🎙️ Podcast | Inspired by the Dalai Lama, He Chose to Live Among Beggars
པོ་ཌེ་ཀ་སི།
བོད་ཀྱི་རླུང་འཕྲིན་གྱི་པོ་ཊེ་ཀ་སི་ལེ་ཚན་ནང་གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་མཁན་དགེ་བློ་བཟང་འཇམ་དབྱངས་ལགས་དང་ལྷན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་བརྟེན་ནས་ཁོང་གི་མི་ཚེར་འགྱུར་ལྡོག་བྱུང་སྟངས་དང་། ལམ་ཟུར་དུ་འཚོ་བ་སྐྱེལ་བཞིན་པའི་རྒྱ་གར་དབུལ་ཕོང་གི་ཕྲུ་གུ་ཚོར་ཕ་མ་ལྟ་བུའི་བྱམས་སྐྱོང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཁྲིད་ཀྱིས་ད་ལྟའི་ཆར་རྒྱ་གར་གྱི་སློབ་ཕྲུག་གཞན་དང་མི་འདྲ་བ་ཞིག་ཏུ་བསྒྱུར་ཡོད་པ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཞིག་ཡིན།།





