་བཀག་ཉར་ཐེངས་མང་བྱས་མྱོང་བ་བོད་ཀྱི་ན་གཞོན་གཞས་པ་བློ་བཟང་ལགས་འདས་གྲོངས་སུ་ཕྱིན་འདུག
༤) ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་སྡེར་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་ཨ་རིའི་ Colorado མངའ་སྡེའི་ Camp Hale ས་གནས་སུ་དམག་སྦྱོང་སྤྲོད་སྐབས། བོད་པའི་སྐད་བསྒྱུར་བ་རྒྱལ་རྩེ་ནས་ཡིན་པ་བསོད་ནམས་དབང་ཕྱུག་ལགས་དང་ལྷན་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད།
Anchor:Tashi Wangchuk
Producer: Nordon
__________________________________________________
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube: https://www.youtube.com/user/RFATibetan
facebook: https://www.facebook.com/rfa.tibetan
twitter: https://twitter.com/rfatibet
soundcloud: https://soundcloud.com/rfatibetan
podcast: http://www.rfa.org/tibetan/podcasts/





