ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས། RFA

1 year ago

ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༥ ཉིན་ཨ་རི་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྲོས་ཚོགས་ནས་བཀའ་ཁྲོལ་གནང་བའི་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱས་ཏེ། ད་དུང་ཡང་ང་ཚོའི་རྒྱུན་གྲོན་གྱི་གནས་སྟངས་ཇི་ཆགས་གཏན་འཁེལ་མེད་པར་གནས་མུས་ལ་བརྟེན། བློ་ཕམ་ཆེན་པོའི་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱང་སྲིང་དང་ལས་རིམ་མཐའ་མ་དེ་དག་ཕྱི་ཟླ་ ༥ ཚེས་ ༩ ནས་མཚམས་འཇོག་བྱེད་ཀྱི་ཡོད། ང་ཚོས་གོ་སྐབས་འདི་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལོ་ངོ་ ༢༩ རིང་རྒྱབ་སྐྱོར་དང་། ཡིད་ཆེས་གནང་མཁན་གྱི་གསན་གཟིགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་སླར་ཡང་ང་ཚོ་བསྐྱར་ལོག་ཐུབ་པའི་རེ་བ་སེམས་གཏིང་ནས་ཞུ་བཞིན་ཡོད། On March 15, 2025, the U.S. administration terminated funding for Radio Free Asia, as approved by Congress. Due to the ongoing disruption and uncertainty regarding our funding, it is with great regret that Radio Free Asia Tibetan will have to cease broadcasting. We would like to take this opportunity to thank our viewers and listeners for their support and trust in Radio Free Asia over the years. We sincerely hope that one day we will return again in the near future. བོད་སྐད་སྡེ་ཚན། Tibetan Service web: http://www.rfa.org/tibetan/ Subscribe: http://bit.ly/29XoS4k Youtube: https://www.youtube.com/user/RFATibetan facebook: https://www.facebook.com/rfa.tibetan twitter: https://twitter.com/rfatibet soundcloud: https://soundcloud.com/rfatibetan podcast: http://www.rfa.org/tibetan/podcasts/
Watch on YouTube