Video

བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༢།༢༤ Tibet TV Daily News– December.24, 2025

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧རྗེ་འཇམ་དབྱངས་ཆོས་རྗེའི་གསེར་ཁྲིར་མངའ་གསོལ་དང་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ལྷོ་ཀོ་རི་ཡར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་བགྲོ་གླེང་ཐེངས་བཞི་པ་བསྐོང་ཚོགས་གནང་བ། ◆ ཧྥ་རན་སི་དང་སྦེལ་ཇམ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་པ།

༧གོང་ས་མཆོག་འབྲས་སྤུངས་ཁྲི་པའི་མཚན་གསོལ་གནང་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་སྤུངས་དགེ་འདུན་ཡོངས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་འབྲས་སྤུངས་བླ་སྤྱི་དུ་མགོན་པོ་མཆོག་ལ་འབྲས་སྤྲུངས་ཁྲི་པའི་མཚན་གནས་གསོལ་བ་དང་ལྷན་དུ་་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་ཞབས་གསོར་འཁོད་མ་ཐག་དབུ་མཛད་མཆོག་ནས་འཇམ་དབྱངས་ཆོས་རྗེའི་བསྟོད་པ་གསུང་བ་དང་ལྷན་དུ་འབྲས་སྤུངས་མཁན་པོ་ཁྲི་པ་མཆོག་ནས་མཎ་རྟེན་གསུམ་འདེབས་འབུལ་ཞུས་གནང་བ་དང་། སྐབས་དེར་མགོན་པོ་མཆོག་ལ་འབྲས་སྤུངས་ཆོས་སྡེ་སྤྱི་ནས་ཐུགས་རྗེ་བཀའ་དྲིན་མཚོན་བྱེད་དུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་གཅིག་དང་། ར་སྟོད་གྲྭ་ཚང་ནས་༧གོང་ས་མཆོག་ནས་མི་ལོ་དགུ་བཅུའི་རིང་འཇིག་རྟེན་ཁྱོན་ཡོངས་ལ་གཞན་ཕན་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཆོས་ཀྱི་འཁོར་ལོ་ཞིག་འབུལ་གནང་སོང་།།

Wangpo Thethong | Europe Chithu Candidate 2026 |Tibetan Democracy Talk 8 མང་གཙོའི་ལས་རིམ། #druktalk

In this eighth episode, Drukthar speaks with Mr. Wangpo Thethong, the Europe Chithu candidate 2026 in Exile Election. Wangpo la currently serves as the Executive Director of the International Campaign for Tibet–Netherlands and has spent many years advocating for the Tibetan cause across Europe. This engaging conversation explores his personal inspirations, policy priorities, and long-term goals, as well as his vision for strengthening and uniting the Tibetan community. Mr. Wangpo also shares thoughtful reflections on the future of Tibet, highlighting both the opportunities and challenges that lie ahead. #democracy #tibet #tibetanwisdom #tibetanvlogger #education #election2026 #tibetpolitics #interview #podcast