Tibetan
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་ཌི་ས་གནས་འགོ་འཛིན་ཁྱབ་ཁོངས་སྤོན་ཌོ་བཀྲ་ཤིས་གླིང་དང་། མཚོ་པདྨ་ཁ་ཐོར་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་ག...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་ཌི་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས། སྤོན་ཌོ་བཀྲ་ཤིས་གླིང་དང་། མཚོ་པདྨ་ཁ་ཐོར་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།དེ་ཡང་སྤོན་ཌོ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་འཇམ་དབྱངས་སྒྲོལ་མ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་རྡོ་རྗེ་ལགས། མཚོ་པདྨའི་འབྲེལ་མཐུད་པ་བསྟན་འཛིན་དཔལ་ལྡན་ལགས། དེ་བཞིན་ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱང་ཆུབ་ལྷ་ཁང་དུ་མཆོད་མཇལ་དང་། སྤོན་ཌོ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས། ས་གནས་འཐུས་ཚོགས་ཀྱི་ལས་ཁུངས། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་གཟིགས་ཞིབ་ཀྱིས་ས་གནས་མང་ཚོགས་དང་ཐུག་འཕྲད་གནང་སྟེ་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་མི་མང་ནས་བོད་མིའི་སྒྲིག་འཛུགས་དང་སྦྱིན་བདག་རྣམས་ནས་ས་གནས་ཀྱི་བདེ་དོན་དང་ཡར་རྒྱས་ལ་དམིགས་ཏེ་མཐུན་འགྱུར་རོགས་རམ་མཁོ་སྤྲོད་གནང་བ་དེ་དག་བཀོལ་སྤྱོད་ཡང་དག་གནང་དགོས་པའི་ལམ་སྟོན་དང་། བོད་མིའི་སྤྱི་ཚོགས་རྒྱུན་གནས་ཡོང་བར་མི་རེ་ངོ་རེ་ནས་འཛམ་གླིང་འགྱུར་འགྲོས་དང་བསྟུན་བོད་མིའི་ངོ་བོ་དང་། རིག་གཞུང་། ཕ་མེས་ཀྱི་ཤུལ་བཞག་བཅས་སྲུང་སྐྱོབ་གནང་དགོས་གལ་ཐོག་གསུངས།དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་དང་སྦྲགས། བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་འཆམ་ཐུན་དང་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་འབོད་སྐུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོར་བོད་མི་ཚོའི་ཆེད་སྐུ་ལས་བསྐྱོན་གནང་མཛད་པར་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ཐུན་མོང་གི་དམིགས་འདུན་མདུན་སྐྱོད་བྱེད་པར་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་ནི་གལ་གནད་ཆེན་པོ་ཆགས་ཡོད་པ་ནན་བརྗོད་གནང་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་མཚོ་པདྨར་ཕེབས་ཐོན་སྐབས་མན་ཌི་བོད་མིའི་ཁྲིམ་རར་གཟིགས་ཞིབ་ཀྱིས་ཚོང་པ་རྣམས་དང་ཐུག་འཕྲད་གནང་ཡོད། མཚོ་པདྨར་ཕེབས་འབྱོར་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་མཐོང་གྲོལ་ཆེན་མོ་དང་། རྙིང་མ་དགོན་པ། འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་། ཟངས་མདོག་དཔལ་རིས་པདྨ་འོད་ཀྱི་ཕོ་བྲང་། འབྲི་གུང་བཀའ་བརྒྱུད་བཤད་སྒྲ་སོགས་ལ་གནས་གཟིགས་དང་མཆོད་མཇལ་ཞུས་ཏེ་མཚོ་པདྨའི་བོད་མི་རྣམས་ལ་གསུང་བཤད་གནང་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་མུ་མཐུད་གནང་བཞིན་པ་དང་། བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་ལ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་འགན་ཁུར་དགོས་པ། བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་གལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་དོན་སྲ་བརྟན་གཏོང་དགོས་པའི་གལ་ཆེ་རང་བཞིན་ཐོག་གསུང་བཤད་གནང་ཡོད།ཕྱོགས་མཚུངས་བོད་མི་རྣམས་ནས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལམ་སྟོན་བཞིན་ལག་བསྟར་གནང་དགོས་གལ་དང་། བོད་མི་ཚོས་བོད་དོན་སྲ་བརྟན་གཏོང་བར་ད་ལྟའི་འཛམ་གླིང་གི་འགྱུར་ལྡོག་དང་ལྷག་པར་བོད་ནང་གི་གནས་སྟངས་ཐོག་དོ་སྣང་གནང་དགོས་པའི་འབོད་སྐུལ་གནང་ཡོད།བོད་མི་རྣམས་བཙན་བྱོལ་དུ་ཡུན་རིང་བསྡད་དགོས་བྱུང་ཡོད་ནའང་སེམས་ཤུགས་མ་ཆགས་པའི་ཐོག་ནས་རེ་བ་བཅངས་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་བདེ་དོན་ལ་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་བཞིན་ཡོད་པ་ནན་བརྗོད་གནང་ཡོད། དེ་བཞིན་ད་ལྟའི་བཀའ་ཤག་གི་ངོས་ན་གཞུང་འཛིན་ནུས་པ་ལྡན་པ་དང་། བོད་མིའི་བདེ་དོན་ཡར་རྒྱས་ཡོང་བ། དེ་བཞིན་མ་འོངས་པའི་བཀའ་ཤག་ལ་ཕུགས་རྒྱང་རིང་བའི་ལས་དོན་གལ་ཆེན་གཞན་ཁག་ལ་དོ་སྣང་ཆེ་བ་སྤྲོད་ཐུབ་པའི་གོ་སྐབས་བསྐྲུན་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། ས་གནས་གཞིས་ཆགས་ཀྱི་ལས་ཁུངས་ནས་འགོ་འཛུགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ནུས་པ་གོང་མཐོར་གཏོང་ཐུབ་ཚེ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ལ་ནུས་པ་ལྡན་པའི་ཡར་རྒྱས་དང་བོད་མིའི་བདེ་དོན་ལ་ཞབས་འདེགས་ནུས་པ་ལྡན་པ་ཞིག་གྲུབ་ཐུབ་པའི་དགེ་ཚན་སྐོར་གསུངས་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤོན་ཌོ་བཀྲ་ཤིས་གླིང་དང་།...
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།
བོད་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་སྐུ་གྲོངས་ནས་བདུན་ཚིགས་གཉིས་འཁོར་བར་སྤྱི་འཐུས་ཚོགས་གཞོན་མཆོག་དང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་མྱ་ངན་རྗེས་དྲན་མཚོན་སླད་མཆོད་འབུལ་སྨོན་ལམ་འཚོག་གིན་འདུག The post བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས། appeared first on བོད་ཀྱི་དུས་བབ།.
མའེ་སོར་དུ་རྔམ་སྟོན་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལཊ་ཀྱི་དགོས་འདུན་གསལ་སྟོན་གནང་པ།
མའེ་སོར་གྲོང་ཁྱེར་དུ་རྔམ་སྟོན་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལཊ་ཀྱི་དགོས་འདུན་གསལ་སྟོན་གནང་པ། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་འདས་གྲོངས་གྱུར་ཏེ་བདུན་ཚིགས་གཉིས་པ་སྟེ་འདི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ནས་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པར་ཕྱིར་འཐེན་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་སྟོན་གནང་སྟེ་མེའི་སོར་གྲོང་ཁྱེར་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་ཡོད་པ་རེད་། དེ་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཞེས་པའི་ཁྲིམས་ཡིག་དེར་ངོས་ལེན་མེད་པས་ཕྱིར་འཐེན་དགོས་པ་དང་བོད་མི...
ཐའེ་ཝན་ལ་བློ་དགའ་ལགས་སུ་མྱ་ངན་དང་རྒྱ་ནག་ལ་ངོ་རྒོལ་བྱས་པ།
ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་དགོང་དྲོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་སྦེ་ཡི་རང་དབང་ཐང་ཆེན་དུ་འདུ་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སུ་མྱ་ངན་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་ལག་བསྟར་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་ནག་ཁྲིམས་གཞི་དེར་བོད་མི་ཙམ་མ་ཟད། ཧོང་ཀོང་དང་། ཡུ་གུར། ཐའེ་ཝན་བཅས་ཀྱི་མི་རིཊ་སྣ་ཚོགས་ཀྱིས་འདིར་གདོང་ལེན་དང་ཁ་གཏད་གཅོག་གི་ཡོད་པ་གསུངས་འདུག བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲིས་ཚེ་རིང་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མཆོད་མེ་ཕུལ་བ་འདིར་ཐའེ་ཝན་གྱི་མི་མང་དང་། དམིགས་བསལ་ཐའེ་ཝན་གྱི་གཞོན་སྐྱེས་མང་པོས་ཧ་ལས་པའི་གདུང་སེམས་མཉམ་སྐྱེད་དང་བསྔགས་བརྗོད་ཞུ་བཞིན་འདུག་ཅེས་གསུངས་བྱུང་། ད་རེས་ཀྱ...
“རྒྱ་ནག་གི་བོད་”ཅེས་དྲིལ་བསྒྲཊ་བྱེད་པ་ནི་ཐབས་བྱུས་ཤིག་ལ་དབྱེ་ཞིབ་པས་ངོས་འཛིན་གནང་པ།
རྒྱ་ནག་གཞུང་གིས་བོད་ནང་ཐབས་བྱུས་སྣ་མང་བརྒྱུད་སྤེལ་ཏེ་ “རྒྱ་ནག་གི་བོད་” ཅེས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག China pays influencer prize money to promote “China’s Tibet”, as analyst says it is a campaign to advance Chinese narratives on Tibet ཉེ་ལམ་རྒྱ་རིགས་ཤིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བོད་ཀྱི་མཛེས་སྡུག་དང་འབྲེལ་བའི་བརྙན་ཐུང་ཞིག་བཟོས་པ་དེར་དྲྭ་ལམ་ཐོག་དགའ་རྟགས་བསྐྱོན་མཁན་ས་ཡ་༢༡བྱུང་བར། བྱ་དགའ་ཨ་སྒོར་ ༧༣༥༠༠ ཐོབ་འདུག་པ་དེ་ནི། བོད་ཀྱི་སྟབས་བདེའི་ཡུལ་སྐོར་གྱི་དྲིལ་བསྒྲགས་ཙམ་མིན་པར། དེ་ནི་རྒྱ་ནག་གཞུང་གི་ཐབས་བྱུས་ལྡན་པའི་སྲིད་བྱུས་འོག་ “རྒྱ་ནག་གི་བོད་” ཅེས་པ་དྲིལ་བསྒྲགས་ཆེད་དུ་ཡིན་ཞེས། ཧྥ་རན་སིའི་བོད་རིག་པ་བ་གྲགས་ཅན་ (Claude Arpi) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།
ཨ་ཧྥི་རི་ཁའི་རྒྱལ་ཁབ་དགུས་བསྡུས་པའི་དམག་འཁྲུག་དང་སི་རི་ཡའི་དམག་འཁྲུག དེ་བཞིན་འདས་པའི་མི་ལོ་བཞི་ལྷག་རིང་གོ་ལ་ཧྲིལ་པོར་བརྡབ་གསིག་གཏོང་བའི་ཨུ་ཡུ་གཉིས་ཀྱི་དམག་འཁྲུག་བཅས་ཀྱི་ཁྲོད་ཉུང་མཐར་མི་གྲངས་ས་ཡ་ ༤།༠༢ ལྷག་རྐྱེན་འདས་སུ་གྱུར་འདུག The post དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ། appeared first on བོད་ཀྱི་དུས་བབ།.
ལྐོག་ཟ་རུལ་སུངས་དང་ཚུལ་མིན་འཁྲིག་སྤྱོད་བྱས་པའི་ཉེས་མིང་འོག་དམར་ཤོག་འགོ་གཙོ་ཟུར་པ་ཕྱིར་ཕུད།
རྒྱ་ནག་གི་ཡུ་གུར་ས་ཁུལ་གྱི་དམར་ཤོག་འགོ་གཙོ་ཟུར་པ་དང་རྒྱ་ནག་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་མཱ་ཞིང་རུའེ་ (Ma Xingrui) ཟེར་བའི་འགོ་ཁྲིད་དེ་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བཏང་བ་དང་། ལྐོག་ཟ་རུལ་སུངས་དང་ཚུལ་མིན་གྱི་བུད་མེད་ལ་འཁྲིག་སྤྱོད་བྱས་པའི་ཉེས་མིང་འོག་ད་ལྟ་ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག The post ལྐོག་ཟ་རུལ་སུངས་དང་ཚུལ་མིན་འཁྲིག་སྤྱོད་བྱས་པའི་ཉེས་མིང་འོག་དམར་ཤོག་འགོ་གཙོ་ཟུར་པ་ཕྱིར་ཕུད། appeared first on བོད་ཀྱི་བང་ཆེན།.
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་གིས་དབུ་མའི་ལམ་ལ་འཆི་བརྡ་བཏང་བ།
རྒྱ་ནག་གི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག” གསར་པ་འདི་ནི། འཆམ་མཐུན་གྱི་ཆེད་དུ་བཟོས་པའི་གནོད་མེད་ཀྱི་སྒྲོམ་གཞི་ཞིག་མ་ཡིན་པར། མི་རིགས་བསྲེས་ལྷད་ (Assimilation) ཀྱི་སྲིད་ཇུས་ཁྲིམས་ལུགས་སུ་གཏན་འབེབས་བྱས་པ་ཞིག་ཡིན། འདིས་རིག་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ནག་ཉེས་སུ་བགྲང་བ་དང་། བོད་ལ་དོན་དམ་གྱི་རང་སྐྱོང་ཐོབ་པའི་ལམ་ཁ་བཀག་པ་བརྒྱུད། The post མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་གིས་དབུ་མའི་ལམ་ལ་འཆི་བརྡ་བཏང་བ། appeared first on བོད་ཀྱི་བང་ཆེན།.
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས་རྗེས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། མ་ན་ལི། ཀུ་ལི། སྦིར་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་གནང་མུས་ཡིན་འདུག The post སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཀུལླུ་མ་ནཱ་ལཱི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀུལླུ་མ་ནཱ་ལཱིར་གཞུང་འབྲེལ་འཚམས་གཟིགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མ་ནཱ་ལཱི་བདེ་སྐྱིད་གླིང་ཁུལ་དུ་ཆུ་རུད་དང་ཆུ་ལོག་རྐྱེན་པས་ས་རུད་ཐེབས་པའི་ས་གནས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་བ་དང་། དེ་བཞིན་ས་གནས་ཀྱི་དགོན་སྡེ་ཁག་དང་། ཤེས་ཡོན་ལྟེ་གནང་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཀུལླུ་དང་མ་ནཱ་ལིའི་ཁུལ་གྱི་བོད་མི་འདུ་སྡོད་ཁག་ལ་གཟིགས་སྐོར་གནང་ཞིང་། སྐབས་དེར་དགོན་པའི་མཁན་པོ་དང་། སློབ་གྲྭའི་འགན་འཛིན། གཞིས་ཆགས་ཀྱི་སྐུ་ཚབ། མི་མང་བཅས་དང་ཐུག་འཕྲད་ཀྱིས་ས་གནས་ཀྱི་གནས་སྟངས་སྐོར་རྒྱུད་ལོན་དང་ས་གནས་བོད་མིའི་གཞིས་ཆགས་ཁག་གི་བདེ་དོན་དང་ཡར་རྒྱས་དང་འབྲེལ་བའི་ཐོག་གྲོས་བསྡུར་གནང་ཡོད།ཐུག་འཕྲད་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་གཙོ་བོ་བོད་མིའི་ཚོགས་པ་ཁག་གི་ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་གནང་དགོས་པའི་གལ་གནད་དང་། སྒྲིག་འཛུགས་ཤིག་ནུས་པ་ལྡན་པ་དང་། འགན་འཁུར། དེ་བཞིན་ཡག་པོ་ཞིག་ཡོང་བར་སྒྲིག་འཛུགས་ཀྱི་ཡིག་ཚགས་དང་འཛིན་སྐྱོང་གི་ལམ་ལུགས་རྣམས་གྲངས་འཛིན་དུ་འགྱུར་དགོས་པའི་གལ་གནད་ཐོག་ནན་བརྗོད་གནང་ཡོད།ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་རྡོ་སྦི་དཔལ་རབ་གླིང་དུ་མང་ཚོགས་ལ་གསུང་བཤད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་བོད་དོན་དང་འབྲེལ་རྒྱ་ནག་གི་དབང་བསྒྱུར་འོག་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མ་འོངས་པའི་མི་རབས་ཚོའི་ཆེད་དུ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་པའི་ལམ་སྟོན་གནང་ཡོད།ལྷག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཉེན་ཚབས་ཆེ་ཤོས་ཀྱི་སྲིད་བྱུས་ཤིག་ཡིན་སྐོར་ཐེར་འདོན་གནང་ཞིང་། རྒྱ་ནག་གཞུང་གི་བོད་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་དུ། ཉེ་ལམ་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། བོད་དང་བོད་མི་རིགས་ཀྱི་དོན་དུ་རང་གི་རྩ་ཆེ་བའི་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ལ་གུས་འདུད་དང་སྦྲགས། བོད་མི་ཡོངས་ནས་སོ་སོའི་ལྟ་གྲུབ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་མིན་ལ་མ་ལྟོས་པར་བོད་སྤྱི་པའི་རྩ་དོན་ཆེད་ནང་ཁུལ་ཆིག་སྒྲིལ་དགོས་པའི་གནད་འགག་སྐོར་གསུངས།སྲིད་སྐྱོང་མཆོག་གིས་ཀུ་ལུ་མ་ན་ལིའི་ས་གནས་སུ་གཟིགས་ཞིབ་གནང་བའི་མྱོང་ཚོར་དང་འབྲེལ་ནས། ཀུ་ལུ་མ་ན་ལིའི་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྡོད་མི་མང་རྣམས་ནས་དཀའ་ངལ་མ་ལྟོས་པར་སོར་ཆུད་ཀྱི་ནུས་པ་དང་ཆོད་སེམས་ལ་ཡི་རངས་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག མི་མང་རྣམས་ནས་མཐུན་ལམ་དང་སྤྱི་བའི་འགན་འཁུར་སྲ་བརྟན་གཏོང་དགོས་པ་མ་ཟད། ས་གནས་ཀྱི་ལས་ཁུངས་ཁག་གི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད། དེ་བཞིན་འཛིན་སྐྱོང་དང་། ཤེས་ཡོན། ཆོས་ཕྱོགས་བཅས་ཀྱི་སྒྲིག་འཛུགས་ཁག་ནས་ཕྱི་གསལ་ནང་གསལ་དང་ནུས་པ་ལྡན་པའི་ཐོག་ནས་མུ་མཐུད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བརྗོད་གནང་ཡོད།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཚང་མའི་ལས་འགན་ཡིན་པ་དང་།...
ལ་དྭགས་བྱང་ཐང་དུ་ “དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་གྱི་རྟ་རྒྱུག་”ཅེས་གོ་སྒྲིག་གནང་པ།
ལ་དྭགས་བྱང་ཐང་ཁུལ་དུ་“དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་གྱི་རྟ་རྒྱུག་”ཅེས་པ་གོ་སྒྲིག་ཞུས་འདུག་ཅིང་། “བོད་རང་བཙན་མ་ཐོབ་ཀྱི་བར་རྩེད་འགྲན་འདི་གནང་རྒྱུ་ཡིན་”ཞེས་གསུངས་པ། ལ་དྭགས་བྱང་ཐང་སུམ་མདོ་དང་ཉེ་འཁོར་གྱི་བོད་པ་དང་ལ་དྭགས་ཡུལ་མི་མཉམ་འཛོམས་ཐོག་ལོ་ལྟར་རྒྱ་གར་གཉིས་མཚོ་འགྲམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་ཆེད་ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་ཀྱི་བོད་པའི་གཞོན་སྐྱེས་བཞིས་”དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་གྱི་རྟ་རྒྱུག་”ཅེས་གོ་སྒྲིག་ཞུས་འདུག དེ་ཡང་གཞོན་སྐྱེས་བཞིའི་སྐུ་ཚབ་ཀརྨ་བསྟན་འཛིན་ལགས་ཀྱིས་གསུངས་དོན་དུ། གྲོགས་པོ་བཞི་ནང་ཁུལ་དུ་དངུལ་བསྡུ་རུབ་བྱེད་ནས་རྟ་རྒྱུག་ནང་ཨང་རིམ་སོན་པ་ཚོར་བྱ་དགའ་འབུལ་རྒྱུ་དང་ཉེ་འཁོར་དུ་བློ་དགའ་རང་བཙན་ལགས་ཀྱི་འདྲ་པར་འདོན་སྤེལ་བྱེད་པ། ཡང་མ་འོངས་པ...
ཀོལ་ཀ་ཏ་དང་ཨོསི་ཊརེ་ལི་ཡའི་པརཐི་བཅས་ཀྱི་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ།
རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་བོད་མིས་རྔམ་སྟོན་ལས་འགུལ་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱི་དགོས་འདུན་ལ་ཉན་འཇོག་དགོས་པའི་སྐད་འབོད་གནང་འདུག དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་མཉམ་སྦྲེལ་ཐོག་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱི་དགོས་འདུན་ཁག་ལ་དོ་སྣང་དགོས་པའི་དགོས་འདུན་བཏོན་འདུག་ཅིང་། ལས་འགུལ་ནང་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་དྲུག་ཙམ་ནས་བོད་མི་ལས་འགུལ་བ་མི་གྲངས་ ༤༢ དང་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་མཉམ་ཞུགས་གནང་འདུག འདི་ནི་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་བོད་མི་བློ་དགའ...
བོད་ཀྱི་དཔའ་རྒོད་བློ་དགའ་རང་བཙན་ལས་འཕྲོས་པའི་རྗེས་དྲན།
ཆབ་མདོ་ངག་དབང་ཕུན་ཚོགས། དེ་རིང་ཞོགས་པ་ཡར་ལངས་ནས་ཞོགས་ཟས་བཟས་རྗེས་ངོ་དེབ་ལ་བལྟས་པ་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་སྐུ་ལུས་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་པའི་རང་ལུས་མེར་སྲེག་གི་གནས་ཚུལ་མཐོང་བ་དང་། རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་བབས། དེ་ནས་རིམ་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ལས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མཆོད་མེར་སྒྲོན་པ་ཤེས་རྗེས། ཧང་སངས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར། དེའི་གོང་ལ་ཁོང་གི་ངོ་དེབ་ཐོག་ཏུ་བརྙན་ཐུང་ཞིག་འདུག་པ་དེང་སང་དྲ་ཐོག་ཏུ་ཐོན་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པར་བརྟེན། སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་རྒྱུ་རེད་སྙམ་ནས་ཉན་རྒྱུ་མ་བྱུང་། འོན་ཀྱང་དེ་ནི་དཔའ་བོ་ཁོང་གིས་བོད་མི་རིགས་ལ་བཞག་པའི་ཞལ་ཆེམས་ཤིག་ཡིན་པ་དང་། The post བོད་ཀྱི་དཔའ་རྒོད་བློ་དགའ་རང་བཙན་ལས་འཕྲོས་པའི་རྗེས་དྲན། appeared first on བོད་ཀྱི་བང་ཆེན།.
མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།
རྩོམ་ཁུངས། བོད་ཀྱི་དུས་བབ། རྩོམ་པ་པོ། བློ་བཟང་ཐབས་མཁས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་མེད་བརླག་ཏུ་གཏོང་བའི་སྲིད་བྱུས་འདྲ་མིན་སྤེལ་མུས་ཡིན་ཞིང་། དེ་ཡང་བོད་ཡར་རྒྱས་ལ་ཁ་གཡར་ནས་གཡོ་ཐབས་དང་ངན་བྱུས། བཙན་ཤེད་འདྲ་མིན་བེད་སྤྱོད་བྱས་ནས་མི་ལོ་བདུན་ཅུ་མ་ཟིན་ཙམ་འགྲོ་བཞིན་ཡོད། མི་ལོ་དེ་དག་གི་རིང་བོད་ཀྱི་སྣོད་བཅུད་གཉིས་ཐད་ནས་བཙན་ཤེད་ཧམ་འཕྲོག་བསད་བཟུང་གཏོར་བཅོམ་སོགས་ངན་དགུ་མ་བྱས་པ་གཅིག་ཀྱང་མེད། ལོ་མང་རིང་རྒྱ་ནག་དམར་ཤོག་གིས་བོད་མི་རིགས་རྒྱ་སྒྱུར་སྲིད་བྱུས་གཏིང་ནག་པོ་དེ་ལག་བསྟར་བྱས་པ་ནས་ད་བར་དུ་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་། ཤུལ་བཞག་རིག་དངོས་བཅས་ལ་དད་མོས་དང་སྦྱོང་སྤྱོད་དར་སྤེལ་སྲུང་སྐྱོབ་བྱེད་དབང་མེད་ཁར། བཙན་འཕྲོག་དང་བཀག་འགོག གཏོར་བཤིག་བཏང་བ་སོགས་བགྲང་གིས་མི་ལང་། ཕྱི་ལོ་༢༠༢༦ ཟླ་ ༠༧ ཚེས་༡༣ ཉིན་རྒྱ་གཞུང་གིས་བོད་མི་རིགས་ཀྱི་གནའ་བོའི་རིག་དངོས་ཤུལ་བཞག་རྩ་ཆེན་རྒྱལ་མོ་ཚ་བ་རོང་གི་རྡོ་བཟོའི་སྒྱུ་རྩལ་རྒྱལ་རོང་གི་རྡོ་མཁར་ཞིག་གཏོར་ཞིག་བཏང་ཡོད། རྡོ་མཁར་བཙམ་རྫོང་དེ་དག་ནི་ཤར་རྒྱལ་མོ་ཚ་བ་རོང་དུ་གེར་གྱིས་བཞེངས་ཡོད་ཅིང་། བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་ཆེའི་ལོ་རྒུས་ཀྱི་གནས་བབ་བཟུང་ཡོད། རྒྱལ་མོ་ཚ་བ་རོང་ནི་བོད་ཀྱི་ཤར་མཐར་ཆགས་ཤིང་ལོ་རྒྱུས་ཡིག་ཆ་ལས་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་གཅིག་ཡིན། རྒྱལ་རོང་ཞེས་པའང་ལུང་པ་ཕུ་རིང་ལ་འགག་དོག་པའི་རོང་ཆེན་པོ་ཞིག་ཡིན། ས་ཆ་དེའི་འགག་དོག་མོ་རེ་རེ་ན་སྲ་ཞིང་འཐས་པའི་རྡོ་མཁར་རམ་བཙན་རྫོང་རེ་རེ་ཀྲོང་ངེར་འགྱངས་ཡོད་ཅིང་། བཙན་རྫོང་རེ་རེའི་བྱུང་བ་ལོ་རྒྱུས་སུ་དུས་རབས་༦ ནས་༡༩ བར་ཡིན་པ་དང་། སྔ་ཤོས་དག་ནི་བོད་བཙན་པོའི་སྐབས་སུ་བཞེངས་པ་དང་། ཕྱིས་སུ་ནི་ཆིང་རྒྱལ་རབས་དང་མན་ཇུའི་བཙན་འཛུལ་སྐབས་སུ་བཞེངས་པར་བཤད། དེས་ན་རྡོ་མཁར་བཙན་རྫོང་རྙིས་ཤོས་དག་ལ་ལོ་ངོ་༡༢༠༠ ཙམ་གྱི་ལོ་རྒྱུས་ལྡན་ཞིང་། གསར་ཤོས་ལ་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད། རྡོ་མཁར་བཙན་རྫོང་ཡོད་ས་ནི་བཙན་ལྷ་དང་རོང་བྲག ཆུ་ཆེན་དང་འབར་ཁམས་སོགས་སུ་བཙན་རྫོང་ཆེ་ཆུང་དང་མཐོ་དམའ་བརྒྱ་ཕྲག་ལོང་བ་ཡོད་ཅིང་། ལ་ལ་མཐོ་ཚད་རྨི་༤༠ ནས་༥༠ ལྷག་དང་། ཟུར་བཞི་ནས་བཅུ་གཉིས་ཅན་བར་ཡོད།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དད་ལྡན་མི་མང་ཉིས་བརྒྱ་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་སུམ་བརྒྱ་ལྔ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་རེད། དེ་ཡང་ཐོག་མར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཨར་ཀེ་ཅཽདྷརཱི་ (R.K. Chaudhary) ལགས་སོགས་རྒྱ་གར་བ་དང་། ཇར་མན། ནོར་ཝེ། སུད་སི། ཨོསྟྲེ་ལི་ཡ། ཉི་འོང་། ཐའེ་ཝན་སོགས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་མཇལ་ཁ་རིམ་པར་སྩལ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་ ༡༤༣ ལ་མཇལ་ཁ་བཀའ་དྲིན་སྩལ་བ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཧིན་དིའི་ཐོག་བརྩམས་པའི་ཕྱག་དཔེའི་པར་ཕུད་སྤྱན་འབུལ་དང་། མཇལ་ཞུ་བས་མགོན་པོ་གང་ཉིད་མཆོག་ལ་དོགས་འདྲི་སྣ་ཚོགས་ཞུས་པར་བཀའ་ལན་བརྩེ་གཟིགས་གནང་ཡོད་པ་རེད།དེ་ཡང་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ནས་མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་ལྟར་ལ་དྭགས་སློབ་གྲྭ་ཁག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སི་སློབ་གསོ་ཞེས་པ་སློབ་བཞིན་ཡོད་པ་༸སྙན་སེང་ཞུས་པར། ༸གོང་ས་མཆོག་གིས། སྤྱི་ཚོགས་ནང་ཡ་རབས་ཀྱི་སྤྱོད་པ་ཉམས་ན་ཞི་བདེ་ཡོང་གི་མ་རེད། ཡ་རབས་ཀྱི་སྤྱོད་པ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་མ་རེད། ཕྱོགས་གཅིག་ནས་མིའི་སྤྱི་ཚོགས་དངོས་གནས་ལྷིང་འཇགས་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་པ་བཟང་པོ་བྱུང་ན་དེ་གལ་ཆེན་པོ་འདུག ཅེས་དང་།མཇལ་བཅར་བ་ཞིག་གིས་ཞེད་སྣང་སླེབས་ནས་དཀའ་ངལ་འཕྲད་ཀྱི་འདུག་པས་དེ་བཟློག་ཐབས་སུ་ལམ་སྟོན་ཞུས་པར། མགོན་པོ་གང་ཉིད་མཆོག་གིས། མི་ཚེའི་ནང་དཀའ་ངལ་མེད་པ་ཞིག་མེད། སོ་སོས་ལྷག་བསམ་བསྐྱེད་ཅིང་སེམས་ཤུགས་སྒྲིལ་ནས་སྡོད་དགོས། ཞེས་བཀའ་སྩལ་བ་དང་། མཇལ་བཅར་བ་ཞིག་གིས་ཨ་མ་འདས་གྲོངས་སུ་ཕྱིན་ནས་ལོ་བཅུ་གྲངས་འགོར་ཡང་ད་དུང་རྨི་ལམ་དུ་རྨིས་བཞིན་འདུག་པ་ཅི་ཡིན་བཀའ་འདྲི་ཞུས་པར། དེ་ནི་ཨ་མ་དང་ལས་འབྲེལ་ཤུགས་ཆེན་པོ་ཡོད་པའི་རྟགས་རེད། ཡག་པོ་རེད། ཅེས་བཀའ་ཕེབས་ཡོད། གཞན་ཡང་། མཇལ་ཁ་ཞུ་མཁན་གྱི་ཁྲོད་ནས་མཐོ་སློབ་འགྲིམས་བཞིན་པའི་བུ་མོ་རང་ལོ་...
འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།
ད་ལྟ་འཛམ་གླིང་གི་རྩེད་རིགས་ཆེད་མཁས་པ་སོགས་ཀྱིས། ད་ལྟའི་རུ་ཁག་བཞི་པོའི་རྩེད་འགྲན་སྐར་ཆེན་རྣམས་ཀྱིས་རྩེད་འགྲན་ལ་བཟུང་བའི་གདེང་སྤོབས་དང་འགྲན་སེམས། དེ་བཞིན་ཕྱོགས་ཡོངས་ཀྱི་རུ་ཁག་རྣམས་ཀྱི་མཉམ་འདུས་ཀྱི་ནུས་པ་དང་གྲུབ་འབྲས་བཅས་ལ་གཞིགས་ན་རྩེད་འགྲན་གྱི་རྒྱལ་ཕམ་ཚོད་དཔག་བྱ་རྒྱུ་དཀའ་མོ་ཡིན་སྐོར་ཤོད་ཀྱིན་འདུག The post འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ། appeared first on བོད་ཀྱི་དུས་བབ།.
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་། ཚ་མོ་ཉི་མ་ལྷ་མོ...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༣ ཉིན་སྔ་དྲོ་ ༡༡ཿ༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་། ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཅིག་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱི་དཔེ་དེབ་དབུ་འབྱེད་དང་གསུང་བཤད་གནང་སོང་། དཔེ་དེབ་དེ་ཡང་པར་སྐྲུན་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡིན་འདུག་པ་དང་། ཨིན་ཇིའི་ནང་འདོན་སྤེལ་གནང་བའི་དཔེ་དེབ་དེའི་མིང་དུ་ <
སུད་སི་གནས་སྡོད་བོད་མི་བདེ་ཆེན་ཤཀ་ལ་བོད་མི་ཚོས་ངོ་རྒོལ་སྐྱོན་བརྗོད།
ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡༨ ཉིན། སུད་སིར་གནས་སྡོད་བྱེད་མཁན་བོད་མི་གཞས་མ་བདེ་ཆེན་ཤཀ་ཟེར་བས་རྒྱ་ནག་གི་སོའུ་ཀྲོའུ་གྲོང་ཁྱེར་ནང་”འཆམ་མཐུན་གྱི་ལམ་བུ་”ཞེས་པའི་གླུ་གཞས་དགོང་ཚོགས་ཤིག་འཚོག་འཆར་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག ད་ལྟའི་ཆར་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་བཅས་པ་ཡོད་ཚད་རྒྱ་ནག་དང་ཀྲུང་གོ་ཅན་དུ་བསྒྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། The post སུད་སི་གནས་སྡོད་བོད་མི་བདེ་ཆེན་ཤཀ་ལ་བོད་མི་ཚོས་ངོ་རྒོལ་སྐྱོན་བརྗོད། appeared first on བོད་ཀྱི་བང་ཆེན།.
སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་སྐོར་ཕྱག་དེབ་ཅིག་དབྱིན་ཡིག་ནང་འདོན་སྤེལ་གནང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་དེས་རྒྱ་ནག་གཞུང་གི་བཙན་འོག་ཡོད་པའི་བོད་ནང་གི་བོད་མི་ཡོངས་ཀྱི་གནས་སྟངས་མཚོན་ཐུབ་ཅེས་གསལ་སྟོན་གནང་སོང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་དུ་དགོངས་པ་རྫོགས་ནས་ལོ་ངོ་ ༡༡ འཁོར་བའི་དུས་སྐབས་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྤྱི་དང་། ཁྱད་པར་རྒྱ་ནག་གཞུང་གིས་རིན་པོ་ཆེ་ལ་གཞི་མེད་ཀྱི་ཉེས་འཛུགས་དང་། བཙོན་ཁང་དུ་བཟུང་ནས་མཐར་རིན་པོ་ཆེ་མཆོག་རྒྱ་ནག་གི་གདུག་རྩུབ་འོག་བཙོན་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཞིབ་ཕྲ་བཅས་འཁོད་པ། ཉི་མ་ལྷ་མོ་ལགས་ཀྱིས་བདེན་དོན་གླེང་བའི་གཏམ་ཞེས་པའི་བོད་ཡིག་ཕྱག་དེབ་དབྱིན་སྒྱུར་ཞུས་པ་ (No Tongue in Their Mou...
༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༢ པ་༧སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་གནང་པ་དང་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཚན་བསྩལ་འདུག སྐབས་དེར་ཡང་སྤྲུལ་བསྟན་འཛིན་ལེགས་སྨོན་རིན་པོ་ཆེའི་ཡབ་ཡུམ་སྟོན་འཁོར་བཅས་ལ་རིན་པོ་ཆེའི་བསླབ་པ་སློབ་གཉེར་ཇི་ལྟར་གནང་རྒྱུ་ཡིན་མིན་ཐད་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་རང་དུ་ཆོས་ཞུགས་སློབ་གཉེར་གནང་ན་ལེགས་པ་ཡོད་པ་བཀའ་བསྩལ་འདུག དེ་ཡང་མཇལ་ཁ་གྲུབ་རྗེས་ནུབ་ར་བསམ་གཏན་གླིང་དགོན་ནས་ཡིན་པ་སྔགས་རམ་པ་ཐུབ་བསྟན་ཆོས་བཟང་ལ...
ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ལིནཌི་སེ་གྷརམ་དགུང་གྲངས་ ༧༡ ཐོག་དགོངས་པ་རྫོགས་འདུག
ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ལིནཌི་སེ་གྷརམ་དགུང་གྲངས་ ༧༡ ཐོག་དགོངས་པ་རྫོགས་པར་བོད་མི་ཚོས་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་བ་རྣལ་མ་ཞིག་ཡིན་པར་རྗེས་དྲན་ཞུ་བཞིན་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌི་སེ་གྷརམ་ལགས་ཀྱིས་འགྱུར་མེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཙན་བྱོལ་བོད་མི་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ (Lindsey Graham) ལིནཌི་སེ་གྷརམ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་མྱ་ངན་ཞུས་ཤིང་། ཁོང་ལྟ་བུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་གང་མང་ཡོང་པའི་རེ་སྐུལ་ཞུ་ཡི་འདུག དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བློ་བཟང་ལགས་ཀྱིས། དམ་པ་ཁོང་འདས་གྲོངས་སུ་...
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བོད་མི་སྙིང་སྟོབས་མཚོན་ཞེས་གསུངས།
དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོའི་མི་ཚེ་དང་འབྲེལ་བའི་དབྱིན་ཡིག་དཔེ་དེབ་ཅིག་དབུ་འབྱེད་གནང་སྟེ། རིན་པོ་ཆེ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་མི་ལོ་བཅུ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་ཞུས། The post སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བོད་མི་སྙིང་སྟོབས་མཚོན་ཞེས་གསུངས། appeared first on བོད་ཀྱི་དུས་བབ།.
བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་(Lindsey Graham)གློ་བུར་དུ་སྐུ་གཤེགས་འདུག
བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Lindsey Graham)ཉེ་ཆར་གློ་བུར་དུ་དགུང་གྲངས་༧༡ ཐོག་ཏུ་སྐུ་ གཤེགས་ཡོད་འདུག་ཅིང་། ཁོང་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་འདུག The post བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་(Lindsey Graham)གློ་བུར་དུ་སྐུ་གཤེགས་འདུག appeared first on བོད་ཀྱི་བང་ཆེན།.
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གི་བཙོན་འོག་ཏུ་སྐུ་གྲོངས་པའི་ཉིན་མོ་རྗེས་དྲན།
ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡༣ ཉིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་དབུ་བཞུགས་ཐོག དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་རིན་པོ་ཆེ་རྒྱ་གཞུང་གི་བཙོན་འོག་ཏུ་སྐུ་གྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་ཞུས་པ་དང་སྦྲགས། ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་བོད་ཡིག་དཔེ་དེབ་དབྱིན་སྒྱུར་བྱས་པ་དེ་དབུ་འབྱེད་གནང་སོང་། The post སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གི་བཙོན་འོག་ཏུ་སྐུ་གྲོངས་པའི་ཉིན་མོ་རྗེས་དྲན། appeared first on བོད་ཀྱི་བང་ཆེན།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གྷྲ་ཧམ་ལགས་དགོངས་པ་རྫོགས་པར་ཐུགས་གསོ་གནང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གིརཱ་ཧམ་ (Lindsey Graham) ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་སྐུ་ཟླ་དར་ལིན་གིརཱ་ཧམ་ནོར་ཌོན་ (Darline Graham Nordone) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ལམ་དམ་པ་ཁོང་དང་མཇལ་འཕྲད་བྱུང་ཡོད་པ་དང་། སྐབས་དེར་དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱིས་ཁོང་རང་ཉིད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་ཚུལ་གསུངས་བའི་སྐོར་ཐུགས་དྲན་གསོ་གནང་བ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གིརཱ་ཧམ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ལས་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཐུན་འགྱུར་རོགས་རམ་གནང་བའི་ལས་གཞིའི་ཐོག་ལོ་ལྟར་མ་དངུལ་རྒྱུན་མཐུད་ཐོབ་ཐབས་སླད་དམ་པ་ཁོང་གི་ལས་ཁུངས་ནས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གིརཱ་ཧམ་ལགས་ནས་གཡོ་མེད་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དམ་པ་ཉིད་ལ་དུས་རྟག་ཏུ་གུས་བརྩི་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་གསོ་དང་སྨོན་འདུན་ཞུས་ཡོད་པ་བཅས། །






















