བོད་ཀྱི་གཞུང་བྲིས་ཡིག་གཟུགས་དམར་ཁྲིད།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་ཉེར་གཉིས་པའི་གཞོན་ནུ་རུ་ཁག་གིས་གོ་སྒྲིག་འོག་སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་རིག་གནས་རྒྱུན་གནས་ཐུབ་ཐབས་དང་། ཡང་སྒོས་སུ་བོད་ཀྱི་གཞུང་བྲིས་ཡིག་གཟུགས་ཀྱི་འབྲི་རྒྱུན་ རྒྱུན་འཇགས་ཐུབ་ཐབས་སུ་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༩ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། དེ་སྔ་གཞུང་ས་དགའ་ལྡན་ཕོ་བྲང་བ་ཆེན་པོའི་རྩེ་དྲུང་ཟུར་པ་སྐུ་ངོ་བྱམས་པ་བསྟན་འཛིན་ལགས་གདན་ཞུས་ཀྱིས་མཐོ་རིམ་སློབ་གཉེར་ཁང་དེ་གའི་འཛིན་གྲྭ་རེ་ནས་སློབ་མ་འགའ་རེ་འདེམས་སྒྲུག་བྱས་ཏེ། བོད་ཀྱི་གཞུང་བྲིས་ཡིག་གཟུགས་དམར་ཁྲིད་ཀྱི་ལས་འགུལ་ཞིག་དངོས་སུ་དབུ་འཛུགས་གནང་སོང་། ལས་འགུལ་དེའི་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྒན་ལགས་ཁག་ཅིག་ཀྱང་མཉམ་བཞུགས་ཀྱིས་ཕྱག་རོགས་གནང་བཞིན་ཡོད་པ་རེད་འདུག །





