བོད་ཀྱི་མི་འབོར་འཕེལ་འགྲིབ་སྐོར་གྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།
བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པའི་དེབ་དབུ་འབྱེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བརྩམས་གནང་བའི་བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པའི་དེབ་ཅིག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཙོས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ལྷན་འཛོམས་ཐོག་དེ་རིང་སྤྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་སོང་།།
བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པའི་དེབ་དེའི་ནང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་རྗེས་ཀྱི་བོད་མིའི་མི་འབོར་གྱི་གནས་སྟངས། དམག་འཕྲུག་དང་མུ་གེ་ འཛིན་བཟུང་ཆེན་མོ་དང་སྐབས་དེའི་འཆི་སྐྱོན། རྒྱ་ནག་གཞུང་གིས་དེའི་སྐོར་བཤད་སྟངས། ཕྱི་ལོ་ ༡༩༥༣ དང་ ༡༩༦༤ ལོའི་མི་འབོར་གྱི་གྲངས་ཐོ། ཡང་ཕྱི་ལོ་ ༡༩༨༢ ལོའི་མི་འབོར་ཞིབ་བཤེར་དང་དེ་རྗེས་ཀྱི་བོད་ཀྱི་མི་འབོར། དེ་བཞིན་སྤྱི་ལོ་༢༠༢༠ ལོའི་མི་འབོར་ཞིབ་བཤེར་སོགས་བོད་ཆོལ་ཁ་གསུམ་གྱི་མི་འབོར་གྱི་གནས་སྟངས་སོགས་བཀོད་འདུག །





