Tibetan

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ཆུ་མུར་དང་། སུམ་མདོ། ས་སྨད། སུམ་མདོ་བོད་ཁྱིམ་ཡན་ལག་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་། མི་མང་ཐུག་འཕྲད། ས་གནས་ཀྱི་གནས་སྟངས་གཟིགས་ཞིབ་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སོ་སོར་གསུང་བཤད་གནང་སྐབས་བོད་པའི་སྤྱི་ཚོགས་ནང་གི་གནད་དོན་དང་། བོད་དོན་འཐབ་རྩོད་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱང་ཐང་བོད་མིའི་གཞིས་ཆགས་ཁག་ཏུ་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་སྐབས་ས་མཚམས་ཀྱི་དབྱེ་བ་གསལ་པོ་འབྱེད་དགོས་པ་དང་། ས་ཞིང་བདག་དབང་ཡོད་པ་ཆ་ཚང་གི་ཁྲིམས་མཐུན་ཡིག་ཆ་ཚང་དགོས་པའི་ཐོག་ནན་བརྗོད་གནང་ཡོད་པ་མ་ཟད། འཛུགས་བསྐྲུན་གྱི་ལས་གཞི་དང་། སྒེར་གྱི་ལས་གཞི། དེ་བཞིན་སྦྱིན་བདག་སོགས་ཀྱི་མཐུན་འགྱུར་འོག་གི་ལས་གཞི་གང་འདྲ་ཞིག་ལག་བསྟར་བྱེད་སྐབས་ཕུགས་རྒྱང་རིང་པོའི་འཆར་གཞི་འདིང་དགོས་གལ་ཡིན་པ་དང་། འདས་པའི་ལོ་ཤས་ནང་གཞིས་ཆགས་ཁག་ཏུ་འགྱུར་འགྲོས་གང་འཚམ་ཞིག་ཕྱིན་ཡོད་སྐབས། བྱང་ཐང་ཁུལ་དུ་འཕྲད་བཞིན་པའི་དཀའ་ངལ་ལ་འཛིན་སྐྱོང་བྱེད་དུས་གནད་དོན་དེ་དག་ལ་གཟིགས་དགོས་གལ་ཡིན། ཞེས་གསུངས།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་ངོ་སྤྲོད་གནང་ཞིང་། ཁྲིམས་ཡིག་འདིས་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་རྩ་མེད་གཏོང་རྒྱུར་དམིགས་ཡོད་པ་དང་། རིམ་པས་བོད་རིགས་མ་ཡིན་པའི་སྤྱི་ཚོགས་གཞན་ལའང་དེའི་ཤུགས་རྐྱེན་སྤྲོད་ངེས་ཡིན་པའི་ཉེན་བརྡ་བཏང་གནང་ཡོད། བཙན་བྱོལ་བོད་མི་རྣམས་བོད་ནང་གི་བོད་མི་དང་མི་འདྲ་བར་སོ་སོའི་ངོ་བོ་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུའི་རང་དབང་ཡོད་པས་འགན་འཁྲི་འཕར་མ་ཞིག་ཆགས་ཀྱི་ཡོད་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ལ་དོ་སྣང་ཡོང་སླད་རྒྱལ་སྤྱིའི་ཛ་དྲག་གི་འབོད་སྐུལ་ཞིག་སྤེལ་རྒྱུ་ཡིན་སྐོར་གསུངས། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཕན་ཡོན་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཞི་བའི་གྲོས་མོལ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆོད་སེམས་བསྐྱར་ནན་གནང་ཡོད། ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་གཙོ་བོ་གྲོས་མོལ་དང་། འཚེ་མེད་ཞི་བ། གཉིས་སྨན་བཅས་ལ་དམིགས་ཡོད་པར་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་སྐོར་ངོ་སྤྲོད་གནང་ཞིང་། དེའི་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་གལ་ཆེན་ཏེ་བཀའ་འགྱུར་དང་བསྟན་འགྱུར་ལ་སོགས་དེང་རབས་ཀྱི་འཕྲུལ་ཆས་དང་མཐུན་པའི་སྒོ་ནས་བདག་གཉེར་བྱ་རྒྱུའི་ལས་གཞི་སྐོར་གསུངས། གྲངས་འཛིན་དཔེ་མཛོད་དེས་གསུང་རབ་རྣམས་མི་རབས་རྗེས་མ་བར་ཉར་ཚགས་བྱེད་ཐུབ་པ་མ་ཟད། ཁོང་ཚོས་ལས་སླ་བོའི་ངང་བེད་སྤྱོད་དང་། འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད་ཅེས་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུམ་མདོ་དང་།...

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༄༅། །ང་ཚོ་བོད་མིའི་ཁྲོད་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བརྩེ་བ་དང་ཤ་ཞེན་མེད་མཁན་ཧ་ལམ་དཀོན་པོ་རེད། དེའི་དཔང་རྟགས་ནི་བོད་ཕྱི་ནང་དུ་བོད་བསྟན་པ་ཆབ་སྲིད་དང་འབྲེལ་བའི་བརྗེད་མི་སྲིད་པའི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་མང་དག་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་བོད་ནང་དུ་བོད་མི་ཡོད་དོ་ཅོག་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཆོད་སེམས་བརྟན་པོས་དཀའ་ལས་རྒྱག་བཞིན་ཡོད་པ་དང་། བཙན་བྱོལ་དུ་བོད་མི་མང་དག་གིས་སོ་སོའི་འཇོན་ནུས་ལ་དཔག་པའི་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། འོན་ཀྱང་ཉེ་བའི་ཆར་ནས་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་འགའ་ཤས་ཀྱིས་ངའི་འདོད་པ་དང་དགའ་མོས། མདུན་ལམ་དང་དུས་ཚོད། མི་ཚེ་དང་ནང་མི། སྟབས་བདེ་དང་དུས་ཁོམ། ཐོབ་ཐང་དང་ཁེ་ཕན་ལ་སོགས་གལ་ཆེ་ཡིན་པའི་སློབ་གསོ་དང་མིག་དཔེ་མཐོང་རྒྱུ་ཡོད་སྟབས། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་བསམ་བློ་ཡོད་པ་བཞིན་ཁ་ནས་ལབ་མཁན་མང་དག་ཡོད་ཀྱང་། དེ་དག་ལག་བསྟར་བྱེད་དུས་ང་དང་ངའི་གནད་དོན་གཙོ་བཟུང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་རང་བཞིན་གྱིས་རྗེས་ལ་འཇོག་གི་ཡོད། གལ་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་འདི་དག་ཡང་ནས་ཡང་དུ་ང་དང་ངའི་གནད་དོན་གྱི་རྗེས་ལ་བཞག་ཚེ། རིམ་པས་ངན་པ་ལངས་ཤོར་དུ་ཕྱིན་ནས་ཉིན་མཚན་དུས་དྲུག་རྫོགས་རྒྱུ་མེད་པའི་ང་དང་ངའི་གནད་དོན་ཐོག་ཉིན་ཞག་ནས་བདུན་ཕྲག་དང་། བདུན་ཕྲག་ནས་ཟླ་བ། ཟླ་བ་ནས་ལོ། ལོ་ནས་ལོ་བྱས་ནས་མཐར་མི་ཚེ་གང་པོ་ང་དང་ངའི་གནད་དོན་ཐོག་བསྐྱལ་ནས། མི་ཚེ་རྫོགས་མཚམས་སུ་སླེབས་དུས་ཕྱིར་བལྟས་གཅིག་སློག་དུས་འགྱོད་པས་མིག་གཉིས་མཆི་མས་ཁེངས་ནས་ལུས་པ་མ་གཏོགས་བྱེད་ཐབས་གང་ཡང་མེད། དེ་དུས་ཕྱིས་དྲགས་ཚར་བ་རེད། ང་ཚོ་ཚང་མ་འཆི་རྒྱུ་ཡིན་པ་ངེས་པ་རེད། ག་དུས་འཆི་ངེས་པ་མེད། སང་གནངས་ཀྱང་འཆི་སྲིད་པ་རེད། དེ་འདྲ་སོང་ཙང་ང་དང་ངའི་གནད་དོན་འདི་ཚོའི་ཆེད་དུ་མི་ཚེ་གང་པོ་བཏང་ན་ཧ་ཅང་ཕངས་པོ་དང་ཐབས་སྐྱོ་པོ་རེད། མི་ཚེ་རིང་ཐུང་ག་ཚོད་ཡོད་ཀྱང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བསམ་བློ་བཏང་ནས་དེ་དག་གི་ཐོག་མི་ཚེ་སྐྱེལ་ཐུབ་ན་འདི་ལས་ལྷག་པའི་མི་ཚེ་དོན་དང་ལྡན་པ་མེད། དེ་ཡིན་ཅིག་སེམས་ལ་ཞོག་ཨང་། དེ་འདྲ་སོང་ཙང་ཚེ་མཇུག་འགྱོད་པ་མེད་པ་ཡོང་སླད་ཨ་མས་སྔོན་ལ་བཤད་པའི་སྙིང་གཏམ་ནང་བདེ་སྐྱིད་ཀྱི་ལྡེ་མིག་ཟེར་བ་དེ། ཚེ་འདིའི་བདེ་སྐྱིད་ཀྱི་ལྡེ་མིག་ཙམ་མ་ཟད། ཚེ་མཇུག་འགྱོད་པ་མེད་པའི་ཐོག་ནས་ཚེ་ཕྱི་མར་འགྲོ་ཐུབ་པའི་ལྡེ་མིག་ཀྱང་ཡིན་པས། རང་མི་རིགས་ཀྱི་སྐད་དང་ཡི་གེ་མཐིལ་ཕྱིན་ཤེས་པར་བྱེད་རྒྱུ་དུས་རྒྱུན་དུ་ཁ་ན་ན་ཤོད་ཀྱི་ཡོད་པ་བཞིན་དེ་རིང་སླར་ཡང་འདིར་དྲན་སྐུལ་བྱེད་ཀྱི་ཡོད། དེ་ལྟར་བྱེད་ཚེ་སྐད་ཡིག་འདིའི་ནང་དུ་ཡོད་པའི་རླབས་ཆེ་བའི་རིག་གཞུང་ཕྱུག་པོ་དང་གཏིང་ཟབ་པོ་འདི་དག་སོ་སོས་མིག་གིས་གསལ་ལྷམ་མེར་མཐོང་ནས་ངོ་འཕྲོད་ཐུབ་པ་དང་། དེ་དག་ཡང་ཡང་བསམ་བློ་བཏང་ནས་བོད་ཀྱི་རིག་གཞུང་ནི་ང་ཚོ་བོད་མི་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ད་ལྟའི་དུས་སུ་ཤིན་ཏུ་དགོས་མཁོ་ཆེ་བ་ཡིན་པ་རིམ་པས་ངེས་ཤེས་རྙེད་ཐུབ་པ་དང་། དེའི་རྐྱེན་གྱིས་སོ་སོའི་རིག་གཞུང་ལ་ཨ་ཕའི་ཕོར་པར་གཙང་ཞེན་མིན་པར་ཞེ་ཐག་པ་ནས་དོན་དམ་གྱི་སྤོབས་པ་སྐྱེས་པ་མ་ཟད། རང་མི་རིགས་ཀྱི་ལྟ་བ་དང་སྤོབས་པ་སླེབས་ངེས་རེད། དེས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བརྩེ་དུང་དང་འགན་ཁུར་ཤུགས་དྲག་ངང་གིས་སྐྱེ་ངེས་ཡིན་པ། དེ་ནི་འགྱུར་བ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་ས་བོན་ནམ་རྨང་གཞི་གཙོ་བོ་དེ་ཡིན། འདི་ལོའི་ཟླ་ ༤ ནང་དྷ་སར་རྟེན་གཞི་བྱས་པའི་ཏུ་ཤི་ཏཱ་སྒོམ་སྒྲུབ་ལྟེ་གནས་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ནས་དབུ་མ་རིན་ཆེན་ཕྲེང་བའི་ཐོག་བདུན་ཕྲག་གཅིག་རིང་ཆོས་འགྲེལ་གནང་དུས།...

ང་བོད་པ་ཡིན་ཟེར་དུས་ལུས་ཀྱི་བ་སྤུ་ལངས་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བརྗོད་པ།

ང་བོད་པ་ཡིན། ང་བོད་པའི་གཞོན་སྐྱེས་ཞིག་ཡིན་ཟེར་དུས་ཡུལ་གྲུ་གང་དུ་བཞུགས་པའི་བོད་མི་ཞིག་ཡིན་ཡང་བབ་ས་ཅིག་དེ་ང་ལ་འགན་ཞིག་ཡོད་ཟེར་རྒྱུ་དེ་ཡིན་པ་ལ་དྭགས་ས་གནས་སུ་བོད་ཀྱི་ན་གཞོན་གྱི་དགའ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ལས་རིམ་མང་པོ་ཞིག་སྤེལ་བའི་སྐབས་གཞོན་སྐྱེས་མང་པོ་ཞིག་གིས་བརྗོད་བྱུང་། སྤྱི་སེམས་ཚོགས་པའི་ཚོགས་མི་ཡིན་པ་ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་ནས་ཡིན་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་གསུངས་དོན་དུ། ལ་དྭགས་ས་གནས་སུ་མི་རབས་རྒན་པ་རྣམས་ནས་རང་གི་སྐད་དང་རིག་གཞུང་ཉར་ཚགས་ཆེད་སྤྱི་སེམས་ཇི་ཙམ་ཡོད་པ་བཞིན་གཞོན་སྐྱེས་ཚོར་སེམས་འཁུར་འདི་ཙམ་མེད་པའི་རྐྱེན་ད་རེས་ལ་དྭགས་ལ་བོད་ཀྱི་ན་གཞོན་དགའ་སྟོན་ཞེས་པ་དེ་གོ་སྒྲིག་ཞུས་པ་ཡིན་ཞེས་གསུངས་བྱུང་། བོད་ཀྱི་རིག་གཞུང་གཙོ་བཟུང་ཐོག་བོད་ཀྱི་དུས་སྟོན་དེའི་ནང་། ...

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་བྱང་བཀག་གཞུང་དང་། རྒོད་ཡུལ། ཧེན་ལེ་བཅས་སུ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་བྱང་ཐང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཉིན་གཉིས་པར་བྱང་ཐང་བཀག་གཞུང་དང་། རྒོད་ཡུལ། ཧེན་ལེ་བཅས་བོད་མིའི་འདུ་སྡོད་ཁག་ཏུ་འཚམས་གཟིགས་ཀྱིས་ས་གནས་ཀྱི་ལས་གཞི་ཁག་ལ་རྟོགས་ཞིབ་དང་། ས་གནས་མང་ཚོགས་དང་ཐུག་འཕྲད་གནང་སྟེ་བདེ་སྡུག་ཁག་ལ་གསན་བཞེས་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱང་ཐང་བཀག་གཞུང་དང་། རྒོད་ཡུལ། ཧེན་ལེ་བཅས་སུ་ཕེབས་འབྱོར་སྐབས་ས་གནས་སོ་སོའི་སྤྱི་མི་དང་། མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༡ དང་ ༢༠༢༣ ལོར་བྱང་ཐང་དུ་འཚམས་གཟིགས་གནང་སྐོར་དང་། དེ་བཞིན་ལ་དྭགས་གླེ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བར་མཇལ་འཕྲད་གནང་བའི་སྐབས་སུའང་ཕེབས་ཡོད་སྐོར་གསུངས་པ་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་མཚམས་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ནི་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་གནད་དོན་ཞིག་ཏུ་བརྩིའི་ཡོད་པ་དང་། ཁོང་ཚོའི་ཤེས་ཡོན་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་རྨང་གཞིའི་མཐུན་རྐྱེན་བཅས་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ དང་ ༡༧ ནས་ལ་དྭགས་ཀྱི་ས་མཚམས་ཁུལ་དུ་གནས་སྡོད་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་། རྒྱུན་གནས་ཐུབ་པའི་འཕེལ་རྒྱས་ལ་དམིགས་བསལ་གལ་གནད་དང་། ལྷག་པར་བྱང་ཐང་ཁུལ་གྱི་འབྲོག་སྡེ་ལ་དམིགས་ཏེ་ལས་འགུལ་སྤེལ་བཞིན་ཡོད་པ་གསུངས། ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་སྤྱི་ཚོགས་དེ་དག་སྲ་བརྟན་བཟོ་རྒྱུ་དང་། ཁོང་ཚོའི་དགོས་མཁོའི་ཐོག་གཟིགས་ཞིབ་གནང་རྒྱུ་བཅས་ཀྱི་ཐོག་ཆོད་སེམས་བརྟན་པོ་ཡོད་སྐོར་གསུང་བཤད་གནང་ཡོད།དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་དང་། ས་གནས་གཞན་དུ་ལས་ཀར་ཞུགས་བཞིན་པ། དང་བླངས་དམག་མི་ཞུགས་མཁན་སོགས་ཀྱི་མི་འབོར་གྱི་གྲངས་ཐོ་ཚད་ལྡན་དགོས་གལ་ཐོག་ནན་བརྗོད་གནང་ཞིང་། དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནུས་ལྡན་བཟོ་ཐུབ་པ་དང་། མཐུན་རྐྱེན་བགོ་འགྲེམས། སྤྱི་ཚོགས་ཀྱི་དགོས་མཁོ་ལ་དཔག་པའི་ཡར་རྒྱས་ཀྱི་ལས་གཞི་ཁག་ལག་བསྟར་བྱེད་ཐུབ་པར་ཕན་ཐོགས་ཡོད་ཅེས་གསུངས།...

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༡ བཞེས་པའི་སྐུའི་འཁྲུངས་སྐར་དེ་བཞིན་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག་གིས་སྣེ་ཁྲིད་པའི་རང་གཞུང་ལྷོ་སྤྱི་ལས་ཁུངས་དང་། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་ཉིན་ཤས་རིང་བྷང་ལོར་(Bengaluru)ཁུལ་དུ་སྲུང་བརྩི་རྒྱ་ཆེར་ཞུས་པའི་སྐོར་སྙིང་བསྡུས་ཤིག་ནི། དེ་ཡང་ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༤ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཧིན་དི་སོགས་ཆོས་ལུགས་ཆེ་ཁག་གི་སྐུ་ཚབ་རྣམ་པས་མཚོན། ཕྱི་ནང་གི་སྐུ་མགྲོན་གདན་འཛོམས་པའི་སར་༸མགོན་པོ་མཆོག་གི་འཁྲུངས་སྐར་སྔ་བསྣུར་གྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། ཕྱི་ཚེས་དྲུག་སྟེ་འཁྲུངས་སྐར་དངོས་གཞིའི་ཉིན་ས་གནས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་རྗེས། ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་འཁྲུངས་སྐར་མུ་མཐུད་སྲུང་བརྩིའི་སླད་བྷང་ལོར་དུ་གྲྭ་ཚང་མཁན་རིན་པོ་ཆེ་སྐུ་འཁོར་བཅས་ཆེད་ཕེབས་གནང་། དེ་གར་སྔར་ནས་གྲ་སྒྲིག་ཡོད་པ་བཞིན་ལྷོ་སྤྱི་ལས་ཁུངས་ནས་བཞུགས་གནས་སོགས་གོ་སྒྲིག་གནང་། ཕྱི་ཟླ་ ༧ ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་ལས་འཆར་གོ་སྒྲིག་ཡོད་པ་ལྟར་ཆུ་ཚོད་བཅུ་བ་ཙམ་ལ་ཇོ་ཊེས་ནཱེ་ཝ་སི་(Jyoti Nivas College) ཞེས་པའི་བུད་མེད་མཐོ་སློབ་དེར་འབྱོར་རྗེས། དེ་གའི་སློབ་སྤྱི་གཙོས་འབྲེལ་ཡོད་རྣམ་པས་སྣེ་ལེན་གང་ལེགས་གནང་། ད་ལྟ་མཐོ་སློབ་དེ་གར་བོད་རིགས་སློབ་མ་བཅོ་བརྒྱད་ཀྱིས་སློབ་སྦྱོང་གནང་བཞིན་ཡོད་འདུག  སྐུ་ངོ་ལྷོ་སྤྱི་མཆོག་གིས་མཐོ་སློབ་གང་དེས་བོད་རིགས་སློབ་མ་ཚོར་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུས་གནང་སོང་། ལས་ཁུངས་སུ་མཐོ་སློབ་གང་དེའི་གནད་ཡོད་མི་སྣ་ཚོར་མཁན་རིན་པོ་ཆེ་དགེ་བཤེས་འཇིགས་མེད་རྒྱ་མཚོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་མཛད་འཕྲིན་སྐོར་ངོ་སྤྲོད་དང་འབྲེལ་ཕན་ཚུན་གསུང་གླེང་གནང་ཞིང་། མཇུག་ཏུ་འཚམས་འདྲིའི་ཕྱག་རྟགས་བཅས་འབུལ་ལམ་ཞུས། ཉིན་གུང་མཁན་རིན་པོ་ཆེ་དང་ལྷོ་སྤྱི་སྐུ་ངོ་བཅས་ནས་ཀ་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཐཱ་ཝར་ཆིན་ཌ་གྷེ་ལོ་ཊི་མཆོག་ (Honorable Governor of Karnataka, Mr. Thaawarchand Gehlot.)...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་དགེ་འཕེལ་གླིང་དུ་དད་ལྡན་སུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ནུབ་ཕྱོགས་དང་ཡུ་རོབ། ཨེ་ཤེ་ཡའི་ནང་པའི་རྗེས་འཇུག་གི་དད་ལྡན་གྱིས་གཙོས་མཐོ་སློབ་འགྲིམས་བཞིན་པའི་ལ་དྭགས་ཀྱི་གཞོན་སྐྱེས་སོགས་མི་གྲངས་སུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཚོམས་ཆེན་མདུན་དུ་ཆིབས་བསྒྱུར་གྱིས་ཐོག་མར་རྒྱ་གར་གྱི་མཇལ་བཅར་བ་ཁག་གཅིག་དང་། ཨ་རི། ཨེསྚོ་ནི་ཡཱ། སི་པེན། ཨི་ཊ་ལཱི། ཕ་རན་སི། ཨིན་ལན།  མ་ལེ་ཤི་ཡཱ། ཐའེ་ཝན། ཝི་ཡཏ་ནཱམ། བེལ་ཇི་ཡམ་སོགས་ནས་ཕེབས་པའི་དད་ལྡན་རྣམས་ལ་མཇལ་ཁ་སྩལ་བ་དང་། སྐབས་དེར་མཇལ་བཅར་བ་ཞིག་གིས་༸སྙན་སེང་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་ལ་དོ་སྣང་ཡོད་ཚེ་ནང་ཆོས་ཀྱི་དེབ་ཀློག་ཐུབ་ན་ཕན་ཐོགས་ཡོད། ངོས་ཀྱིས་ནང་ཆོས་སྐོར་ལ་འགྲེལ་བཤད་བརྒྱབ་པའི་ཡིག་ཆ་ཡོད། དེས་ཕན་ཐོགས་ཡོད་པ་རེད། ཅེས་དང་།གཞན་ཡང་མཇལ་ཞུ་བ་ཞིག་གིས། ངས་མི་ལ་ཕན་ཐོགས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས་ཅི་ལྟར་བྱ་དགོས་སམ། ཞེས་ལམ་སྟོན་ཞུས་པར། འཛམ་གླིང་གི་གནས་ཚུལ་ཆ་ཚང་ལ་དོ་སྣང་བྱས་ཏེ། དེ་གཞིར་བཟུང་བསམ་བློ་སྦུབ་སུག་དོག་པོ་མིན་པར་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་གུ་ཡངས་ཀྱིས་བསླབ་བྱ་བརྒྱབ་ན་ཕན་གྱི་རེད། ཅེས་བཀའ་སྩལ་བ་དང་། སཾ་བྷོ་ཌ་སློབ་གྲྭ་དང་བོད་ཁྱིམ་སློབ་གྲྭར་རོགས་རམ་བྱེད་མཁན་སྐོར་ཞིག་གིས་མཇལ་ཁ་དང་འབྲེལ་བོད་ཁྱིམ་སློབ་གྲྭར་རོགས་རམ་བྱེད་ཐུབ་པ་དང་། བྱིས་པ་ཚོའི་མཉམ་དུ་དུས་ཚོད་གཏོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཞེས་༸སྙན་སེང་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐུགས་རྗེ་ཆེ། བོད་ཀྱི་བུ་ཕྲུག་ཚོར་དམིགས་བསལ་གྱིས་དོ་སྣང་བྱས་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། བོད་ནང་གི་བོད་ཕྲུག་ཚོར་འདི་ལྟ་བུའི་གོ་སྐབས་ཡོད་པ་མ་རེད།...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་དང་མི་མང་སོགས་ལ་མཇལ་ཁ་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལྡི་ལིར་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་ལ་དྭགས་ཀྱི་གཞོན་སྐྱེས་སློབ་ཕྲུག་དང་། ལ་དྭགས་དགོན་ཚོགས་ཀྱི་ཚོགས་མི་སོགས་ཕྱི་ནང་གི་དད་ལྡན་མཇལ་བཅར་བ་་ཉིས་བརྒྱ་དྲུག་ཅུ་ལྷག་ལ་མཇལ་ཁ་སྩལ་ཡོད། མཇལ་ཁའི་སྐབས་སུ་མཇལ་བཅར་བ་རྣམ་པས་སོ་སོའི་དཀའ་ངལ་དང་བདེ་སྡུག་༸སྙན་སེང་གིས་ཐུགས་སྨོན་སྐྱབས་འཇུག་གང་ཞུས་ལ་མགོན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་རྗེས་འཛིན་གནང་བཞིན་པ་ལྟར། དེ་རིང་མཇལ་ཁའི་སྐབས་སུ་དད་ལྡན་མཇལ་བཅར་བ་ཞིག་གིས་སོ་སོ་རང་ཉིད་ལ་གདེང་ཚོད་ཡོང་གི་མི་འདུག་པས་དེ་ལ་ལམ་སྟོན་ཞིག་གནང་རོགས། ཞེས་ཞུས་པར་མགོན་པོ་མཆོག་གིས། གནས་ཚུལ་མཐོང་རྒྱ་ཐོས་རྒྱ་ལ་དོ་སྣང་ཡག་པོ་བྱུང་ན་སོ་སོར་ཡིད་ཆེས་སླེབས་ཀྱི་རེད། དོ་སྣང་དེ་ཙམ་མ་བྱས་པར་མི་ཞིག་གིས་ཟེར་གྱི་འདུག་ཅེས་བསྡད་ཚེ་ཡིད་ཆེས་སླེབས་ཀྱི་མ་རེད། ཅེས་ལམ་སྟོན་གནང་བ་དང་། གཞན་ཡང་དད་ལྡན་མཇལ་བཅར་བ་གཞོན་སྐྱེས་ཤིག་གིས་ལས་ཀ་གསར་པ་འགོ་འཛུགས་སྐབས་ཧ་ཅང་ཞེད་སྣང་ཡོང་གི་འདུག་པས་དེ་ལ་ཅི་བྱེད་དགོས་སམ། ཞེས་ལམ་སྟོན་ཞུས་པར། གནས་ཚུལ་གཅིག་རྐྱང་པར་བསམ་བློ་མི་གཏོང་བར་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་སེམས་ནང་དུ་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་སོ་སོས་ཐག་ཆོད་པའི་ལས་ཀ་འདི་ཡིན་ཟེར་བ་ཞིག་ཡོང་གི་ཡོད། ཅེས་དང་། སློབ་ཕྲུག་ཅིག་གིས་ཡིག་ཚད་སྐབས་སུ་སེམས་ལ་དངངས་སྐྲག་ཆེན་པོ་ཡོང་གི་འདུག་པས་དངངས་སྐྲག་མེད་པར་བཟོ་བར་གང་བྱེད་དགོས་ཞེས་ཞུས་པར། ནམ་རྒྱུན་ནས་སློབ་ཚན་ལ་སློབ་སྦྱོང་གིས་རྒྱུས་ཡོད་བྱུང་ན་སྐྱོན་ཡོད་པ་མ་རེད། སྔ་མོ་ངོས་རང་གྲྭ་སར་སྐོར་དུས་སྔོན་ལ་༸རྒྱལ་བ་རིན་པོ་ཆེ་ཡིན་ཞེས་རང་བགར་མ་བསྡད་པར་མཚན་ཞབས་ཚོའི་མཉམ་དུ་དཔེ་ཆ་མང་པོར་བལྟས་པ་ཡིན། དམ་བཅའ་འཇོག་པའི་སྐབས་སུ་སོ་སོར་གདེང་འཁེལ་བ་ཞིག་རེད། དཔེ་ཆར་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་དགེ་བཤེས་འཇོག་སྐབས་རྩོད་ཟླ་ཚོར་བསམ་བློ་གཏོང་རྒྱུ་ཡོད་པ་ཡིན་པས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཅེས་བཀའ་སྩལ། གཞན་ཡང་། གཞོན་ནུ་མ་ཞིག་གིས་རང་ཉིད་ཧ་ཅང་ཁོང་ཁྲོ་ལངས་སླ་བོ་ཡོད་པས་དེ་ལ་གཉེན་པོ་ཅི་ལྟར་བསྟེན་དགོས་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱུ་མཚན་ལ་བསམ་བློ་གཏོང་དགོས། རླུང་ལངས་པའི་རྒྱུ་མཚན་ག་རེ་འདུག སོ་སོའི་སེམས་མ་སྐྱིད་པའི་ཐོག་ནས་རླུང་ལངས་པ་ཡིན་ན་བྱབ་ཆུང་རེད། རྒྱུ་མཚན་ཡོད་པའི་ཐོག་རླུང་ལངས་པ་ཡིན་ན་དེ་ནི་གནས་ཚུལ་ཁ་ཁ་རེད། དཔེར་ན། ངོས་རང་རྒྱ་ནག་མི་མང་ལ་ཁྱོན་ནས་རླུང་ལངས་མྱོང་མེད། ཚང་མར་སེམས་ཀྱི་བརྩེ་བ་བྱེད་ཀྱི་ཡོད། ང་ཚོ་ཚང་མ་འཛམ་གླིང་འདིར་སྡོད་པའི་མི་གཅིག་མཚུངས་རེད་བསམ་པའི་ཐོག་ནས་ཚང་མར་དགའ་བོ་བྱེད་བཞིན་ཡོད། ཅེས་དང་། རྒྱ་ནག་ལ་ཏན་ཏན་འགྱུར་བ་འགྲོ་གི་རེད། ངོས་རང་འདིར་བསྡད་ནས་རྒྱ་མི་དང་འབྲེལ་བ་བྱེད་བཞིན་ཡོད།...

ཡུ་རོབ་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་ལྷན་ཚོགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ག...

༄༅། །རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པའི་ཉིན་གྲངས་ཁ་ཤས་རྗེས་སུ་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༩ ཉིན་ཡུ་རོབ་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་དང་། ཡུ་རོབ་མཐུན་ཚོགས་ཀྱི་གཞུང་འབྲེལ་དཔོན་རིགས། རྒྱལ་ཡོངས་གྲོས་ཚོགས་འཐུས་མི་བཅས་ཀྱིས་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་། བོད་མི་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ཡོད་པ་བསྐྱར་ནན་གནང་ཡོད། ཁོང་ཚོས་ཁྲིམས་ཡིག་འདི་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་བོད་མི་དང་མི་རིགས་གཞན་གྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ཉེན་བརྡ་བཏང་ཡོད། ཡུ་རོབ་གྲོས་ཚོགས་ཀྱི་ལངས་ཕྱོགས་འདིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༣༠ ཉིན་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེར་ངོ་རྒོལ་དང་། ཁྲིམས་ཡིག་དེས་བོད་མི་དང་། ཡུ་གུར། ལྷོ་སོག་སོགས་མི་རིགས་གཞན་གྱི་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་ཡོད་པས་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་ནན་སྐུལ་གནང་ཡོད། དེ་ཡང་ཡུ་རོབ་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་ལྷན་ཚོགས་ཀྱིས་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་། དེས་བོད་མི་དང་སྤྱི་ཚོགས་གཞན་ལ་གནོད་སྐྱོན་ཚབས་ཆེན་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད། གྲོས་ཚོགས་འཐུས་མི་ཌ་ནུ་སི་ནེ་རུ་ཌོ་བ་ (Danuše Nerudová) ལགས་ཀྱིས། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཞེས་འབོད་པ་དེ་དོན་དངོས་སུ་མི་རིགས་སིམ་ཡལ་དང་རྩ་མེད་གཏོང་རྒྱུའི་ཁྲིམས་ཤིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་ལ། རྒྱ་ནག་གཞུང་གི་དཔོན་རིགས་སུ་འདྲ་ཞིག་ལའང་ཐག་གཅོད་པའི་དབང་ཚད་མེད། ཅེས་གསུངས། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ཧེ་ནེ་སི་ཧ་ཡིཌ་ (Hannes Heide) ལགས་ཀྱིས། ང་ཚོས་བོད་ཀྱི་གནས་སྟངས་བལྟས་ན།...

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ནས་བདུན་ཚིགས་དང་པོ་འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ནེའུ་ཡོག་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། The post རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་གླེ་ཁུལ་གྱི་འཚམས་གཟིགས་ལེགས་གྲུབ་དང་བསྟུན་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་ཕེབས་ཏེ་ས་གནས་བོད་མི་དང་ཐུག་འཕྲད་ཀྱིས་མི་མང་ཚོགས་ཁང་དུ་གསུང་བཤད་གནང་ཡོད། དེ་ཡང་བྱང་ཐང་ཁུལ་དུ་ཕེབས་ཐོན་སྐབས་ལམ་ཞོར་དུ་དེ་སྔ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བྱང་ཐང་ཆུ་མུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་ (ཀར་ནལ་ ༦༣) གསོལ་སྩལ་གནང་ཡོད་པ་དེར་གཟིགས་ཞིབ་གནང་བ་དང་། མ་ཧེ་དགོན་པར་ཆེད་ཕེབས་ཀྱིས་དགོན་པའི་ཉེ་འཁོར་དུ་འགྲོ་བཞིན་པའི་འཛུགས་སྐྲུན་ལས་གཞི་ཁག་ལ་གཟིགས་ཞིབ་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཐང་ཉོ་མར་ཕེབས་འབྱོར་སྐབས་སྤྱི་མི་མཁྱེན་རབ་རྡོ་རྗེ་ལགས་དང་། ས་གནས་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་མཚམས་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཐང་བོད་པའི་སློབ་གྲྭར་འཚམས་གཟིགས་གནང་སྟེ་འཛིན་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་ཞིབ་དང་། སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་ལྷན་བཀའ་མོལ་གནང་ཡོད། དེ་རྗེས་ཉོ་མ་དགོན་པར་མཆོད་མཇལ་དང་། ཆོས་ཐོག་འགྲེམས་སྟོན་ཁང་དུ་གཟིགས་སྐོར་བཅས་གནང་གྲུབ་རྗེས་བྱང་ཐང་མི་མང་ཚོགས་ཁང་དུ་ས་གནས་མང་ཚོགས་ལ་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱུན་དུ་བོད་པའི་སྤྱི་ཚོགས་ནང་ཁུལ་མཐུན་སྒྲིལ་དགོས་པའི་བཀའ་སློབ་ལམ་སྟོན་དྲན་སྐུལ་གནང་།དེ་ནས་ཁོང་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་དགོས་མཁོ་རྣམས་འགན་ཁུར་ལྡན་པའི་ཐོག་ནས་སྒྲུབ་རྒྱུའི་ཆོད་སེམས་བསྐྱར་ནན་གནང་བ་དང་། ད་ལྟའི་ཆར་ལ་དྭགས་སུ་ས་ཆའི་གནད་དོན་དང་འབྲེལ་བའི་དཀའ་རྙོག་རྣམས་འབྲེལ་ཡོད་དང་ལྷན་གྲོས་མོལ་གྱིས་སེལ་ཐབས་བྱེད་བཞིན་པའི་སྐོར་གསུངས། དེ་བཞིན་གཞོན་སྐྱེས་ཚོའི་མདུན་ལམ་ཆེད་དུ་ཤེས་ཡོན་གྱི་གོ་སྐབས་བསྐྲུན་དགོས་གལ་དང་། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་ཡར་རྒྱས་གཏོང་རྒྱུ་སོགས་ལ་འབད་བརྩོན་བྱེད་དགོས་གལ་སྐོར་ནན་བརྗོད་གནང་། དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་པའི་སྤྱི་ཚོགས་དེ་རང་སྐྱ་འཕེར་བ་ཞིག་དགོས་གལ་ཐོག་གསུངས་སྐབས་ས་གནས་མི་མང་རྣམས་རྒྱུན་གནས་ཐུབ་པའི་འཚོ་བ་སྐྱེལ་ཐབས་དང་། ཁེ་ལས་གཉེར་བར་སྐུལ་མ་གནང་བ་དང་སྦྲགས། རང་ཁ་རང་གསོའི་བོད་མིའི་གཞིས་ཆགས་བསྐྲུན་པར་དཔལ་འབྱོར་གྱི་རང་དབང་དགོས་གལ་ཡིན་པ་གསུངས། དེ་བཞིན་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་འབྱུང་འགྱུར་ལ་དྭགས་སུ་འཚམས་གཟིགས་ཕེབས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་བྱང་ཐང་ཁུལ་གྱི་འཚམས་གཟིགས་རིང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་དང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས། ལས་འཆར་འགན་འཛིན་བསྟན་འཛིན་བཟོད་པ་ལགས། ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

རྩོམ་ཁུངས། བོད་ཀྱི་དུས་བབ། རྩོམ་པ་པོ། ཆབ་མདོ་ངག་ཕུན། དེ་རིང་ཞོགས་པ་ཡར་ལངས་ནས་ཞོགས་ཟས་བཟས་རྗེས་ངོ་དེབ་ལ་བལྟས་པ་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་ཐང་དུ་སྐུ་ལུས་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མཐོང་བ་དང་། རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་བབས། དེ་ནས་རིམ་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ལས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མཆོད་མེར་སྒྲོན་པ་ཤེས་རྗེས། ཧང་སངས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར། དེའི་གོང་ལ་ཁོང་གི་ངོ་དེབ་ཐོག་ཏུ་བརྙན་ཐུང་ཞིག་འདུག་པ་དེང་སང་དྲ་ཐོག་ཏུ་ཐོན་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པར་བརྟེན། སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་རྒྱུ་རེད་སྙམ་ནས་ཉན་རྒྱུ་མ་བྱུང་། འོན་ཀྱང་དེ་ནི་དཔའ་བོ་ཁོང་གིས་བོད་མི་རིགས་ལ་བཞག་པའི་ཞལ་ཆེམས་ཤིག་ཡིན་པ་དང་། རྗེས་སུ་ཉན་དུས་དངོས་གནས་ད་ལྟའི་ང་ཚོའི་མི་རིགས་འདི་ཉིད་ལ་ནད་ཐོག་སྨན་ཁེལ་གྱི་གདམས་པ་ཞིག་ཡིན་པ་ཚོར་བྱུང་ལ། ཉན་བཞིན་ཉན་བཞིན་མིག་ཆུ་ཐེངས་མང་ས་རུ་ལྷུང་སོང་། ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་ལྷག་བསམ་གང་འདྲ་ཞིག་ཡོད་པ་ནི་ཞལ་ཆེམས་དེ་དག་ལས་གསལ་པོར་ཤེས་ཐུབ། ད་ནི་ང་ཚོའི་ནང་ཁུལ་ལ་ང་དང་ཁྱོད་ཅེས་པའི་ཕན་ཐོགས་མེད་པའི་རྩོད་གླེང་དེ་དག་གཏན་ནས་མ་གནང་རོགས། ལྷག་དོན་བོད་ཁམས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཕྲོག་བྱས་པས་ང་ཚོ་མི་ཡུལ་ལུང་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། རྒྱ་གཞུང་གིས་དང་ཐོག་བོད་མི་རིགས་སྤུན་ཟླ་ཡིན་ཚུལ་གྱི་ཁ་དབྱངས་སྙན་པོ་བསྒྲགས་ནས་རིམ་གྱིས་བོད་ཁམས་བཙན་བཟུང་བྱས་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཆེད་ “རིག་གནས་གསར་བརྗེ་” ཞེས་པའི་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ། བོད་ཀྱི་རྩ་ཆེན་སྐུ་གསུང་ཐུགས་རྟེན་དུ་མ་གཏོར་བཤིགས་བཏང་ཡོད། བོད་མི་ནང་ཁུལ་ལ་གྲལ་རིམ་མངའ་བདག་སོགས་ཀྱི་དབྱེ་བ་ཕྱེ་ནས་འཐབ་འཛིང་བྱེད་དུ་བཅུག བོད་མི་ཤེས་ཡོན་ཅན་དང་མི་རིགས་ལ་ལ་ཞེན་ཡོད་མཁན་རྣམས་བཙོན་ཁང་དུ་བཅུག་ནས་མནར་གཅོད་ཚད་མེད་བཏང་ཡོད། རྒྱ་གཞུང་གིས་བོད་མི་རིགས་ལ་བཙན་གནོན་དང་མནར་གཅོད་ག་ཚད་བཏང་ནའང་བོད་མི་རིགས་འདི་ཉིད་རྩ་མེད་བཟོ་ཐུབ་མེད་ཅིང་། མི་རབས་རྒན་པ་རྣམས་རིམ་གྱིས་རྫོགས་འགྲོ་བཞིན་ཡོད་ནའང་མི་རབས་གསར་པ་ཚོས་རྒྱུན་འཛིན་བྱེད་བཞིན་ཡོད། དེས་རྒྱ་ནག་དམར་གཞུང་གི་སེམས་ལ་ཟུག་རྔུ་ཆེན་པོ་གཏོང་གི་ཡོད། དེར་བརྟེན་བོད་འདི་ཉིད་གཡོ་སྒྱུའི་བཙན་གནོན་གང་འདྲ་བྱས་ནའང་ཁ་ཕྱོགས་བསྒྱུར་ཐུབ་མེད་པས། ད་ལྟ་དཔལ་འབྱོར་གྱི་བསླུ་བྲིད་འོག་ནས་བོད་འདི་ཉིད་མེད་པ་བཟོ་རྒྱུར་དམིགས་ནས་ལས་དོན་སྤེལ་བཞིན་ཡོད་མོད། དེས་ཀྱང་བོད་མི་རིགས་བསླུ་བྲིད་ཐུབ་མེད། ད་སྐབས་རྒྱ་དམར་གྱིས་བོད་མི་རིགས་འདི་ཉིད་མེད་པ་བཟོ་མི་ཐུབ་པའི་རྩ་བ་གཙོ་བོ་དེ་སྐད་ཡིག་ལ་ཐུག་ཡོད་པ་ཤེས་ནས། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཆེད་དུ་ “སྐད་ཡིག་གཅིག་འགྱུར་” གྱི་ཁྲིམས་ལུགས་གཏན་འབེབས་དང་། དེ་བཞིན་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་” ཟེར་བ་སོགས་བོད་མི་རིགས་མེད་པ་བཟོ་ཆེད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱེད་ཀྱི་ཡོད་པ་དེ་དག་ང་ཚོས་རང་དབང་ལུང་པ་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་། བོད་བདེན་མཐའ་གསལ་ཐབས་སུ་ལས་འགུལ་སྤེལ་དགོས་པ་དེ་རེད། གནས་སྟངས་ཛ་དྲག་དེ་འདྲ་ཞིག་གི་འོག...

ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པས་༧སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་གནང་པ།

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་གིས་དབུ་ཞུགས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་གནང་སོང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༩ དགོང་དྲོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་ཆེད་ཕེབས་ཀྱིས་ཁོང་གིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ལས་འཁུར་ཐོག་བོད་པའི་སྤྱི་མང་ལ་ཞབས་འདེགས་ཞུ་རྒྱུ་འདི་ནི་ཆེ་མཐོང་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་དང་པོ་དེ་ཐོབ་སྐབས་སུ་དེ་དུས་ཀྱི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་སེམ་སྦརའོན་སྦེ...

ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཀཱལ་རེཌ་ (Juku-Kalle Raid) ལགས་གཙོས་པའི་ཨེསྚོ་ནི་ཡཱ་གྲོས་ཚོགས་ (Riigikogu) འཐུས་མི་རྣམས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་དང་སྦྲགས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་ཡང་བསྒྲགས་གཏམ་དེའི་ཐོག་ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མི་ ༡༠༡ ནས་ ༥༡ གིས་མཚན་རྟགས་བཀོད་གནང་ཡོད་པ་དང་། དེས་མང་མོས་ཀྱི་རྒྱབ་སྐྱོར་དང་གྲོས་ཚོགས་ནང་བོད་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད། ཨེསྚོ་ནི་ཡཱ་གྲོས་ཚོགས་ནས་རྒྱུན་དུ་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་བསྟན་ཞིང་། བོད་ཀྱི་ལོ་རྒྱུས་གནས་བབས་དང་རྒྱ་ནག་གི་བཙན་འཛུལ་གྱིས་བོད་ལ་ཤུགས་རྐྱེན་ཐེབས་པའི་ཐོག་སེམས་འཚབ་བསྟན་ཡོད།  དེས་ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མི་མང་པའི་རྩ་དོན་གྱི་ལངས་ཕྱོགས་དང་། ཨེསྚོ་ནི་ཡཱ་དང་བོད་མི་མང་བར་གྱི་གདུང་སེམས་མཉམ་སྐྱེད་ཀྱི་འབྲེལ་བ་མཚོན་གྱི་ཡོད། འདས་པའི་ལོ་ཤས་ནང་ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་མཇལ་འཕྲད་གནང་བ་སོགས་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་ལས་འགུལ་སྣ་མང་སྤེལ་ཡོད། ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཨེསྚོ་ནི་ཡཱ་གྲོས་ཚོགས་འཐུས་མི་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ་བའི་ནང་། བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པ་ནས་བཟུང་བོད་དེ་ད་ལྟའང་རྒྱལ་སྤྱིའི་སེལ་མ་ཐུབ་པའི་དཀའ་རྙོག་ཅིག་ཏུ་ལྷག་ཡོད། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༢ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཁྲིགས་ཡིག་གཏན་འབེབས་བྱས་ཡོད་པ་དེ་ཟླ་བ་ ༧ ཚེས་ ༡ ནས་ལག་བསྟར་བྱས་ཡོད། ཁྲིམས་ཡིག་འདིས་ས་གནས་ཀྱི་སྲིད་གཞུང་དང་། སློབ་གྲྭ།...

མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མདུན་བོད་མི་ལས་འགུལ་བ་གསུམ་དོ་དམ་བྱས་རྗེས་གློད་བཀྲོལ་བཏང་འདུག

རྒྱལ་ཚོཊ་ཀྱི་མདུན་དུ་རྔམ་སྟོན་ལས་འགུལ་སྤེལ་བའི་སྐབས་བོད་མི་གསུམ་དོ་དམ་བྱས་རྗེས་གློད་འདུག བོད་མི་ལས་འགུལ་བ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་ཕྱི་ཟླ་ ༧ ཚེས་ ༩ ཉིན་མོར་གཟའ་འཁོར་གཅིག་འཁོར་བའི་དུས་ཚིགས་ལ་ས་གནས་ནིའུ་ཡོག་ཏུ་བོད་མི་ཚོས་རྔམ་སྟོན་སྐད་འབོད་གནང་པ་དང་། བློ་དགའ་རང་བཙན་ལགས་ཀྱིས་དགོས་འདུན་བཞིན་རྒྱ་ནག་བོད་ནས་ཕྱིར་འབུད་གཏོང་དགོས་པའི་དགོས་འདུན་གྱི་འབོད་སྒྲ་སྒྲོག་ཡོད་ཅིང་། བོད་པའི་གཞོན་སྐྱེས་གསུམ་གྱིས་རྒྱལ་ཚོཊ་ཀྱི་རྒྱལ་སྒོར་རང་ཉིད་ལྕགས་ཐག་རྒྱབ་སྟེ་ངོ་རྒོལ་གནང་ཡོད་པ་དང་། ཁོང་གསུམ་ནིའུ་ཡོག་ས་གནས་ཉེན་རྟོག་པས་དོ་དམ་བྱས་ཏེ་ཁྲིད་ཡོད་ཀྱང་། ཁོང་ཚོར་ཉེས་པ་ཁ་ཤས་བཙུགས་ཏེ་ཆུ་ཚོད་གསུམ་ཙམ་རིང་བཀག་ཉར་གྱིས་གློད་བཀྲོལ་བཏང་ཡོད་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བར་བརྒལ་ཚོགས་གཙོ་བསྟན...

ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ།

ཕྱི་ཟླ་ ༧ ཚེས་༨ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་ནས་ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ལ་རྒྱབ་སྐྱོར་དང་། དེ་བཞིན་ཁོང་ཚོའི་རྟེན་འབྲེལ་མཛད་སྒོ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་བྱེད་པའི་འདུན་པར་རྒྱབ་སྐྱོར་ཡོད་པ་མ་ཟད། ད་དུང་ཁོང་ཚོས་འཇིགས་སྣང་མེད་པའི་ཐོག་ནས་བྱེད་སྒོ་འདི་དག་སྤེལ་རྒྱུར་རྒྱབ་སྐྱོར་ཡོད་པ་གསལ་བསྒྲགས་སྤེལ་བའི་གནས་ཚུལ་རོལ་ཌར་གསར་འགྱུར་ཁང་ནས་བརྗོད་འདུག ཡང་གནས་ཚུལ་ནང་ཨ་རིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་ཚོ་དང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐད་ཀར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་མུ་མཐུད་བྱ་རྒྱུ་ཡིན་པ་དང་། དེ་ནི་བོད་རྒྱ་ཕན་ཚུན་ལྟ་བ་མི་མཐུན་པ་རྣམས་ཞི་བའི་ཐབས་ལམ་ཐོ...

༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ།

ཕྱི་ལོ་༢༠༢༦ ཟླ་༧ ཚེས་༦ ཉིན། འཛམ་གླིང་གང་ས་ནས་སྐྱེས་བུ་མཆོག་དམན་མང་པོས་མ་སྐུལ་དང་བླངས་ཀྱིས་༧གོང་ས་མཆོག་དགུང་གྲངས་༩༡ བཞེས་པར་འཚམས་འདྲི་ཞུས་ཡོད་པ་ལྟར། ཕྱི་ཚེས་༨ ཉིན། ༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག The post ༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ། appeared first on བོད་ཀྱི་བང་ཆེན།.

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༧གོང་ས་མཆོག་ལ་དྭགས་སུ་གནས་བཞུགས་རིང་སྐུའི་ཞབས་པུས་གཡོན་མར་དྲག་སྐྱེད་བཞེས་མུས་ཡོད་སྟབས་མུ་མཐུད་ལ་དྭགས་སུ་བདུན་ཕྲག་འགར་བཞུགས་རྒྱུ་ཡིན་འདུག  The post ༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས།  appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་རྩོམ་རིག་སློབ་དཔོན་ཆེན་མོ་དང་དགེ་ལུགས་སྤྱི་...

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་རྩོམ་རིག་སློབ་དཔོན་ཆེན་མོ་དང་སྤྱི་ཟུར་བེ་རི་འཇིགས་མེད་ལགས་ཀྱིས་བརྩམས་གནང་བའི་ “འཇམ་མགོན་ས་པཎ་ལེགས་བཤད་འཕྲུལ་གྱི་དྲ་བའི་འབྲུ་འགྲེལ་མི་ཆོས་རིག་པའི་མེ་ལོང་།” ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་གནང་སོང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་གོང་དུ་གསུང་བཤད་གནང་མཁན་ཚང་མ་རིག་གནས་དང་དེ་འདྲ་ལ་ཕྱག་ལས་གནང་མཁན་ཆགས་བསྡད་ཡོད་རེད། ཁོང་རྣམ་པས་གསུངས་པ་དེ་ལས་ལྷག་པ་ངས་གསར་པ་གང་ཡང་ཞུ་རྒྱུ་མི་འདུག རྩ་བའི་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་འདྲ་ཞིག་མཚོན་ན་རྩོམ་པ་པོ་གྲགས་ཅན་ཆགས་བསྡད་ཡོད་རེད། ཁོང་ང་གཉིས་ཡུན་རིང་པོ་ནས་ངོ་ཤེས་ཆགས་བསྡད་ཡོད་རེད། གྲོགས་པོ་ཆགས་བསྡད་ཡོད་རེད་ཟེར་ནའང་ཞུ་ཆོག་གི་རེད། ང་དང་པོ་སྐབས་ ༡༤ པའི་སྤྱི་འཐུས་ལ་སླེབས་དུས་ཁོང་ཡང་སྤྱི་འཐུས་རེད་འདུག དེ་དུས་ང་ཚོ་སྤྱི་འཐུས་རྒྱུན་ལས་གཅིག་པ་འཁེལ་བསྡད་ཡོད་རེད། དེ་དུས་མི་རེ་རེ་ལ་ལས་ཁུངས་ཡོད་མ་རེད། ཆབ་སྲིད་སྡེ་ཚན་དུ་ཕལ་ཆེར་མི་ ༥ དེ་དག་མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། རྟོག་ཞིབ་སྡེ་ཚན་ནང་མི་ ༣ མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། རྒྱུན་འབྲེལ་སྡེ་ཚན་ནང་མི་ ༢ མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། དེ་དུས་གློག་ཀླད་གཅིག་མ་གཏོགས་ཡོད་མ་རེད། དྲ་རྒྱ་ཡིན་ནའང་གཅིག་མ་གཏོགས་ཡོད་མ་རེད། སོང་ཙང་ཚང་མར་བེད་སྤྱོད་གཏང་རྒྱུ་ཡོད་མ་རེད། ཞལ་ལག་གི་བར་གསེང་ཆུ་ཚོད་ ༡ ཡོད་རེད་པྰ།...

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་སྐྱེས་བུ་མཆོག་དམན་མང་པོས་མ་སྐུལ་དྭང་བླངས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུས་པར་ཐུགས་དགྱེས་ཚོར་དང་སྦྲགས། ཕྱི་ཚེས་ ༨ ཉིན་ཏཱ་ལའི་བླ་མའི་ཨིན་ཡིག་དྲ་རྒྱའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཛད་པའི་གནས་ཚུལ་ཞིག་འདོན་སྤེལ་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་  ༧ ཚེས་ ༦ ཉིན་ལ་དྭགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་བཀའ་སྩལ་བ་བཞིན། མགོན་པོ་གང་ཉིད་མཆོག་གི་༧སྐུ་ཚེའི་ཉམས་བཞེས་སྙིང་པོ་ནི་གཞན་ལ་ཕན་ཐོགས་མཛད་རྒྱུ་དེ་རང་ཡིན་སྐོར་བཀའ་སྩལ་འདུག་པ་མ་ཟད།  ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་རྗེ་དང་བྱམས་བརྩེ་ཁྱབ་སྤེལ་ནི་གང་ཉིད་ཀྱི་ཐུགས་བསྐྱེད་གཙོ་བོ་དེ་ཡིན་ལ། འདི་ནི་འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་པའི་གོ་ལའི་ཁྱིམ་གཞི་བསྐྲུན་པར་མེད་དུ་མི་རུང་བ་ཞིག་ཡིན་སྐོར་དང་འབྲེལ། འཛམ་གླིང་གང་སར་བཞུགས་པའི་རྒན་གཞོན་ཕོ་མོ་ཡོངས་ནས་གཞན་གྱི་བདེ་སྡུག་ལ་སྒོ་ཀུན་ནས་སེམས་ཁུར་བླངས་པའི་ཐོག་ནས་བྱམས་སྙིང་རྗེ་ཉམས་ལེན་དགོས་པའི་གཞེན་བསྐུལ་མཛད་བཞིན། དེ་ལྟར་ཉམས་ལེན་གནང་བ་ནི་གཞན་དོན་སྒྲུབ་པའི་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བའི་སྙིང་པོ་དེ་ཡིན་ཞེས་བཀའ་སྩལ་འདུག མཐར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་སྔོན་མའི་ནང་རྒྱལ་ས་ལྡི་ལིར་གང་ཉིད་ཀྱི་ཞབས་པུས་གཡོན་མར་བཤག་བཅོས་ལེགས་གྲུབ་བྱུང་རྗེས། ད་ལྟའི་ཆར་ལ་དྭགས་སུ་སྐུ་ངལ་གསོ་མཛད་བཞིན་ཡོད་ཅེས་དང་། ལ་དྭགས་ཀྱི་གནམ་གཤིས་འདི་བཞིན་༧སྐུའི་འཕྲོད་བཞེས་ལ་འཕྲོད་པོ་ཡོད་པས། སྔ་ལོ་ལྟར་མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་བདུན་ཕྲག་ཁ་ཤས་རིང་མུ་མཐུད་བཞུགས་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་བཀའ་སྩལ་འདུག

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་སྟེ་མྱུར་སྐྱོབ་ཀྱི་ཚད་རིམ་ཨང་གསུམ་པ་ཅན་གྱི་ཐོག་ནས་ཛ་དྲག་གི་མྱུར་སྐྱོབ་བྱ་དགོས་ལུགས་ཀྱི་བཀའ་ཁྱབ་བསྒྲགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་གྲངས་བཞི་ལས་རྨས་སྐྱོན་ཕོག་མེད་ལུགས་བསྒྲགས་ནས་དངོས་ཡོད་ཀྱི་གནས་ཚུལ་སྦས་སྐུང་བྱས།  The post ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་།  appeared first on བོད་ཀྱི་དུས་བབ།.

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

The post ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས། appeared first on བོད་ཀྱི་དུས་བབ།.

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཉེ་ལམ་བོད་དོན་འཐབ་རྩོད་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་པ་དང་འབྲེལ་ནས། ཨ་རིས་བོད་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན་གྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་གནང་འདུག The post ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་དང་། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་ཕེབས་འབྱོར་སྐབས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས་དང་། སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཀྱིས་གཙོས་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྐབས་སུ་གསར་འཛུགས་གནང་བའི་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཤུལ་དངོས་གཅེས་ཉར་ཁང་དུ་གཟིགས་སྐོར་གནང་རྗེས་དགེ་ལས་དང་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། བོད་མིའི་ངོ་བོ་སྲུང་སྐྱོབ། ཁོར་ཡུག་ཐོག་འགན་ཁུར། མ་འོངས་མི་རབས་གསར་པ་རྣམས་ལ་བོད་དོན་ཐོག་མུ་མཐུད་ལས་དོན་སྐྱོང་དགོས་གལ་སྐོར་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བཙན་བྱོལ་དུ་ཤེས་ཡོན་ཐོག་ནས་རང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་དེང་དུས་ཀྱི་ཤེས་ཡོན་དང་། བོད་ཀྱི་སྲོལ་རྒྱུན་གྱི་རིན་ཐང་ཟུང་འབྲེལ་དགོས་གལ་ཐོག་བཀའ་སློབ་གནང་གི་ཡོད་པ་དང་། སློབ་མ་རྣམས་ནས་༸གོང་ས་མཆོག་གི་བཀའ་སློབ་ཉན་དགོས་པའི་སྐུལ་མ་གནང་ཡོད། དེ་བཞིན་ཤེས་ཡོན་གྱི་བསྟི་གནས་ཁག་ནས་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག བོད་ཀྱི་འཐབ་རྩོད་སྐོར་གོ་རྟོགས་གོང་འཕེལ་གཏོང་རྒྱུའི་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཞིང་། དེས་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་། མི་རབས་གཞོན་པ་ཚོས་བོད་དོན་ཞུ་གཏུག་ནུས་པ་ལྡན་པའི་ཐོག་སྤེལ་བར་ཕན་ཐོགས་ཡོད་པ་གསུངས།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལྟ་བུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་སྟེ་སྲིད་བྱུས་དེས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་རྒྱུར་དམིགས་ཡོད་པ་དང་། བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་རྗེས་བོད་སྐད་ཤོད་མི་ཐུབ་པར་གྱུར་ཏེ་ཁྱིམ་ཚང་ནང་སྐད་ཡིག་དང་རིག་གཞུང་གི་བར་སྟོང་ཆ་ཆེན་པོ་ཞིག་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་མ་རྣམས་མ་འོངས་པར་བོད་དོན་གྱི་འགན་ཁུར་མཁན་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་རང་གི་སྐད་ཡིག་དང་། རིག་གཞུང་། རིན་ཐང་ཤེས་པའི་སྒོ་ནས་སློབ་སྦྱོང་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་གྲུབ་རྗེས་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གླིང་དང་། འཛིན་ཁང་། རྩེད་ཐང་བཅས་གཟིགས་སྐོར་གནང་གྲུབ་རྗེས་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་གྱི་ཉེ་འགྲམ་དུ་ཡོད་པའི་རྒས་གསོ་ཁང་དུ་འཚམས་གཟིགས་ཕེབས་ཡོད། སྐབས་དེར་ཁོང་གིས་བགྲེས་སོང་ ༤༩ དང་ཐུག་འཕྲད་གནང་བ་དང་།...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་དད་ལྡན་མི་མང་ཉིས་བརྒྱ་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ལ་དྭགས་ཡུལ་མི་དང་། བོད། ཐའེ་ཝན། ལྷོ་ཀོ་རི་ཡཱ། མ་ལེ་ཤི་ཡཱ། ཐའེ་ལེནྜ། སིངྒ་པུར། ཨིན་ཌོ་ནེ་ཤི་ཡཱ། རྒྱ་གར་བཅས་ཀྱི་དད་ལྡན་མཇལ་བཅར་བ་ཉིས་བརྒྱ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད། མཇལ་ཁའི་སྐབས་སུ་དད་ལྡན་མི་མང་གིས་སོ་སོའི་བསམ་བློ་དང་། ཤེས་ཡོན། འཚོ་བའི་ཁྲོད་ཀྱི་དཀའ་ངལ་སོགས་ཀྱིས་མཚོན་པའི་དོགས་པ་མང་པོའི་ཐད་བཀའ་འདྲི་སྣ་ཚོགས་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད། སྐབས་དེར་མཇལ་བཅར་བ་ཞིག་གིས་སློབ་སྦྱོང་སྐབས་སུ་སེམས་གཡེང་ནས་རྣལ་དུ་མི་གནས་པས་ཆོས་ཕྱོགས་ནས་ཅི་བྱེད་དགོས་པ་བཀའ་འདྲི་ཞུས་པར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་ཕན་ཐོགས་ཡོད་པར་བཀའ་སྩལ་བ་དང་། ཡང་མཇལ་བཅར་བ་ཞིག་གིས་མི་ཚེའི་ནང་གལ་ཆེ་ཤོས་གང་ཡིན། ཞེས་ཞུས་པར། ༸གོང་ས་མཆོག་གིས། སེམས་པ་བཟང་པོ་བྱེད་དགོས་པ་དེ་རེད། ཅེས་བཀའ་གནང་ཡོད། མཇལ་བཅར་བ་ཞིག་ལ་དུས་རྒྱུན་སེམས་ཧ་ཅང་འཁྲུག་ནས་ཁོང་ཁྲོ་ཟ་ཆོག་ཆོག་ཡོད་འདུག་པར་བརྩེ་བ་ཡོད་ན་རླུང་ཡོད་ཀྱང་། ཡུན་རིང་པོར་སྡོད་ཀྱི་མ་རེད། ཅེས་ལམ་སྟོན་བཀའ་དྲིན་སྩལ་ཡོད།གཞན་ཡང་། མཇལ་ཁ་ཞུ་མཁན་ཞིག་གིས་དེང་གི་དུས་སུ་གཞོན་སྐྱེས་ཚོས་བདེ་སྐྱིད་ཡོང་བའི་ཆེད་དུ་ཕྱིའི་དངོས་པོ་ཁོ་ན་ལ་བསམ་བློ་གཏོང་གི་ཡོད་པས། ནང་བསམ་པའི་ཐོག་ནས་བདེ་སྐྱིད་ཡོང་བར་ཅི་ལྟར་བསམ་བློ་གཏོང་དགོས་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས། དེང་རབས་སློབ་གསོ་ནི་སྤྱིར་བཏང་ཕྱི་ལོག་གི་གནས་ཚུལ་རྐྱང་པ་མ་གཏོགས་བསམ་བློའི་སྐོར་བཤད་ཀྱི་མི་འདུག འོན་ཀྱང་ངོས་ཀྱིས་ངོ་ཤེས་པའི་ནང་སེམས་ཡར་རྒྱས་གཏོང་བའི་སྐོར་ལ་སྐད་ཆ་བཤད་མཁན་མང་པོ་ཡོང་གི་འདུག དེ་སྔ་འཛམ་བུ་གླིང་གི་ཕྱིའི་སྐོར་རྐྱང་ཤོད་སྡོད་མཁན་གྱི་ནང་དུའང་རིམ་བཞིན་ནང་བསམ་བློའི་བརྩེ་བའི་སྐོར་ལ་དོ་སྣང་སླེབས་བཞིན་འདུག ཅེས་དང་། སོ་སོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། གཞན་ཚོའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་རེད་བསམ་ན་བརྩེ་བ་བྱེད་པ་ཡོང་གི་རེད། ང་ཚོ་ཆུང་ཆུང་སྐབས་ནས་ཨ་མས་བརྩེ་བ་བྱེད་པ་བཞིན་རེད། ཨ་མས་ཕྲུ་གུ་ལ་བརྩེ་བ་བྱེད་པ་ནི་སློབ་སྦྱོང་སྤྲད་པ་གང་ཡང་མ་རེད།...