རྒྱལ་སྤྱིའི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ།
རྒྱ་གར་བྱང་ཤར་མོན་ཡུལ་སྐྱིད་མོ་ལྗོངས་དེ་བཞིན་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཡིན་ལ། ཡུལ་འདིར་༧རྒྱལ་དབང་གང་ཉིད་དང་འབྲེལ་བའི་གནས་མང་པོ་ཞིག་ཡོད་པ་ལས་རྒྱལ་ཡུམ་ཚེ་དབང་ལྷ་མོའི་ཁྱིམ་གཞིས་དང་། ༧རྒྱལ་དབང་གང་ཉིད་སྐུ་བལྟམས་ས་ཨོ་རྒྱན་གླིང་། ༧རྒྱལ་དབང་མཆོག་གི་ཕྱག་མཛུབ་ཀྱིས་བྲག་ལ་བྲིས་གནང་བའི་བླ་མ་མཁྱེན་ནོ་ཞེས་པ་གནས་དེ་གསུམ་གྱི་སྐོར་ལ་མོན་རྟ་དབང་ཁུལ་གྱི་ལོ་རྒྱུས་ཉམས་ཞིབ་པ་རྒན་མེ་འོད་ལགས་ཀྱིས་གནས་བཤད་ངོ་སྤྲོད་གནང་བ་ཞིག་ཡིན།
དུས་མཚུངས་ད་སྐབས་མོན་རྟ་དབང་ཁུལ་དུ་རྒྱལ་སྤྱིའི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་འཚོགས་བཞིན་པ་དང་བསྟུན་ནས་ཚོགས་འདུ་གོ་སྒྲིག་པས་མཐུན་འགྱུར་རམ་འདེགས་འོག་འདི་ག་བོད་ཀྱི་རླུང་འཕྲིན་ས་གནས་ས་ཐོག་གི་གནས་ཚུལ་རྒྱུས་ལོན་དུ་ཆེད་བཅར་བ་ཞུས་ཡོད། །





