Tibetan

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

རྒྱ་ནག་གཞུང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་ཀྱིས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླས་གཉེན་འཕྲད་དང་མ་དངུལ་འཇོག་པ།གཏན་སྡོད་བྱེད་པ་བཅས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལུགས་བཤད། The post ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག  appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚོགས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྟེང་གདོང་ལེན་བྱེད་བཞིན་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག བོད་ཀྱི་མ་འོངས་པའི་གནས་བབ་དང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གནད་དོན། བོད་ཐོག་རྒྱ་ནག་གིས་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཀྱི་སྐོར་དཔྱད་ཞིབ་བགྲོ་གླེང་ཞིག་གནང་འདུག ཚོགས་འདུའི་ཉིན་དང་པོར་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པའི་ངེས་སྟོན་པ་དང་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་ཨེ་ཊེན་ཛེན་ (Adrian Zenz) ལགས་ཀྱིས། བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་གཞུང་གིས་བཙན་འགེལ་བྱས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ཉེན་ཁར་དབྱེ་ཞིབ་ཅེས་པའི་སྙན་ཐོ་སྒྲོག་སྦྱང་དང་། དེ་རྗེས་བོད་ཀྱི་མ་འོངས་པའི་གནས་བབ། སྐུའི་ཡང་སྲིད། དྲག་གནོན། མང་གཙོའི་བརྡ་ལན་ཞེས་པའི་བགྲོ་གླེང་ལྷན་ཚོགས་འཚོགས་ཏེ། རྒྱ་ནག་གཞུང་གིས་བོད་མ་འོངས་པའི་གནས་བབ་སྤྱི་དང་། ལྷག་པར་དུ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྒོར་ཐེ་བྱུས། དེ་བཞིན་བོད་ནང་རྒྱ་ནག་གི་དབང་སྒྱུར་སྲ་བརྟན་དང་། མི་རིགས་བཙན་སྒྱུར་ལས་དོན་མགྱོགས་སུ་གཏང་རྒྱུ་མཚོན་པའི་ངོ་རྒོལ་ལས་འགུལ་གཏན་ནས་མེད་པ་བཟོ་རྒྱུར་རྒྱ་གཞུང་གིས་ཡར་རྒྱས་ཀྱི་སྲིད་བྱུས་དང་། ངལ་རྩོལ་བ་གནས་སྤོ། ཁྲིམས་སྒྲིག་བསྐྱར་བཅོས་བྱེད་བཞིན་པའི་གནས་ཚུལ་གསལ་སྟོན་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ནང་འགྱུར་བ་གང་འགྲོ་སྲིད་པ་དང་། ལྷག་པར་དུ་ཨ་རི་མཚོན་པའི་མང་གཙོའི་རྒྱལ་ཁབ་ཚོས་བོད་མིའི་ཆོས་དད་རང་དབང་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་བོད་དང་བོད་ཕྱི་ལོགས་སུ་དྲག་གནོན་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་གང་ཡོད་སྐོར་དབྱེ་ཞིབ་གནང་འདུག བགྲོ་གླེང་ལྷན་ཚོགས་ཐོག་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལ་འགུལ་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ར་ཡེན་ཧྤི་རོ་སི་ཀི་...

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་རྒྱལ་སྤྱིའི་དུས་བབ་དུས་དེབ་ཀྱི་ཕྱི་ལོ་ ༢༠༢༦ ལོའི་ཤུགས་རྐྱེན་ཆེས་ཆེ་བའི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་བྱེད་པའི་མི་སྣ་བརྒྱ་དང་དེའི་ནང་ནས་ཀྱང་གསར་གཏོད་མི་སྣ་ ༢༠ ཁོངས་སུ་བདམས་འདུག བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྲུང་སྐྱོབ་བྱེད་པར་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་དང་དེའི་ནང་ནས་ཀྱང་གསར་གཏོད་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་ ༢༠ ཁོངས་སུ་བདམས་འདུག ཁོང་མོས་འཛམ་གླིང་རྒྱལ་ཁབ་ཁག་གི་(GDP) རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ནི་ཕྱིར་འདོན་བྱས་པའི་ཐོན་སྐྱེད་ཡོངས་ཀྱི་སྤྱི་འབོར་ཁོ་ནར་རྩིས་རྒྱག་པ་ལས་སླར་གསོ་བྱེད་པར་རིན་ཐང་སྤྲོད་པའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (GDR) ཞེས་པའི་སྒྲོམ་གཞི་ཞིག་གསར་གཏོད་བྱས་ཡོད། བསྟན་འཛིན་གསལ་སྒྲོན་ལགས་ཀྱི་གསར་གཏོད་ཀྱི་ལྟེ་བ་ནི་རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ (Gross Domestic Product – GDP) ཅེས་པའི་དཔལ་འབྱོར་འཇལ་ཚད་དེའི་ཚབ་ཏུ་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (Gross Domestic Regeneration – GDR) ཞེས་པའི་འཇལ་ཐབས་གསར་པ་ཞིག་འཛུགས་དགོས་པ་དེ་རེད། རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ཞེས་པ་ནི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་ཐོན་སྐྱེད་དང་དངུལ་འབོར་འཕར་བ་ཙམ་ལ་མི་བལྟ་བར། རང་བྱུང་ཁོར་ཡུག་སླར་གསོ་བྱེད་པ། མིའི་བདེ་ཐང་དང་འཚོ་བ་ཡར་རྒྱས་གཏོང་བ། ཡུན་གནས་ཀྱི་འཚོ་ཐབས་གསར་གཏོད་བྱེད་པ་བཅས་ལ་གཞིགས་ནས་འཇལ་དགོས་པའི་ལྟ་བ་ཞིག་རེད། ཁོང་མོའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོའི་སྒྲོམ་གཞིར་རྩ་བའི་ཀ་བ་གསུམ་ཡོད་པ་སྟེ། ཁོར་ཡུག་བསྐྱར་གསོ། སྤྱི་ཚོགས་བསྐྱར་གསོ། དཔལ་འབྱོར་བསྐྱར་གསོ་བཅས་རེད། མདོར་ན་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས། དངོས་གནས་ཀྱི་འབྱོར་ཕྱུག་ནི་དཔལ་འབྱོར་གྱིས་ཅི་ཙམ་ཐོན་སྐྱེད་བྱེད་པ་ཁོ་ནས་འཇལ་བ་མ་ཡིན་པར། དེས་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས།...

ཟླ་བ་གསུམ་གྱི་ནང་རྒྱ་ནག་ཏུ་ངོ་རྒོལ་ལས་འགུལ་གྲངས་༩༤༨ བྱུང་།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་(Freedom House) ཕྱི་ལོ ༢༠༢༦ ལོའི་ཟླ་༧ པ་ནས་༩ བར་གྱི་ཟླ་གསུམ་ནང་རྒྱ་ནག་ནང་ཁུལ་དུ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་ཚུལ་སྐོར་གྱི་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཡོད་འདུག སྙན་ཐོ་དེའི་ནང་དབྱར་དུས་ཟླ་བ་གསུམ་གྱི་རིང་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་དམ་དྲག་ཤུགས་ཆེ་བཏང་ཡོད་ནའང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ཁག་ཅིག་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ་གསལ་འདོན་གནང་འདུག ཕྱི་ལོ་༢༠༢༦ The post ཟླ་བ་གསུམ་གྱི་ནང་རྒྱ་ནག་ཏུ་ངོ་རྒོལ་ལས་འགུལ་གྲངས་༩༤༨ བྱུང་། appeared first on བོད་ཀྱི་བང་ཆེན།.

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

འདི་ལོའི་བྷུ་ཁུར་རྩོམ་རིག་ཀར་གཟེངས་རྟགས་ (Booker Prize) དེ་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཨེམ་ཇོན་ཧེ་རི་སོན་ལ་ཐོབ་འདུག The post དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གི་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕྱོགས་སྐྱོད་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་རྒས་གསོ་ཁང་དུ་འཚམས་གཟིགས་དང་སྦྲགས། འགན་འཛིན་ལས་བྱེད་དང་རྒན་རྒོན་རྣམས་དང་ལྷན་ཐུག་འཕྲད་གནང་རྗེས་རྒས་གསོ་ཁང་གི་ཉེ་འདབས་སུ་ཆགས་པའི་སེར་བྱེས་བདེ་ཆེན་ཆོས་འཕེལ་གླིང་དགོན་པའི་ཕྱག་མཛོད་ལས་སྣེ་རྣམས་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཐོག་དགོན་པར་མཆོད་མཇལ་དང་ཕན་ཚུན་འཚམས་འདྲིའི་བཀའ་མོལ་ལྷུག་པོར་གནང་ཡོད།དེ་ནས་རྩིས་ལོ་ ༢༠༢༥༌༌༢༦ དང་རྩིས་ལོ་ ༢༠༢༦༌༌༢༧ ལོའི་ནང་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གཞིས་སྤོའི་ལས་གཞི་ཁོངས་སྡོད་ཁང་གྲངས་ ༡༧ ཁུངས་སྤྲོད་ཟིན་པའི་དུད་ཚང་ཁག་གཅིག་དང་། དེ་བཞིན་གཞིས་མི་ཉམ་ཐག་གི་སྡོད་ཁང་དང་ཐབ་ཚང་གསར་རྒྱག ཉམས་བཟོའི་ལས་གཞི་གྲུབ་ཟིན་པ་ཁག་ལ་གཟིགས་ཞིབ་གནང་ཡོད། གཞིས་གྲོང་དང་པོ་ནས་ལྔ་པ་ཆ་ཚང་ནང་ཆེད་ཕེབས་ཀྱིས་གཞིས་གྲོང་སོ་སོའི་རྟེན་ཁང་དང་སྤྱི་ཁང་། དེ་བཞིན་ད་ལྟ་འགྲོ་བཞིན་པའི་འཛུགས་སྐྲུན་ལས་གཞི་ཁག་ལ་གཟིགས་ཞིབ་གནང་ཞིང་། བདེ་སྐྱིད་སྐྱེས་ཚལ་བྱིས་བཅོལ་ཁང་ལ་གཟིགས་སྐོར་གྱིས་བྱིས་པ་དང་དགེ་ལས་རྣམས་ལ་ཐུག་འཕྲད་གནང་ཡོད།གཞན་ཡང་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་སྤྱི་མི་རྣམས་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་ཕྱོགས་མཐའི་ས་གནས་མི་མང་གཉིས་ཀྱི་དབར་འབྲེལ་ལམ་མཚམས་སྦྱོར་གནང་མཁན་ས་གནས་འགོ་འཛིན་ལས་ཁུངས་འོག་གི་འཛིན་སྐྱོང་སྡེ་ཚན་ཆ་ལག་གལ་ཆེ་ཤོས་གཅིག་དེ་མི་མང་ནས་འདེམས་ཐོན་གནང་བའི་སྤྱི་མི་ཁྱེད་རྣམ་པ་ཡིན་པ་མ་ཟད། གཞིས་ཆགས་ཀྱི་ནང་སྤྱི་མི་རྣམས་ཀྱི་འོས་འགན་གཙོ་བོ་ནི། ཁྱབ་ཁོངས་གཞིས་གྲོང་ནང་དུས་ནས་དུས་སུ་གཞིས་མི་ཉམ་ཆུང་འཁོས་ཞན་ཉམ་ཐག་སྐྱབས་མེད་མགོན་མེད་དང་། ནད་གཅོང་། བགྲེས་སོང་། དམིགས་བསལ་དགོས་མཁོ་ཅན་རྣམས་ལ་ཕན་བདེ་དང་བྱམས་བརྩེའི་ངང་གཟིགས་ཞིབ་བདག་སྐྱོང་ཡག་པོ་གནང་དགོས་པ་ལས་ཉམ་ཐག་དཀའ་ངལ་ཅན་རྣམས་གྲོགས་མེད་ཁེར་རྐྱང་དུ་མ་ལུས་པ་གནང་དགོས། དེ་དང་མཉམ་དུ་སྤྱི་མི་རྣམས་ནས་འགོ་ཁྲིད་དེ་ཁྱིམ་ཚང་དང་གཞིས་གྲོང་ནང་འཆམ་མཐུན་སྤྱི་ཚོགས་ཀྱི་ནུས་རྩལ་མུ་མཐུད་གོང་མཐོར་སྤེལ་རྒྱུ་ལ་འབད་འབུངས་གནང་དགོས་པའི་ལམ་སྟོན་གནང་། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་འཛིན་སྐྱོང་དང་འབྲེལ་བའི་ལས་མྱོང་ནང་སྤྱི་མི་རྣམས་དེང་གི་ཆར་ཟང་ཟིང་གི་སྤྱི་ཚོགས་ནང་ཤིང་སྡོང་གི་རྩ་བ་ལྟ་བུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་མཚན་སྨད་དང་སྒྲོ་སྐུར་བསྙད་འདོགས་བྱེད་མཁན་རིགས་ཀྱི་གཞན་དབང་དུ་མ་སོང་བ་དགོས་པ་དང་། མང་གཙོའི་ལམ་ལུགས་ནང་སྤྱི་མི་ལས་སྣེ་རྣམ་པ་སྤྱི་ཚོགས་ཞབས་ཞུའི་ལས་འགན་ཧུར་བརྩོན་ཐོག་སྐབས་དུས་གཞིས་ཆགས་སུ་ཕྱི་ནང་གསང་གསུམ་གྱི་དཀའ་སྡུག་ཇི་འཕྲད་མི་མང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་ལ་འབྲེལ་ལམ་དམ་གཟབ་ཀྱིས་ནུས་པ་མཉམ་རུབ་ཐོག་ནས་སྤྱི་པའི་ལས་དོན་ཁག་ལ་སྔར་ལྷག་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་སྐུལ་མ་གནང་། དེ་རྗེས་སྤྱི་མི་རྣམ་པས་གཞིས་ཆགས་མང་ཚོགས་ཁྲོད་དཀའ་ངལ་ཇི་ཡོད་གནད་དོན་ཁག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་སྙན་གསན་ཞུས་གནང་ཡོད།ཉིན་དེའི་མཐའ་མར་རྒྱ་གར་ས་གནས་ཉེན་རྟོག་དཔོན་རིགས་སྐུ་ཞབས་ར་ཇེཤ་ས་ཧུ (RAJESH SAHU)  ལགས་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་མཚམས་འདྲིའི་མཇལ་བཅར་གནང་བ་དང་བསྟུན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་གཞིས་མི་རྣམས་ལ་ཕྱག་རོགས་དང་བདེ་འཇགས་ཐོག་གཟིགས་རྟོག་ལེགས་པོ་གནང་བར་ཐུགས་རྗེ་ཞུས་གནང་བ་དང་འབྲེལ་བོད་མིའི་མང་གཙོའི་འགྲོ་ལུགས་སྐོར་སོགས་ཞོར་མོལ་གནང་ཡོད། །

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་འཚམས་གཟིགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་དང་པོ་དེ་བཞིན་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་སྡེ་ཚན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་འཆར་འགན་འཛིན་བཅས་དང་ལྷན་བགྲོ་གླེང་གིས་འགོ་འཛུགས་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་གི་ཐོག་བཀའ་བསྡུར་གནང་བ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ཁི་རི་སི་ཝན་ཧོ་ལེན་ (Chris Van Hollen) ལགས་ཀྱི་ལས་རོགས་དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་ཅིང་། ཚོགས་འདུའི་ཐོག་གསུང་བཤད་མ་གནང་གོང་འབུམ་རམས་པ་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྐབས་དེར་བོད་དོན་ཐོག་མཁས་པ་ཁག་གཅིག་གིས་གསུང་བཤད་གནང་ཡོད། དེ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་དང་གཞུང་ཚབ་པ་པཽ་ལཱ་དྷོ་བི་རིན་སི་ཀི་ (Paula Dobriansky) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་བཅས། །

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་སྦེལ་ཀོབ་ཏུ་སྨན་ཁང་ཁག་དང་རྒས་གསོ་ཁང་བཅས་ལ་འཚམས་གཟིགས་གནང་བ།

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་དང་། དགོན་སྡེ་ཁག་གི་ཕྱག་མཛོད། སློབ་གྲྭ་ཁག་གི་སློབ་སྤྱི། མཉམ་འབྲེལ་འགན་འཛིན། ས་གནས་རང་བདེན་ཚོགས་ཆུང་། ཡན་ལག་སྨན་ཁང་འགན་འཛིན་རྣམ་པ། རྩེད་རིགས་ཚོགས་པ། ས་གནས་བུད་མེད་དང་གཞོན་ནུ་ལྷན་ཚོགས། ས་གནས་སྤྱི་མི་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་། འཚོ་བྱེད་སྨན་ཁང་། རྣམ་གྲོལ་གླིང་གྲྭ་ཚང་གི་སྨན་ཁང་། རྒས་གསོ་ཁང་བཅས་སུ་གཟིགས་སྐོར་དུ་ཕེབས་ཡོད། དེ་ཡང་དཔལ་ལྡན་བཀའ་བློན་མཆོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཕེབས་འབྱོར་སྐབས། སྨན་རྩིས་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ནས་ཕེབས་བསུ་ཞུས་ཤིང་། དེ་རྗེས་འགན་འཛིན་གྱིས་སྨན་ཁང་གི་སྡེ་ཚན་ཁག་དང་། ལྷག་པར་སྨན་ཁང་དུ་ནད་པ་ཇི་ཙམ་ཡོང་གི་ཡོད་མེད། སྐར་རྩིས་པར་རྩིས་སྐོར་དུ་ཡོང་མཁན་མང་པོ་ཡོད་པ། ས་གནས་སྨན་ཁང་གི་ལོ་འཁོར་སྨན་སྦྱིན་འགྲོ་གྲོན་སོགས་དང་། གཞན་ཡང་བདེ་སྡུག་ཁག་སྙན་སེང་ཞུས་ཡོད། དེ་ནས་དཔལ་ལྡན་བཀའ་བློན་མཆོག་གིས་བོད་ཀྱི་གསོ་བ་རིག་པ་གལ་གནད་ཆེན་པོ་ཡིན་པ་དང་། བོད་མི་རིགས་ཀྱིས་དེ་མུ་མཐུད་མི་ཉམས་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་གནང་ཡོད།དེ་རྗེས་ཁྱབ་ཁོངས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ཕེབས་སྐབས་སྨན་ཁང་གི་འགན་འཛིན་དང་ལས་བྱེད་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་སྨན་ཁང་འགན་འཛིན་གྱིས་སྨན་ཁང་གི་སྡེ་ཚན་ཁག་ངོ་སྤྲོད་དང་། ས་གནས་སུ་ནད་པ་ཇི་ཙམ་ཡོད་མེད། ལྷག་པར་ས་གནས་སུ་ནད་གཞི་གང་མང་བ་ཡོད་མེད་སོགས་སྨན་པས་འགྲེལ་བརྗོད་ཞིབ་ཕྲ་གནང་བ་དང་སྦྲགས།...

དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ས་ལུ་སྒ་རར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༧ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཐོག་མར་ས་ལུ་སྒ་རར་རྟེན་གཞི་བྱས་པའི་མ་དགོན་གསང་ཆེན་དཔལ་སྲད་རྒྱུད་གྲྭ་ཚང་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ལ་མཆོད་མཇལ་དུ་ཕེབས་རྗེས། དུས་འཁོར་ལྷ་ཁང་དུ་འཚམས་གཟིགས་ཕེབས་སྐབས་ཧི་མཱ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བཅས་ཕེབས་བསུ་ཞུས་པ་དང་། ༸རྒྱལ་བའི་གཟིམ་ཆུང་མཇལ་ཞུས་རྗེས་སློབ་གྲྭའི་དགེ་ལས་རྣམས་དང་བཀའ་བསྡུར་གནང་ཡོད།  དེ་རྗེས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ས་གནས་ཡན་ལག་སྨན་ཁང་དུ་འཚམས་གཟིགས་སུ་ཕེབས་རྗེས་ས་གནས་མི་མང་ཚོགས་ཁང་ནང་དུ་མི་མང་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ད་ལན་ས་གནས་སུ་བཅར་དགོས་དོན་ཡང་ཇཡ་གཱཾཝ་ས་གནས་སུ་ཐེག་ཆེན་ཕུན་ཚོགས་གླིང་དགོན་པ་དབུ་འབྱེད་དང་། ༸སྐྱབས་རྗེ་༸གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་བསྟར་འབུལ། དཔལ་ས་སྐྱ་༸གོང་མ་ཁྲི་རབས་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོར་ཕེབས་ཞོར་དུ་ཀ་རྡོར་སྒང་གསུམ་གྱི་ས་གནས་འགོ་འཛིན་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཆེད་ཕེབས་སྐོར་ངོ་སྤྲོད་གནང་། དེ་རྗེས་བཀའ་ཤག་སྐབས་ ༡༧ བཀའ་བློན་རྣམ་པའི་གྲུབ་ཆ་དང་། བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་མདོར་བསྡུས་སུ། བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ལས་དོན་རྣམས་གཉེར་རྒྱུ། དེ་བཞིན་༸སྐུ་མདུན་ཐུགས་བསུན་བཟོ་མི་དགོས་པ། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ང་ཚོར་ཇི་ལྟར་ཡིད་ཆེས་དང་ཐུགས་རེ་གནང་བ་བཞིན་ཐུགས་ཕམ་མི་ཡོང་བ་གཙོ་འདོན་གནང་རྒྱུ། འཛིན་སྐྱོང་གི་ལས་དོན་རྣམས་ཁྲིམས་དང་སྒྲིག་གཞི་གཙོ་བཟུང་གིས་སྒྲུབ་རྒྱུ་དང་། མ་གཙོ་ཀ་བ་གསུམ་གྱི་སྐུ་དབང་ཆ་བགོས་གཅིག་མཚུངས་ཡོད་པ་བཞིན་ལྗིད་སྙོམས་སྟངས་འཛིན་ལ་གུས་བརྩིས་ཞུས་པའི་ཐོག་ནས་ཕྱག་ལས་གནང་རྒྱུ། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྒྲིག་གཞི་དང་དམིགས་ཡུལ་བཞིན་ཕྱག་ལས་གནང་རྒྱུར་བཀའ་ཤག་ངོས་ནས་ཐེ་བྱུས་བྱ་རྒྱུ་མིན་པ་བཅས་གསུངས། དེ་ནས་བཀའ་ཤག་སྐབས་ ༡༧ པའི་ཆབ་སྲིད་ལངས་ཕྱོགས་ནི་༸རྒྱལ་བའི་དགོངས་བཞེད་དང། མི་མང་གི་མངོན་འདོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་གཏན་འབེབས་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་སྐྱོད་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་འབངས་ཡོངས་ལ་མང་གཙོ་གསོལ་རས་བཀའ་དྲིན་སྩལ་གནང་མཛད་པ་བཞིན་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་ཡོང་ངེས་ནི་མང་གཙོའི་རང་བཞིན་ཡིན་པས་ལངས་ཕྱོགས་སོ་སོའི་དགོས་དམིགས་བཞིན་ཕྱག་ལས་གནང་བའི་ཐོག་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་དོན་ཐོག་ནུས་པ་སྤུངས་ཐུབ་པ་དགོས་གལ། དེ་ནས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་རྣམས་དཔལ་ལྡན་དགའ་ལྡན་ཕོ་བྲང་རང་ལ་སྐུ་དབང་ཡོད་པ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་སྐོར་ངོ་སྤྲོད་གནང་ཡོད།  དེ་ནས་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་།...

བྷང་ལ་དྷེ་ཤེའི་བུད་མེད་སྲིད་བློན་ཟུར་པ་རང་ཡུལ་དུ་ཕྱིར་ལོག་ཐབས་བྱེད་བཞིན་པ།

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤེའི་བུད་མེད་སྲིད་བློན་ཟུར་པ་(Sheikh Hasina)ཕྱིར་རང་ཡུལ་ལ་ལོག་རྒྱུ་ཡིན་པར་བརྗོད་འདུག་ཅིང་། བྷང་ལ་དྷེ་ཤེའི་གཞུང་ལ་ཁོང་རང་ཡུལ་ལོག་ཆེད་ལག་ཁྱེར་གསར་བཟོ་བྱེད་རྒྱུའི་རེ་བ་ཞུས་ཡོད་པར་བརྗོད་འདུག The post བྷང་ལ་དྷེ་ཤེའི་བུད་མེད་སྲིད་བློན་ཟུར་པ་རང་ཡུལ་དུ་ཕྱིར་ལོག་ཐབས་བྱེད་བཞིན་པ། appeared first on བོད་ཀྱི་བང་ཆེན།.

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་སྡེ་ཚན་གྱི་གོ་སྒྲིག་འོག་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག The post དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས། appeared first on བོད་ཀྱི་དུས་བབ།.

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་པ་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཕུལ། ཨ་རིའི་གློག་བརྙན་དང་སྒྱུ་རྩལ་ཕྱོགས་ཀྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་པ་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་ཀྱིས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གྱིས་འབུར་དུ་ཐོན་པའི་བྱས་རྗེས་ལ་ཆེ་བསྟོད་ངོས་འཛིན་ཆེད། ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་ཁོང་ལ་ཕུལ་འདུག སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་ཀྱིས། ཨ་རི་བོད་ཁང་གིས་ང་ལ་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་སྤྲད་ནས་ཆེ་བསྟོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག་པ་དང་།  ཁོང་གིས་གཟེངས་རྟགས་དང་འབྲེལ་བའི་གནས་ཚུལ་སྒེར་ཐོག་ནས་མང་ཚོགས་ལ་གསལ་བསྒྲགས་གནང་བ་དེས། ཁོང་ལ་དགའ་མོས་བྱེད་མཁན་དང་རྗེས་འབྲང་བ་ཚོར་འཁྲབ་སྟོན་པ་ཁོང་དང་ཁོང་གི་ནང་མིར་མཚོན་ན་གཟེངས་རྟགས་འདིའི་གལ་ཆེའི་རང་བཞིན་དངོས་སུ་བསྟན་པ་མ་ཟད། མི་མང་པོ་ཞིག་ལ་བོད་དོན་སྐོར་གྱི་གལ་ཆེན་རང་བཞིན་དངོས་སུ་གསལ་འདོན་བྱས་པ་མཚོན་ཡོད་པ་རེད་ལ། གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་འགྲོ་མིའི་བདེ་རྩའི་ལས་དོན་གཉེར་མཁན་མང་པོ་མཉམ་ཞུགས་བྱས་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཆེད་དུ་དགོང་ཚོགས་དེར་གླུ་གཞས་ཀྱི་འཁྲབ་སྟོན་ཞུས་འདུག གཟེངས་རྟགས་དེ་ཉིད་འཛམ་གླིང་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཁག་ལ་ཆེ་བསྟོད་ཆེད་ཕུལ་གྱི་ཡོད་ཅིང་། འདི་ལོར་ཨ་རིའི་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་ཁྲོད་མིང་གྲགས་ཆེ་བའི་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་སུ་ཕུལ་བ་དེས་ཨ་རིའི་སྤྱི་ཚོགས་དང་འཛམ་གླིང་ནང་བོད་དོན་ལ་དོ་སྣང་སྔར་ལྷག་ཡོང་བར་སྐུལ་འདེད་ཐེབས་རྒྱུ་ཡིན་དང་། རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ (Art of Freedom Award) དེ་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་བོད་ཁང་གིས་གསར་འཛུགས་གནང་བ་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ལས་དོན་ལ་བྱས་རྗེས་འཇོག་མཁན་གྱི་མི་སྣ་ཁག་ལ་ཆེ་བསྟོད་བྱེད་ཆེད་དུ་ཕུལ་གྱི་འདུག ཨ་རིའི་གློག་བརྙན་དང་འབྲེལ་བའི་གསར་ཁང་ (Entertainment) གནས་ཚུལ་ནང་། ཨ་རིའི་བོད་ཁང་གིས་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་ཉིད་བརྒྱུད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་རོགས་འདེགས་བྱེད་ཀྱི་ཡོད། དམིགས་བསལ་འདི་ལོའི་མཛད་སྒོར་རྒྱལ་སྤྱིའི་སྐར་ཆེན་ཚོས་ཀྱང་བོད་ཀྱི་ཤུལ་བཞག་རིག་གཞུང་ལ་དོ་སྣང་དང་རྒྱབ་སྐྱོབ་བྱེད་བཞིན་པའི་རྣམ་པ་གསལ་བོ་མཚོན་ཡོད་པ་མ་ཟད། མ་འོངས་པའི་གཟེངས་རྟགས་ཐོབ་མཁན་ཚོར་བོད་དོན་དང་བོད་ཀྱི་རིག་གཞུང་ལ་རྒྱབ་སྐྱོར་གྱི་ཚད་གཞི་མཐོན་པོ་ཞིག་གི་ཐོག་ནས་ལྟ་དགོས་པ་ཞིག་ཏུ་གྱུར་ཡོད་སྐོར་སོགས་བརྗོད་འདུག The post ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ། appeared first...

དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ནང་སྲིད་བཀའ་བློན་གཙོ་གཙོ་དཔོན་དཔལ་ལྡན་དོན་གྲུབ་མཆོག་དང་། བདེ་སྲུང་ལས་བྱེད་བསྟན་འཛིན་དོན་བཟང་ལགས། ནང་སྲིད་ལས་ཁུངས་ཀྱི་སོ་ནམ་དང་མཉམ་འབྲེལ་གཉིས་ཀྱི་འབྲེལ་ལས་ངག་དབང་ཆོས་ལྡན་ལགས་བཅས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༧ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བྷུབ་ནེཤྭར་ (Bhubaneswar) གནམ་ཐང་དུ་ཕེབས་འབྱོར་སྐབས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས་དང་། སྐབས་ ༡༢ པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་དཔལ་མོ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་པདྨ་དབང་རྒྱལ་ལགས་བཅས་ནས་ཕྱག་ལ་མཇལ་དར་བསྣམས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། རིམ་བཞིན་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་ས་གནས་སོ་ནམ་མཉམ་འབྲེལ་གྱི་གསོལ་མགྲོན་ཁང་གི་མདུན་ཐང་དུ་ཕེབས་འབྱོར་སྐབས་དགོན་སྡེ་ཁག་གི་ཕྱག་མཛོད་ལས་སྣེ་རྣམ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་རྒྱུན་ལས། ས་གནས་རང་བདེན་ཚོགས་ཆུང་གི་རྒྱུན་ལས་འཐུས་མི་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད། ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ་ལས་སྣེ་རྣམ་པ། དེ་བཞིན་ས་གནས་སྨན་ལྷ་འཕྲོད་བསྟེན་སྨན་ཁང་དང་ས་གནས་བོད་ཀྱི་འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་དང་འགོ་ལས་རྣམས་དང་། ས་གནས་སཾ་བྷོ་ཊའི་སློབ་སྤྱི་དང་དགེ་ཆེ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་ལས་སྣེ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།ཕྱི་ཚེས་ ༨ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ས་གནས་འགོ་འཛིན་ལས་ཁུངས་དང་། སོ་ནམ་མཉམ་འབྲེལ་ལས་ཁུངས། ས་གནས་འཐུས་ཚོགས་ཀྱི་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་ལ་གཟིགས་ཞིབ་གནང་བ་དང་། རིམ་བཞིན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་བརྩི་མཚོན་སླད་གསར་བཞེངས་གནང་བའི་རྡོ་རིང་དབུ་འབྱེད་གནང་བ་དང་སྦྲགས། ས་གནས་དམག་ཟུར་སྐྱིད་སྡུག་གི་ཚོགས་གཙོ་གཙོས་རྒྱུན་ལས་ཚོགས་མི་བཅས་དང་ལྷན་འཛོམས་ཀྱིས་རྒྱ་གར་མཐའ་སྲུང་ལས་དོན་ནང་བོད་མིའི་དམག་མིའི་སྐུ་སྲོག་ཤོར་བའི་ལོ་དུས་དང་མཚན་གཞུང་འཁོད་པའི་དྲན་རྡོར་གུས་འདུད་ཀྱི་སྒོ་ནས་མེ་ཏོག་གི་མཆོད་པ་དང་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས། དེ་རྗེས་འདི་ལོའི་ཕྱི་ཟླ་...

གད་སྙིག་དང་ཆུའི་དཀའ་ངལ་ལ་གདོང་ལེན་གནང་བཞིན་ཡོད་པ་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་པ།

གཞིས་ཆགས་ཁག་ཏུ་གད་སྙིག་དང་ཆུའི་དཀའ་ངལ་ལ་གདོང་ལེན་གནང་ཐབས་གནང་གི་ཡོད་པ་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་པ།

དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་༸སྐྱབས་མགོན་༸གོང་མ་ཁྲི་རབས་ ༤༤ པའི་ཁྲི་འདོན་མཛད་སྒོར་ཆེད་ཕེབས་གནང་བ།

༄༅། །འདི་གར་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥༌༣༠ ཐོག་ལྡི་ལི་དོན་ཁང་ནས་གནམ་ཐང་དུ་ཕེབས་ཐོན་རྗེས། སྔ་དྲོ་ཆུ་ཚོད་ ༨ ཐོག་ལྡི་ལི་བརྒྱུད་བྷག་ཌོ་ར་ (Bagdogra) གནམ་ཐང་དུ་ཕེབས་ཐོན་གྱིས། སྔ་དྲོ་ཆུ་ཚོད་ ༡༠ ཙམ་བྷག་ཌོ་ར་གནམ་ཐང་ཕེབས་འབྱོར་གྱིས། དཔལ་ལྡན་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་སྐུ་ཚབ་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས་ཏེ། ཕྱི་དྲོ་ཆུ་ཚོད་ ༣༌༤༠ ཐོག་ཇཡ་གཱཾཝ་ (Jaigaon) ས་གནས་སུ་འབྱོར།ཕྱི་ཚེས་ ༥ ཉིན་གྱིསྔ་དྲོ་ཆུ་ཚོད་ ༨༌༣༠ ཐོག་རྒྱ་གར་ནུབ་སྦེང་གྷལ་དུ་གསར་བསྐྲུན་ཞུས་པའི་དཔལ་ལྡན་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དུ་༸སྐྱབས་མགོན་༸གོང་མ་ཁྲི་རབས་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་བོད་ལུགས་ཁྲི་འདོན་མཛད་སྒོར་ཕེབས་ཞུགས་གནང་བ་དང་། ཉིན་རྒྱབ་གསོལ་ཚིགས་གྲུབ་རྗེས། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གཙོས་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ཆོས་བརྒྱུད་སྤྱི་འཐུས་རྣམ་པ་དང་ཕྱོགས་བཞུགས་སྤྱི་འཐུས་བཅས་པར་དཔལ་ལྡན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་སུ་མཇལ་བཅར་ཞུས།ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨...

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

བོད་ཀྱི་འབྲོག་ཁུལ་ཆེ་ཤོས་གཉིས་ཀྱི་སློབ་ཕྲུག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱས་འདུག The post བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

རྒྱ་ནག་གཞུང་ཚབ་ཁང་གིས་ནེ་རྡིར་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཤོག་ངོས་གསུམ་ཅན་གྱི་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ནས་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ལ་ངོ་རྒོལ་དང་བོད་དོན་འཁྱོག་བཤད་བྱས།  The post རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ནི་དར་ལེནྜ་གྲོང་ཁྱེར་ཧེག་ཏུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) ཏུ་འཚམས་གཟིགས་ཉིན་མཐའ་མའི་རིང་ཌཆ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་མགྲོན་འབོད་ལྟར་གྲོས་ཚོགས་འོག་མའི་ཚོགས་ཁང་(Tweede Kamer) དུ་ཆེད་ཕེབས་ཀྱིས་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད་ཅིང་། ཚོགས་འདུ་དེ་བཞིན་དྲྭ་ཐོག་ཐད་སྲིང་བཏང་ཡོད། སྐབས་དེར་སྲིད་སྐྱོང་དང་ལྷན་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་བཅས་ལྷན་བཅར་གནང་ཡོད། ཚོགས་འདུའི་ཐོག་མར་གྲོས་ཚོགས་འཐུས་མི་ཊོམ་ཝན་ཌར་ལི་ (Tom van der Lee) ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌཆ་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་རྒྱུན་མཐུད་རྒྱབ་སྐྱོར་དང་འདས་པའི་ལོའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱིས་གྲོས་ཆོད་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་སྐབས་ཌཆ་གཞུང་ནས་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དྲུག་དང་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བ་གསལ་སྟོན་གྱིས་ཌཆ་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་དང་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་ཡོད། དེ་ནས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ཀུའི་ནི་རཱཇཀོབསི་ཀི་ (Queeny Rajkowski) ལགས་དང་། ཧན་ནེ་ཀེ་ ཝན་ ཌར་ ཝེརྥ་ (Hanneke Van der Werf) ལགས། ཊོམ་ ཝན་ ཌར་ ལི་ (Tom van der Lee)...

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གི་ཧོན་སུར་རབ་རྒྱས་གླིང་དུ་འཚམས་གཟིགས་ལེགས་པར་གྲུབ།

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༥ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་གི་དགོན་སྡེ་ལ་གནས་གཟིགས་དང་། འཕྲོད་བསྟེན་ཉམ་ཐག་རྣམས་ལ་ཐུག་འཕྲད། དེ་བཞིན་མང་ཚོགས་ལ་ཐུག་འཕྲད་ཀྱིས་གསུང་བཤད་བཅས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་གྱི་ཐོག་མར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་བསྟུན། མཆོད་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་ཞིང་། ས་གནས་འགོ་འཛིན་ནས་འཚམས་འདྲི་ཞུས་པ་དང་སྦྲགས་གཞིས་ཆགས་ཀྱི་ས་ཁྱོན་དང་ད་ལྟའི་མི་འབོར་གནས་སྟངས་སོགས་ཞིབ་ཕྲ་སྙན་སྒྲོན་ཞུས་པ་དང་། དཔལ་ལྡན་བཀའ་བློན་མཆོག་གི་ངོ་སྤྲོད་ལོ་རྒྱུས་སྒྲོགས་སྦྱང་ཞུས་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་བཀའ་ཤག་དང་སྒེར་གྱི་ངོས་ནས་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༡༩༧༢ ལོར་ས་གནས་འདིར་གཞིས་ཆགས་པ་ནས་ད་བར་སློབ་གྲྭ་དང་། དགོན་སྡེ། གཞིས་ཆགས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ལམ་ལུགས་སྲོལ་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་དགའ་ཚོར་དང་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་པ། བོད་མི་རྣམས་ས་གནས་འདིར་སླེབས་སྐབས་ས་སྦར་མོ་གང་ཙམ་ཡང་མེད་ཀྱང་དུས་ད་ལྟ་མཐུན་རྐྱེན་ཚང་མ་འཛོམས་པ་དེ་ལྟ་བུ་ས་གནས་ཡུལ་མི་ལ་ཡང་མེད་པ་དེ་དག་ཚང་མ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་གཞིས་ཆགས་འདིའི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན་བྱུང་བ་ཡིན་པས། ད་ཆ་ཁྲ་རུག་རུག་ཐོག་འཛོམས་རྒྱུ་ཡོད་པ་དང་། འཚོ་བ་ཕུན་གསུམ་ཚོགས་པ། ཆོས་དང་རིག་གཞུང་སྐད་ཡིག ཚོགས་སྡེ། སྤྱི་ཚོགས་ཆ་ཚང་བ་ཡོད་པས་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུ་ཡིན་སྐོར་གསུངས།དེ་ནས་བཀའ་ཤག་སྐབས་ ༡༧ པའི་མ་འོངས་ཕྱག་ལས་གནང་ཕྱོགས་དང་། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལ་འབྲེལ་བ་ཞུ་ཕྱོགས། དགའ་ལྡན་ཕོ་བྲང་ལ་འབྲེལ་བ་ཞུ་ཕྱོགས། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ཕྱག་ལས་གནང་ཕྱོགས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་། ལྷག་པར་བོད་ནང་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཛ་དྲག་གནས་སྟངས་ལ་བརྟེན་ནས། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་སྲིད་བྱུས་གཏན་འབེབས་ཞུས་པའི་ཐོག་ནས།...

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

The post འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ། appeared first on བོད་ཀྱི་དུས་བབ།.

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཁྲི་འདོན་མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་ག...

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༦ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཇཡ་གཱཾཝ་ས་གནས་སུ་རྟེན་གཞི་བྱས་པའི་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ་༸སྐྱབས་རྗེ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཁྲི་འདོན་མཛད་སྒོར་ཆེད་ཕེབས་གནང་ཡོད། སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་༸སྐྱབས་རྗེ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་བླ་ཆེན་རྣམ་པ་དང་། གནད་ཡོད་སྐུ་མགྲོན་རྣམ་པ་ཆིབས་བསྒྱུར་བསྐྱངས་པ་དང་། སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་།དེ་ཡང་ཁྲི་འདོན་གོ་སྒྲིག་ཚོགས་ཆུང་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་། དགེ་འདུན་པ་ཁག་གཅིག་ནས་ལེགས་སྦྱར་གྱི་སྐད་ཐོག་ནས་བཀྲ་ཤིས་ཚིགས་བཅད་ཀྱི་རྟ་དབྱངས་གསུངས་གནང་རྗེས་རྒྱལ་ཡུམ་ཆེན་མོ་འཇམ་དབྱངས་དཔལ་མོ་མཆོག་ནས་བརྙན་ལམ་ཐོག་གསུང་བཤད་གནང་བ་དང་། ༸འཁོན་གདུང་མཉྫུ་བཛྲ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་གྲུབ་མཚམས་སྤྱི་ཏི་ནས་ཕེབས་པའི་བཙུན་མ་ཁག་གཅིག་ནས་རྗེ་བཙུན་གོང་མའི་སྐུ་བསྟོད་རྟ་དབྱངས་གསུངས་གནང་། རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་རྗེས་ནུབ་བངྒཱལ་མངའ་གཞུང་གི་སྲིད་སྐྱོང་སྐུ་ཞབས་ར་བིནྡྲ་ནཱརཱཡན་ར་བི་མཆོག་གི་གསུང་བཤད་བརྙན་ལམ་ནས་གཟིགས་འབུལ་ཞུས་བསྟུན། ས་གནས་རྫོང་དཔོན་ནས་མངའ་སྡེའི་གཞུང་འཛིན་མཆོག་གི་གསུང་འཕྲིན་སྙན་སྒྲོན་གནང་། དེ་རྗེས་༸སྐྱབས་རྗེ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ ཛྙན་བཛྲ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་གྲུབ་མཚམས་༸སྐྱབས་རྗེ་གོང་མ་ཁྲི་འཛིན་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་དཔལ་ས་སྐྱའི་ཁྲི་འཛིན་གྱི་ཕྱག་དམ་དགྱེས་སྩོལ་གནང་།བཙན་བྱོལ་གཞས་པ་གྲགས་ཅན་ཉི་མ་ཚེ་རིང་ལགས་ནས་ཁྲི་གསོལ་དགའ་སྟོན་གྱི་བསྟོད་དབྱངས་སྙན་སྒྲོན་ཞུས་རྗེས་༸སྐྱབས་རྗེ་དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་གསུང་བཤད་བཀའ་དྲིན་བསྐྱངས་རྗེས་ཆོས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། ཇི་སྐད་དུ། ཕྱི་ནང་རིག་གནས་མདོ་སྔགས་གཞུང་བརྒྱའི་གནད། ། འཆད་རྩོད་རྩོམ་པས་ཐུབ་བསྟན་སྐྱོང་མཁས་པ། ། ལྷ་རིགས་འཁོན་སྟོན་བརྩེ་ཆེན་ས་སྐྱ་པ། ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག ཅེས་སྨོན་ཚིག་གིས་བསུས་ཏེ། དེ་རིང་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་དབྱུག་ཟླའི་དམར་ཕྱོགས་བཟང་བ་གཉིས་པའི་གཟའ་ཚེས་དགེ་བའི་ཉིན། དཔལ་༸ས་སྐྱ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ལྡན་ས་སྐྱ་པའི་ཁྲི་འཛིན་ ༤༤...

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཁྲི་འདོན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ པའི་ཚེས་ ༦ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་ཇཡ་གཱཾཝ་ (Jaigaon) དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དུ། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཁྲི་འདོན་མཛད་སྒོ་ཚོགས་གནང་སོང་།  སྐབས་དེའི་ཕྱི་ལུགས་ཁྲི་འདོན་མཛད་སྒོའི་ཐོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ་དང་། བླ་ཆེན་ཁག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག འབྲས་ལྗོངས་རྒྱལ་སྲས་མཆོག སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་གྲའུ་ངག་དབང་བློ་གྲོས་ལགས།  དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐུ་ཞབས་ལྷན་རྒྱས། རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་རྣམ་པ། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་ཟུར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་ཟུར་གྲའུ་ཚེ་བརྟན་ལགས། ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ།...

ཧོང་ཀོང་གི་དམངས་གཙོ་དམངས་གཙོ་དོན་གཉེར་བ་ཇོ་ཤུ་ཝ་ལོང་ལ་ལོ་བཅུའི་ཁྲིམས་ཆད་ཕོག

ཁ་སང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཇོ་ཤུ་ཝ་ཝོང་(Joshua Wong / 黃之鋒) ལ་མི་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག The post ཧོང་ཀོང་གི་དམངས་གཙོ་དམངས་གཙོ་དོན་གཉེར་བ་ཇོ་ཤུ་ཝ་ལོང་ལ་ལོ་བཅུའི་ཁྲིམས་ཆད་ཕོག appeared first on བོད་ཀྱི་བང་ཆེན།.

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་འབྲུག་ཐིམ་ཕུག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩེད་ཐང་ Changlimithang དུ་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བ་དང་འབྲེལ།  འཛམ་གླིང་འདིའི་ནང་རྒྱལ་ཁབ་ ༡༩༥ ཡས་མས་ཡོད་པའི་ཁོངས་ནས་སྤྱིར་ཐེག་པ་ཆེན་པོ་དང་ཡང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་སའི་རྒྱལ་ཁབ་རང་དབང་རང་བཙན་ལྡན་པ་དེ་འབྲུག་རྒྱལ་ཁབ་ཁོ་ན་ཡིན་པ་བཀའ་སྩལ་འདུག ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་མ་སྩལ་གོང་དུ་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས།  འབྲུག་རྒྱལ་ཁབ་འདི་ནི་འགྲོ་མགོན་དག་པོའི་བཀའ་བརྒྱུད་ལས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་པར།  ཁྱད་པར་དུ་འཕགས་པའི་ཡུལ་འདིར་འདུ་འཛོམས་བྱུང་ཐུབ་པ་དེ་ཚང་མས་སྤོབས་པ་བྱེད་འོས་པ་ཞིག་དང་།  རྒྱལ་ཁབ་འདིར་སྐྱེས་པ་ཙམ་གྱི་དལ་འབྱོར་མི་ལུས་ཀྱི་མཐུན་རྐྱེན་ཚང་གི་ཡོད་པར་སྐལ་པ་བཟང་པོ་ཡིན་པ་བཀའ་སྩལ་འདུག  །མ་ཟད་རིན་པོ་ཆེ་མཆོག་གིས་དཔལ་༸རྒྱལ་དབང་ཀརྨ་པ་དང་འབྲུག་རྒྱལ་ཁབ་བར་དམ་ཚིག་གི་འབྲེལ་བའི་སྐོར་དང་འབྲེལ།  འབྲུག་པ་བཀའ་བརྒྱུད་ལ་འབྲུག་པ་ཞེས་པའི་མཚན་ཐོགས་པ་དེ་ཡང་གཙོ་བོ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་འབྲུག་གི་གདན་ས་ཕྱག་བཏབ་པ་ལ་བརྟེན་ནས་བྱུང་བ་ཡིན་པ་སོགས་བཀའ་སྩལ་བ་དང་།  དེ་བཞིན་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་མ་ཁག་གཅིག་གི་མཛད་པ་འཕྲིན་ལས་དང་སྐབས་དེའི་ཚེ་དེའི་དུས་སུ་སྐུ་ངལ་ཇི་བྱུང་བའི་ལོ་རྒྱུས་སྐོར་དང་།  ལྷག་པར་དུ་༸སྐུ་ཉིད་ངོས་ནས་ཀྱང་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འབྲུག་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་མཛད་བཞིན་པ་ལྟར།  ད་རེས་དགུང་ལོ་བཞི་བཅུ་ཞེ་གྲངས་ནང་ཕེབས་སྐབས་གཞི་ནས་ཡུལ་འདིར་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཅེས་དང་།  དེ་ཡང་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག  ལྷག་པར་ད་རེས་མངའ་བདག་རྒྱལ་པོའི་ཐུགས་སྐྱེད་དང་འབྲུག་མི་ཡོངས་ཀྱི་བསོད་ནམས་ལ་བརྟེན་ནས་འབྲུག་དགེ་ལེགས་ཕུག་ཏུ་ཉིན་ཞག་གཅིག་གི་ནང་མཆོད་རྟེན་ ༡༠༨ བཞེངས་ཐུབ་པ་དེ་འཛམ་གླིང་ཁྲོད་ཀྱི་ལོ་རྒྱུས་ནང་ད་བར་བྱུང་མྱོང་མེད་པ་མ་ཟད།  དེའི་ཐོག་འབྲུག་མི་ཡོངས་ཀྱི་སྐྱབས་གནས་དང་དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དང་དགེ་བའི་བཤེས་གཉེན་མང་པོ་ཞིག་དུས་གཅིག་ཏུ་འདུ་འཛོམས་བྱུང་བས་སྐལ་བཟང་གི་ཉི་མ་ཤར་བ་དེས་མ་འོངས་པར་འབྲུག་རྒྱལ་ཁབ་དེ་སྔར་ལས་ཀྱང་དར་ཞིང་རྒྱས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་རྟེན་འབྲེལ་བཟང་པོ་ཡོད་པ་བཀའ་སྩལ་འདུག  རྩ་བའི་ཐེངས་འདིར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བའི་འདུ་འཛོམས་ཐོག་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པ་གཙོས་པའི་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བ་ནས་མཉམ་ཞུགས་གནང་འདུག The post དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག appeared first on vot.

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་བཟོ་གྲྭ་གཉིས་ཀྱིས་ཁོའུ་བྷར་དམག་དོན་གོ་མཚོན་མཁོ་སྤྲོད་བྱས་པའི་ངོས་འཛིན་འོག་ཉེས་ཆད་བཅད་འདུག The post ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་། appeared first on བོད་ཀྱི་དུས་བབ།.