རྒྱ་གར་བྱང་ཤར་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཆེས་ཐོག་མ།

4 months ago

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཞོན་ནུའི་འགོ་ཁྲིད་སྦྱོང་བརྡར་ཐེངས་ ༢༢ པ་འདི་བཞིན་རྒྱ་གར་བྱང་ཤར་ནང་ཆེས་ཐོག་མ་གོ་སྒྲིག་ཞུས་ཏེ་དེ་རིང་ལེགས་གྲུབ་བྱུང་འདུག

Tibetan Youth Congress Hosts 22nd Leadership Workshop, First Ever in Northeast Indiaཔར་དབང་། བོད་ཀྱི་གཞོན་ནུ་ལྷན་ཚོགས།

ཉེ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༢༦ ནས་དབུ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་ཆོལ་གསུམ་ཚོགས་ཁང་དུ་ 22nd Tibetan Youth Leadership Training ཞེས་བོད་ཀྱི་གཞོན་ནུའི་འགོ་ཁྲིད་སྦྱོང་བརྡར་ཐེངས་ ༢༢ པ་དེ་འཚོག་བཞིན་ཡོད་པ་དང་། ཟབ་སྦྱོང་དེའི་ནང་མཐོ་སློབ་བསྐྱོད་བཞིན་པ་དང་བསྐྱོད་འཆར་ཡོད་པའི་གཞོན་སྐྱེས་ཚོགས་བཅར་བ་གྲངས་ ༤༧ མཉམ་ཞུགས་གནང་ཐུབ་པ་བྱུང་འདུག

སྦྱོང་བརྡར་དེའི་ཐོག་བོད་པའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་མང་གཙོ་འཕེལ་རིམ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོ་སྤྲོད་དང་། བོད་རང་བཙན་གྱི་བདེན་དཔང་ལོ་རྒྱུས། ནུས་པ་དང་ལྡན་པའི་འགོ་ཁྲིད་སྐྱེད་སྲིང་ཡོང་ཐབས། གཞོན་སྐྱེས་ཀྱི་འགན་ཁུར། དེ་བཞིན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས། སྒྱུ་སྩལ་དང་འཐབ་རྩོད་སོགས་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་ལ་གསུང་བཤད་དང་གྲོས་བསྡུར་གནང་ཡོད་པ་རེད་འདུག

Tibetan Youth Congress Hosts 22nd Leadership Workshop, First Ever in Northeast Indiaཔར་དབང་། བོད་ཀྱི་གཞོན་ནུ་ལྷན་ཚོགས།

གཞན་ཡང་གཏམ་བཤད་གནང་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་སྙན་གྲགས་ཆེ་བའི་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས། དེ་བཞིན་ Calcatta མཐོ་སློབ་ཀྱི་སློབ་དཔོན་ལས་རོགས་འབུམ་རམས་པ་འཇིགས་མེད་ཡེ་ཤེས་བླ་མ་ལགས་སོགས་ནས་དབུས་བོད་མིའི་སྒྲིག་འཛུགས་དང་མང་གཙོའི་འཕེལ་རིམ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ནུས་པ་སྤེལ་ལུགས།  བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་བདེན་དཔང་ལོ་རྒྱུས་བཅས་ཀྱི་སྐོར་ལ་ཟབ་ཁྲིད་རྒྱས་པ་ཞིག་ངོ་སྤྲོད་གནང་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞོན་ནུའི་འགོ་ཁྲིད་ཀྱི་སྦྱོང་བརྡར་གྱི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པའི་བཙན་བྱོལ་བོད་མི་སྤྱི་ཚོགས་དང་བོད་དོན་འཐབ་རྩོད་ལ་དམིགས་པའི་ན་གཞོན་འགོ་ཁྲིད་ལེགས་པོ་ཞིག་གསོ་སྐྱོང་གནང་རྒྱུ་དེ་ཡིན་ཞིང་། སྦྱོང་བརྡར་འདི་ཡང་ལོ་ལྟར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་མི་གཞོན་སྐྱེས་མཐོ་སློབ་འགྲིམ་བཞིན་པའི་ས་གནས་གང་སར་གོ་སྒྲིག་ཞུས་ཀྱི་ཡོད་ཀྱང་ད་ལན་རྒྱ་གར་བྱང་ཤར་ལ་འདི་ལྟ་བུའི་སྦྱོང་བརྡར་གོ་སྒྲིག་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། འདི་ལྟ་བུའི་འགོ་ཁྲིད་སྦྱོང་བརྡར་གྱིས་ཀ་རྡོར་སྒང་གསུམ་གྱི་བོད་པའི་ན་གཞོན་ཚོར་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་དང་སྐད་ཡིག་རིག་གཞུང་སོགས་སྦྱོང་འདོད་ཀྱི་དགའ་ཞེན་བསྐྲུན་ཐུབ་པ་བྱུང་ཡོད་སྐོར་རྒྱ་གར་བྱང་ཤར་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཚེ་དཔལ་ལགས་ནས་འགྲེལ་བརྗོད་གནང་སོང་།

Tibetan Youth Congress Hosts 22nd Leadership Workshop, First Ever in Northeast Indiaཔར་དབང་། བོད་ཀྱི་གཞོན་ནུ་ལྷན་ཚོགས།

གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་མ་འོངས་པའི་བོད་མི་རིགས་ཀྱི་འཐབ་རྩོད་དེ་ད་ལྟའི་རྒན་པའི་བྱུས་དང་གཞོན་པའི་ནུས་པ་ལ་རག་ལས་ཀྱི་ཡོད་པས། མ་འོངས་པའི་འགོ་འཛུགས་དེ་ད་ལྟ་ནས་གནང་དགོས་ཤིང་། མ་འོངས་པའི་འགོ་ཁྲིད་ཀྱང་ད་ལྟ་ནས་གསོ་སྐྱོང་དང་བཟོ་སྐྲུན་གནང་དགོས་པ་ལས། རང་བཞིན་གྱིས་འགོ་ཁྲིད་སྐྱེས་ཡོང་བ་ཞིག་མིན་སྟབས། ད་ལྟའི་དུས་ནས་འབད་བརྩོན་དང་སྦྱོང་བརྡར་ལ་བརྟེན་ནས་མ་འོངས་པའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པར་གཞོན་སྐྱེས་ཀྱི་མཉམ་ཞུགས་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་ངོས་འཛིན་གནང་གི་འདུག

Original Article