Tibetan

ཨོར་ཝིལ་ཤེལ་གྱིས་རྒྱའི་བཙོན་ཁང་ལ་ཞིབ་བཤེར་གྱི་གྲུབ་དོན་ད་ལྟའང་རན་འཚམས་ཡོད་པ་གསལ་སྟོན།

ཨོར་ཝིལ་ཤེལ་ལགས་ཀྱིས་རྒྱའི་བཙོན་ཁང་དང་ངལ་རྩོལ་སྒྱུུར་བཀོལ་རྭ་བའི་ནང་གི་གནས་སྟངས་རྣམས་འཛམ་གླིང་ཀུན་ལ་ཕྱི་ལོ་ ༡༩༩༡ ལ་ངོ་སྤྲོད་གནང་ཡོད་ལ། ཁོང་གིས་ཞིབ་འཇུག་བྱས་པའི་གནས་ཚུལ་དེ་དག་ཉེ་ཆར་ཕྱག་དེབ་ཀྱི་གཟུགས་སུ་བཏོན་ཡོད། དེའི་ནང་རྒྱའི་བཙོན་ཁང་ནང་བསྐྱོད་པའི་དངོས་མྱོང་གི་ལོ་རྒྱུས་བཏོན་ཡོད་པ་ནི་རྒྱ་རིགས་ཧེ་རི་ཝུ་ (Harry Wu) ཡིས་ཞིབ་འཇུག་གི་བརྒྱུད་རིམ་ལ་གཞི་འཛིན་པ་ཞིག་དང་། ཟིན་ཐོ་འདི་ནི་རྒྱ་ནག་ནས་ཐོབ་དཀའ་བའི་དཀོན་པའི་རང་བཞིན་ཞིག་ཆགས་ཡོད་པ་རེད། དེ་ཡང་ Inside China’s Secret Prisons རྒྱ་ནག་གི་གསང་བའི་བཙོན་ཁང་ནང་གི་གནས་སྟངས་ཞེས་པའི་ཕྱག་དེབ་དེ་ནི། ཞིབ་འཇུག་བྱས་ནས་ལོ་ངོ་ ༣༥ རྗེས་སུ་བཏོན་པ་དང་། དེ་ཡང་གཙོ་བོ་ཨོར་ཝིལ་ཤེལ་(Orville Schell) གྱི་སྡོད་གཅིག་ནང་མིའི་གཉེན་སྤུན་དང་བུ་ཕྲུག་བཅས

མེས་པོ་དམ་པ་གྷན་དྷིའི་འཁྲུངས་སྐར་ ༡༥༧ པ་སྲུང་བརྩི་ཞུས་པ།

ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་འཛམ་གླིང་ས་ཕྱོགས་གང་སར་མེས་པོ་དམ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྲོལ་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མེས་པོ་དམ་པ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་དུས་རྟག་ཏུ་ཡིད་སྨོན་ཆེན་པོ་གནང་གི་ཡོད་ཅིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་བཞིན། འདི་ལོ་ཡང་དམ་པ་ཁོང་ལ་རྗེས་དྲན་སླད་གཞུང་འབྲེལ་གྱི་འཁྲུངས་སྐར་ཐེངས་ ༡༥༧ པ་དེ་སྲུང་བརྩི་ཞུས་ཤིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་ཀྱི་དགོངས་པ་དེས། བོད་དོན་འཐབ་རྩོད་བྱེད་པར་བློ་སྐྱེད་སྦྱིན་བཞིན་ཡོད་པ་གསུང་གི་འདུག

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི མཛད་གཙོ་རྣམ་པས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་སྐུ་པར་ལ་གུས་བཀུར་མེ་ཏོག་སྒྲོན་འབུལ་གནང་སྟེ་མཛད་སྒོ་དབུ་འཛུགས་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར་གསུང་དོན། ལོ་ལྟར་བཞིན་དེ་རིང་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་བཅས་ཁྱོན་ཡོངས་ནས་འདིར་ལྷན་འཛོམས་ཀྱིས་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུའི་ཡོད་པ་རེད།མེས་པོ་དམ་པ་གྷན་ངྷི་མཆོག་ནི། མིའི་བྱུང་རབས་ནང་འཚེ་བ་མེད་པའི་ཐོག་ནས་ཆབ་སྲིད་ཀྱི་དཀའ་རྙོག་དེ་དག་སེལ་བའི་ཐབས་ལམ་སྟོན་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་ལ། འཚེ་བ་མེད་པའི་མཚོན་དོན་གཙོ་བོ་ཞིག་ཀྱང་ཆགས་ཀྱི་ཡོད། དམ་པ་ཁོང་ལ་བལྟས་ནས་ཨ་རིའི་སྤྱི་དམངས་ཐོབ་ཐང༌ནང་མར་ཊིན་ལུ་ཐར་ཀིང་ (Martin Luther King) མཆོག་དང་། ལྷོ་ཨ་ཕི་རི་ཀའི་ནང་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་འཚེ་བ་མེད་པའི་ཐབས་ལམ་ལ་གཞི་བཅོལ་ཏེ་ཐབས་ཤེས་སྟོན་གནང་མཛད་པ་དེ་ནི་མེས་པོ་དམ་པ་གྷན་ངྷི་མཆོག་གི་དགོངས་པར་གཞི་གཞག་ནས་ཡོང་གི་ཡོད། མ་འོངས་པར་ཡིན་ནའང་འཛམ་གླིང་འདིའི་ནང་རྙོག་གླེང་ག་འདྲ་ཞིག་ཡིན་ནའང་འཚེ་བ་མེད་པའི་ཐོག་ནས་སེལ་ཐུབ་པ་ཡིན་ན། འཇིག་རྟེན་ཁྱོན་ཡོངས་ལ་ཕན་པ་དང་། མིའི་རིགས་ལ་ཕན་པ་ཡོང་གི་རེད། དེར་བརྟེན་མེས་པོ་དམ་པ་གྷན་ངྷི་མཆོག་གི་དགོངས་པ་དེ་དག་སྙིང་ལ་བཅངས་ནས་བོད་པའི་འཐབ་རྩོད་ལ་མུ་མཐུད་འབད་བརྩོད་བྱེད་དགོས་རྒྱུ་རང་བཞིན་གྱིས་བློ་སྐྱེད་སྐྱེས་ས་ཤིག་ཆགས་ཡོད། ཅེས་གསུང་བཤད་གནང་། དེ་ནས་གངས་སྐྱིད་སྲི་བཟློག་མཆོད་རྟེན་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམས་ལ་མངར་ཟས་འདེགས་འབུལ་ཞུས་ཏེ་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་པ་བཅས།།

བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཀྱི་འཆར་སྣང་འདོན་སྤེལ་གནང་པ།

སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་བཅས་རྩ་བའི་དམ་བཅར་བཞག་ཐོག་སྐབས་ ༡༧ བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ (vision for the Future of Tibet) ཞེས་པ་འདོན་སྤེལ་གནང་སོང་།

ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མིས་རྔམ་སྟོན་ལས་འགུལ་སྤེལ་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡ དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྟེ་རྒྱ་ནག་དམར་ཤོག་གི་གཞུང་འཛིན་བྱས་ཏེ་ལོ་ ༧༧ འཁོར་བའི་ཉིན་མོ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉིན་མོ་དེ་བཞིན་དགའ་སྤྲོ་བྱེད་པའི་ཉིན་མོ་ཞིག་ཡིན་སྲིད་ཀྱང་། བོད་མི་གཙོས་པའི་རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་འོག་མྱོང་བཞིན་པའི་མི་རིགས་རྣམས་ལ་མཚོན་ན། ཉིན་མོ་དེ་ནི་དགའ་འོས་པ་ཞིག་མིན་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་ཐ་སྙད་འབོད་པའི་བར་མཚམས་སུ་མི་དམངས་ཞེས་པའི་ཚིག་ཡོད་པ་བཞིན། རྒྱ་ནག་གཞུང་ངོས་ནས་རྩ་ཁྲིམས་གཞིར་བཞག་ཐོག་མི་མང་གི་རང་དབང་དང་མངོན་འདོད་གྲུབ་དགོས་པ་ཡིན་ཞེས་གསུང་གི...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རྒྱ་དམར་གཞུང་ཚབ་མདུན་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ།

དེ་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་ཚུགས་ཏེ་ལོ་ ༧༧ འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་ ༤༠ ཙམ་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་།   ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་གཞུན་ནུའི་ལས་འགུལ་བ་རྣམས་ས་གནས་སུ་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་སློབ་ཕྲུག་ཁོ་ན་རེད་འདུག །ཁོང་ཚོས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་དང་སྦྲགས། ཁྲིམས་གཞི་དེའི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་སྐད་ཆ་ཤོད་ཀྱི་ཡོད་ཀྱང་། བོད་དེ་རྒྱ་ནག་དང་ཐ་དད་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། རྒྱ་ནག་དང་མི་འདྲ་བར་བོད་མིར་སོ་སོའི་རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལོགས་སུ་ཡོད་པའི་མི་རིགས་ཤིག་ཡིན་པ་ནན་བརྗོད་གནང་འདུག ལས་འགུལ་བ་ཕོ་མོ་གྲངས་ ༤༠ ཙམ་ཡོད་པ་དེ་དག་གིས་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཁོད་པའི་འཕྲེད་དར་བཅས་ཕྱར་ཏེ། སྐད་འབོད་བྱེད་བཞིན་པའི་ཐོག་རྒྱ་དམར་གཞུང་ཚབ་ཀྱི་མདུན་ཐང་དུ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་། སྐབས་དེར་ས་གནས་སུ་རྒྱ་གར་གྱི་སྐོར་སྲུང་བ་ཕོན་ཆེན་འགྲེམས་འཇོག་བྱས་འདུག་པ་དང་། རིམ་པས་འགུལ་བ་ཚང་མ་འཛིན་བཟུང་གིས་ Mandir Marg མཱན་དིར་མཱརྐ་སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་རྗེས། ཆུ་ཚོད་ ༣།༤༠ ཡས་མས་སུ་གློད་བཀྲོལ་བྱས་འདུག དེ་རིང་ལས་འགུལ་གོ་སྒྲིག་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་ཚན་པའི་དྲུང་ཆེ་བསྟན་འཛིན་ཟླ་གསལ་ལགས་ཀྱིས་གསུངས་དོན་ལྟར་ན།  རྒྱ་ནག་གི་བོད་བཙན་ཟུང་བྱས་ཏེ་ལོ་ངོ་ ༦༠  ལྷག་འགྲོ་གི་ཡོད་པ་དང་།  དུས་ཡུན་དེའི་རིང་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་བྱས་པ་མ་ཟད། རྒྱ་ནག་གི་བོད་མིར་འཛིན་པའི་སྲིད་བྱུས་དེའི་འོག །ད་བར་བོད་མི་གྲངས་ ༡༧༠ ལྷག་ནས་རང་ལུས་མེར་སྲིག་གཏང་དགོས་པ་སོགས་ཀྱི་ཡ་ང་བའི་གནས་ཚུལ་བྱུང་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དེ་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་ཉིན་མོ་དེར་ངོ་རྒོལ་ཡོད་པ་མ་ཟད། ཉེ་བའི་ཆར་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཆེད་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་དང་ཆབས་ཅིག །ཁྲིམས་གཞི་དེ་ཕྱིར་འཐེན་དགོས་པ་དང་། བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བྱ་དགོས་པ་བཅས་ཀྱི་དགོས་འདུན་མངོན་གསལ་གནང་སོང་། The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རྒྱ་དམར་གཞུང་ཚབ་མདུན་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ། appeared first on vot.

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

ཕྱི་ཟླ་ ༩ ཚེས་ ༢༣ ནས་ཚེས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་གཙིའི་གསལ་བསྒྲགས་དང་འབྲེལ། ཕྱི་ཚེས་ ༣༠ ཨོ་གླིང་དུ་བོད་རིག་པའི་མཁས་པའི་དྲ་ཐོག་བགྲོ་གླེང་ཞིག་འཚོགས། The post བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས། appeared first on བོད་ཀྱི་དུས་བབ།.

ཨེ་ཤེ་ཡའི་རྩེད་འགྲན་ཁྲོད་བོད་པའི་བུད་མེད་གཉིས་ལ་གསེར་དང་དངུལ་གྱི་རྟགས་མ་ཐོབ།

ཉི་ཧོང་ནང་ཨེ་ཤེ་ཡའི་རྩེད་འགྲན་ཆེན་པོ་འཚོག་བཞིན་པ་དང་། རྩེད་འགྲན་དེའི་ནང་འཛམ་གླིང་གི་ས་ཆ་མང་པོ་ཞིག་ནས་ལུས་རྩལ་བ་མང་པོ་ཕེབས་པའི་ཁྲོད་ནས་བོད་པའི་བུད་མེད་གཉིས་ཀྱིས་རྒྱང་རྒྱུག་དང་འདུར་རྒྱུག་འགྲན་བསྡུར་ཁྲོད་གསེར་དང་དངུལ་གྱི་རྟགས་མ་བླངས་འདུག The post ཨེ་ཤེ་ཡའི་རྩེད་འགྲན་ཁྲོད་བོད་པའི་བུད་མེད་གཉིས་ལ་གསེར་དང་དངུལ་གྱི་རྟགས་མ་ཐོབ། appeared first on བོད་ཀྱི་བང་ཆེན།.

ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༨ ནས་ ༣༠ བཅས་ཉིན་གྲངས་གསུམ་རིང་དྷ་སར་རྟེན་གཞི་བྱས་པའི་དྷོ་ལ་དྷར་ Dhauladhar Heights Resort ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་གནང་ཡོད་ཅིང་། ཟབ་སྦྱོང་དེ་བཞིན་བྷི་བེཀ་ཤཱརྨ་ (Vivek Sharma) ལགས་ཀྱིས་ཟབ་ཁྲིད་གནང་བ་ཞིག་ཡིན། སྐབས་དེར་སྲི་ཞུའི་ལས་བྱེད་སྐྱེས་པ་གྲངས་ ༨ དང་བུད་མེད་གྲངས་ ༧ བཅས་ཁྱོན་བསྡོམས་ཚོགས་བཅར་བ་གྲངས་ ༡༥ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདིའི་དམིགས་ཡུལ་ནི་ཚོགས་བཅར་བ་རྣམས་ལ་ནར་སོན་སློབ་གསོའི་ཤེས་བྱ་དང་། སྦྱོར་བརྡར་གོ་སྒྲིག་བྱེད་ཕྱོགས། ནུས་པ་ལྡན་པའི་ཟབ་ཁྲིད་པ་ཞིག་ཇི་ལྟར་གནང་དགོས་མིན་བཅས་ཀྱི་དྲན་གསོ་སླད་ཡིན་པ་དང་། ཟབ་སྦྱོང་ཁྲོད་སྦྱོར་བརྡར་གྱི་དམིགས་ཡུལ་དང་། ཚོགས་ཐུན་གྱི་འཆར་གཞི། སྦྱོང་བརྡར་གྱི་རྒྱུ་ཆ། བྱེད་སྒོ། དཔྱད་ཞིབ། སྤྱན་བསྟར་བཅས་གྲ་སྒྲིག་གནང་ཕྱོགས་ཐད་ཟབ་ཁྲིད་གནང་ཡོད།དེ་ཡང་ཟབ་སྦྱོང་གི་ཉིན་དང་པོར་ཚོགས་བཅར་བ་རྣམས་ནས་སློབ་ཁྲིད་དང་སྦྱོང་བརྡར་དབར་གྱི་ཁྱད་པར། དེ་བཞིན་ནར་སོན་སློབ་གསོའི་ཐོག་སློབ་སྦྱོང་གནང་ཞིང་། སྦྱོང་བརྡར་འཁོར་རྒྱུན་ (Training cycle) གྱི་རིམ་པ་མི་འདྲ་བ་དང་ཟབ་ཁྲིད་པ་ཚོའི་རིམ་པ་དེ་དག་ནང་གི་འགན་འཁྲིའི་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་ཚོགས་ཐུན་ཐོག་སྦྱོང་བརྡར་གྱི་དམིགས་ཡུལ་དང་། ཐོན་འབབ་དང་གྲུབ་འབྲས།...

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གིས་དབྱིན་ཇིའི་སློབ་གསོ་སྡེ་ཁག་སྤྱད་ནས་དབྱིན་ཇིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག The post རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

དེ་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་པའི་དུས་སྟོན་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་བོད་ཐོག་བཟུང་བའི་སྲིད་ཇུས་སོགས་ལ་ངོ་རྒོལ་གྱི་རྒོལ་མཆོངས་ལས་འགུལ་ཞིག་སྤེལ། The post རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ།  appeared first on བོད་ཀྱི་དུས་བབ།.

བཞུགས་སྒར་དུ་ཕེབས་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ཐུགས་འཚབ་བསྟན་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༩ ཉིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་གྷ་གྷལ་གནམ་ཐང་དུ་ཨི་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷི་རི་ཨན་མཱ་སི་ཊི་ (Brian Mast) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། བཀའ་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས། ཕྱི་དྲིལ་ཟུང་དྲུང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཡང་སྐུ་ཚབ་ཚོགས་ཆུང་ཁྲོད་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བྷརཱ་ཡེན་མསཏི་ (Brian Mast) ལགས་དང་ཇེམསི་གྷ་ལ་གྷར་ (James Gallagher) ལགས། ཇི་མི་པེ་ཊྲོ་ནིསི་ (Jimmy Patronis) ལགས་བཅས་དང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧེ་ལི་སཊཱི་ཝནསི་ (Haley Stevens) ལགས་དང་ཐ་ནེ་དྷར་ (Thanedar) ལགས་བཅས་དང་། དེ་བཞིན་འབྲེལ་ཡོད་ལས་བྱེད་དང་ཁོང་རྣམས་ཀྱི་ནང་མི་བཅས་ཁྱོན་མི་གྲངས་ ༡༧ ཕེབས་ཡོད།གཟིགས་སྐོར་རིང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་བཅར་ཐོག་སྐུ་ཚབ་ཚོགས་ཆུང་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕེབས་ཡོད་པ་དང་། གོང་ཚེས་ཉིན་གྱི་དགོང་མོར་བཀའ་ཤག་སྐབས་ ༡༧ ནས་སྐུ་ཚབ་ཚོགས་ཆུང་རྣམས་ལ་ཆེ་བསྟོད་སླད་ཕེབས་བསུའི་དགོང་ཚིགས་ཤིག་འདེགས་འབུལ་ཞུས་ཤིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལྷན་ཞུགས་གནང་ཡོད། ཕྱི་ཚེས་...

བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༣ བསྐོང་ཚོགས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༣༣ དེ་བཞིན་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༣༠ ཉིན་འགན་འཛིན་ལྷན་ཚོགས་ཐེངས་ ༣༢ ཐོག་བཞག་པའི་ཚིག་ཐོག་ཁག་ལ་གཏན་འབེབས་དང་། དེ་བཞིན་བར་བརྒལ་སྔོན་རྩིས་ (Interim Budget) དང་ལས་བྱེད་བཀོད་སྒྲིག རྩ་དགོངས། གནས་སྤོས། ཆོད་གན་ལས་བྱེད་ཕར་འགྱང་ལ་སོགས་པའི་ཐོག་གནད་དོན་ཐོག་ཚོགས་མི་རྣམས་ནས་བཀའ་འཁྲོལ་གནང་ཟིན་པ་དག་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས། འཕྲོད་བསྟེན་ལམ་སྟོན་ཚོགས་ཆུང་ནང་བོད་ཀྱི་གསོ་བ་རིག་པའི་རྒྱབ་ལྗོངས་ཡོད་པའི་ཚོགས་མི་ཞིག་བསྐོ་གཞག་གནང་རྒྱུ། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༨ ཉིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གཏན་འབེབས་གནང་བའི་གྲོད་ཆོད་ཁག་ལག་བསྟར་ཇི་བྱས་སྙན་ཐོ་ཁག་སྤྱན་བསྟར་བཅས་གནང་ཡོད། ཚོགས་འདུའི་ཐོག་ཚོགས་མི་རྣམས་ནས་མཉམ་ཞུགས་ཀྱིས་གྲོས་གཞི་ཁག་ལ་གོ་བསྡུར་སྦྱངས་ཤེས་ལྷུག་པོ་གནང་ཡོད་པ་བཅས། །

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བཀའ་ཤག་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་སྔ་མར་བསྐྱར་ཞིབ་ཀྱིས་ཁ་གསབ་སྣོན་འཕྲི...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བཀའ་ཤག་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་སྔ་མར་བསྐྱར་ཞིབ་ཀྱིས་ཁ་གསབ་སྣོན་འཕྲི་ཇི་བྱུང་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་སྲི་ཞུའི་ལས་བྱེད་རྣམས་ལ་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་བཅས་ཀྱི་རྩ་དོན་འོག་སྣོན་འཕྲི་གནང་བའི་ཡིག་ཆའི་སྐོར་ཁ་གསལ་ལམ་སྟོན་གནང་ཡོད་ཅིང་། ཡིག་ཆ་དེས་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་། ཐོན་སྐྱེད་གོང་མཐོར། ཕན་ཚུན་མཉམ་ལས་གསོ་སྐྱོང་། རྒྱུན་གནས་ཐུབ་པའི་འཕེལ་རྒྱས་ལ་སྐུལ་འདེད། དཀའ་ངལ་ལ་གདོང་ལེན་ཐུབ་པའི་རང་ཁ་རང་གསོའི་ཕྱོགས་སུ་བསྐྱོད་ཐབས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་བཅས་ཕེབས་ཞུགས་གནང་ཞིང་། དྲ་ཐོག་བརྒྱུད་བོད་ཀྱི་སྐུ་ཚབ་དོན་ཁང་ཁག་གི་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ་བཅས་མཉམ་ཞུགས་གནང་ཡོད།ཕུགས་དམིགས་ཡིག་ཆ་དེའི་ནང་དོན་རྣམས་ལེའུ་གསུམ་དུ་འབྱེད་ཡོད་ཅིང་། ལེའུ་དང་པོ་སྟེ་བོད་དོན་བདེན་མཐའ་གསལ་ཐབས་སུ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ཚགས་ཚུད་གཏོང་རྒྱུ་དང་། རྒྱ་རིགས་ལ་འབྲེལ་བ་དང་རྒྱ་དམར་གཞུང་གི་གནོད་འཚེ་ཕོག་མཁན་སྡེ་ཁག་ལ་འབྲེལ་འཛུགས། བོད་ཀྱི་ལོ་རྒྱུས་གནས་བབ་ངེས་བརྟན་བཟོ་ཐབས། ༸རྒྱལ་བའི་ཡང་སྲིད་སྐོར་རྒྱ་དམར་གཞུང་གི་གཡོ་བྱུས་ལ་གདོང་ལེན། རྒྱ་དམར་གཞུང་གི་སེམ་འཛུལ་དང་བསླུ་བྲིད་ལ་འགོག་ལེན། བོད་དོན་ཞུ་གཏུག་གི་ནུས་སྟོབས་རྒྱ་བསྐྱེད་བཅས་ཚུད་ཡོད། ལེའུ་གཉིས་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ནང་མང་གཙོ་སྲུང་སྐྱོབ་དང་མང་གཙོའི་ལམ་སྲོལ་ཉམས་ལེན་རྒྱུན་སྐྱོང་། འཛིན་སྐྱོང་གི་བྱེད་སྒོ་མཐའ་དག་ཕྱི་གསལ་ནང་གསལ། གཞུང་མང་དབར་འབྲེལ་ལམ་དམ་ཟབ། འཁོས་ཞན་ལ་ལྟ་སྐྱོང་མ་ལྷག་པ། བུད་མེད་དང་གཞོན་སྐྱེས་ཀྱི་ནུས་སྟོབས་གོང་སྤེལ། སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་ལམ་འཇོག་རྒྱུའི་ལངས་ཕྱོགས། དེ་བཞིན་བོད་མིའི་རུབ་སྡོད་སྤྱི་ཚོགས་འཛུགས་སྐྱོང་དང་།...

བོད་ཀྱི་ལོ་ཙཱ་བའི་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༣༠ ཉིན་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་བོད་ཀྱི་ལོ་ཙཱ་བའི་ཟབ་སྦྱོང་གི་མཇུག་བསྡོམ་མཛད་སྒོའི་ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད་ཅིང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཆེད་ཕེབས་གནང་ཡོད། ཟབ་སྦྱོང་ཐོག་དགོན་སྡེ་ཁག་མི་འདྲ་བའི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་བསྡོམས་ ༡༢ མཉམ་ཞུགས་གནང་ཡོད་པ་དང་ཕལ་ཆེ་བ་ནི་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་རེད། ཟབ་སྦྱོང་དེ་བཞིན་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཐུན་མོང་ནས་མཐུན་འགྱུར་རམ་འདེགས་གནང་བ་ཞིག་དང་། དེ་བཞིན་བོད་ཀྱི་ཐེབས་རྩའི་བརྒྱུད་ཨ་རིའི་གཞུང་ནས་ཀྱང་མཐུན་འགྱུར་གནང་ཡོད།མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་ཕུལ་ཞུས་གྲུབ་མཚམས། ཚོགས་བཅར་བ་གཉིས་ནས་ཟླ་བཅུ་གཅིག་རིང་གི་ལོ་ཙཱ་བའི་ཟབ་སྦྱོང་གི་ཉམས་མྱོང་མཉམ་སྤྱོད་གནང་ཡོད་པ་མ་ཟད། ཟབ་སྦྱོང་གི་ཨིན་ཇིའི་དགེ་རྒན་ཞིག་ནས་ཀྱང་ཟབ་སྦྱོང་ཁྲོད་རང་ཉིད་ལ་བྱུང་བའི་མྱོང་ཚོར་མཉམ་སྤྱོད་གནང་ཡོད། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཡིག་སྒྱུར་གྱི་གལ་གནད་དང་སྒྱུར་མཁན་གྱི་འགན་ཁུར་ཐོག་གསུང་བཤད་གནང་གྲུབ་མཚམས། ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ཟླ་བཅུ་གཅིག་རིང་གྱི་ཟབ་སྦྱོང་ཁྲོད་དགོན་སྡེ་ཁག་མི་འདྲ་བ་དང་ཨིན་སྐད་ཀྱི་ཤེས་ཚད་མི་འདྲ་བའི་ཚོགས་བཅར་བ་ ༡༢ རྣམས་ལ་ཟབ་ཁྲིད་གནང་མཁན་དགེ་རྒན་རྣམས་ནས་ལྷག་བསམ་ཧུར་བསྐྱེད་ཆེན་པོས་སློབ་ཁྲིད་གནང་བར་ཡི་རང་བསྔགས་བརྗོད་ཞུས་ཡོད།དེ་བཞིན་དེ་འདྲ་བའི་ལོ་ཙཱ་བའི་ཟབ་སྦྱོང་འདི་ནི་ཐོག་མ་ཡིན་པ་དང་། ཆོས་རིག་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཆ་ཤས་སུ་གོ་སྒྲིག་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང། དེ་བཞིན་ཟབ་སྦྱོང་གི་དམིགས་ཡུལ་ནི་དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་ཨིན་སྐད་ཀྱི་ཆུ་ཚད་ཡར་རྒྱས་བཏང་སྟེ་ནང་བསྟན་ཨིན་སྐད་ཐོག་སྒྱུར་བར་ཞབས་འདེགས་གྲུབ་རྒྱུ་དང་བོད་སྐད་མ་ཤེས་པའི་མི་རིགས་རྣམས་ལ་ནང་བསྟན་འགྲེལ་བརྗོད་གནང་ཆེད་དུ་ཡིན་པ་གསུངས། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཟབ་སྦྱོང་ལས་ཐོབ་པའི་ཤེས་རྒྱ་དག་ལས་ཚན་རིག་པ་དང་བྱེ་བྲག་ཏུ་ནང་ཆོས་དང་ཚན་རིག་པར་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་སྦྱངས་ཤེས་ཐུབ་པ་དགེ་ཚན་ཆེན་པོ་ཡོད་པ་གསུངས། མཐར་བཀའ་བློན་མཆོག་གིས་ཚོགས་བཅར་བ་རྣམས་ནས་ཟབ་སྦྱོང་ལས་ཐོབ་པའི་ཤེས་བྱ་ཡོན་ཏན་རྣམས་རྒྱུན་སྐྱོང་དང་མུ་མཐུད་ཡར་རྒྱས་གཏོང་སླད་འབད་བརྩོན་གནང་དགོས་པའི་སྐུལ་འདེད་གནང་ཡོད། ཐེངས་འདིའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་ཕྱི་ཟླ་ ༩ ཚེས ༣༠ འཛམ་གླིང་སྐད་སྒྱུར་ཉིན་མོ་དང་བསྟུན་གོ་སྒྲིག་གནང་བ་ཞིག་ཡིན་པ་བཅས། །

རྒྱང་རྒྱུག་དང་གོམ་བགྲོད་གནང་སྟེ་བོད་ཀྱི་གནད་དོན་ཐད་ངོ་སྤྲོད་གནང་པ།

བོད་མི་ཚོས་རྒྱང་རྒྱུག་དང་གོམ་བགྲོད་གནང་སྟེ་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་པ།

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

རྩོམ་པ་པོ། གནམ་ལོ་ཡག (ཨོ་སི་ཐྲི་ལི་ཡ) ལྷ་མོ་མཚོས་རྒྱ་ཡིག་ནས་བསྒྱུར། སྔ་མོ་ནས་བཟུང་། གོང་མ་ཆན་ལུང་གི་དུས་སྐབས་སུ་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱས་པའི་སྐོར་གྱི་བགྲོ་གླེང་མང་ཆེ་བ་ནི་ཆབ་སྲིད་ཀྱི་དབང་ཆ་ རེད། དེའིི་ནང་དུ་དེང་དུས་ཀྱི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཀའ་རྒྱ་ཨང་ལྔ་པ་སྟེ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ངོས་འཛིན་དོ་དམ་བྱེད་སྟངས་》 ཞེས་པ་དེ་ཡང་འདུས།) དང་། ཆིན་རྒྱལ་ཁབ་ཆེན་མོ་དང་མངའ་འོག་གི་རྒྱལ་ཕྲན་དབར་གྱི་འབྲེལ་བ། དེ་བཞིན་རྒྱལ་ཁབ་སྐྱོང་ཚུལ་སོགས་ཀྱི་དེང་རབས་ཆབ་སྲིད་རིག་པའི་སྒྲོམ་གཞིའི་ནང་གཙོ་བོ་བཏོན་ཡོད། འོན་ཀྱང་། གལ་ཏེ་དུས་རབས་བཅོ་བརྒྱད་པའི་ཆིན་རྒྱལ་ཁབ་ཆེན་མོ་དང་བོད་བརྒྱུད་ནང་བསྟན་གཉིས་ཀྱིས་མཉམ་དུ་གྲུབ་པའི་ལོ་རྒྱུས་ཀྱི་གནས་སྟངས་ལ་ཕྱིར་ལྟ་བྱེད་པ་དང་། ཉེ་བའི་ལོ་ཤས་རིང་ཡུས་ལིང་ (裕陵) ས་འོག་གི་བང་སོ་ནས་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་སྦྲགས་ཏེ་ལམ་ལུགས་འདི་ལ་བསྐྱར་དུ་བརྟག་དཔྱད་བྱས་ཚེ། དེའི་བྱུང་རིམ་གྱི་རྒྱབ་ལྗོངས་ལ་འགྲེལ་བཤད་གཞན་ཞིག་བྱེད་དགོས་སྲིད། ས་འོག་ཏུ་ཡོད་པའི་ཆན་ལུང་གི་བང་སོའི་ནང། བོད་སྐད་དུ་བཞུགས་པའི་ནང་བསྟན་གྱི་མདོ་དང་སྔགས་ཡིག་གྲངས་མང་པོ་བཞུགས། དེ་དག་ནི་ཆན་ལུང་གོང་མའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་མོས་རྟོགས་པར་རིན་ཐང་ཆེ་བའི་དངོས་ཡོད་ཀྱི་ཡིག་ཚང་ཞིག་ཡིན། གསེར་བུམ་ནི་སྲིད་འཛིན་གྱི་ལམ་ལུགས་ཤིག་ཙམ་མ་ཡིན་པར། ཆོས་ལུགས་ཀྱི་གོ་དོན་ཟབ་མོ་ལྡན་པའི་དད་མོས་སྲུང་སྐྱོབ་ཀྱི་བཀོད་སྒྲིག་ཅིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་བླ་མའི་ (སྤྲུལ་སྐུའི་) ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་རྩ་ཆེའི་རང་བཞིན་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ལ། དེ་ནི་བོད་ཀྱི་བླ་མ་རྣམས་ཀྱིས་ཆིན་རྒྱལ་ཁབ་ཆེན་མོའི་རྒྱལ་ཁམས་དར་ཞིང་རྒྱས་པར་མུ་མཐུད་དུ་སྐྱབས་འཇུག་གནང་ཐུབ་པའི་བསམ་པའི་དོན་གཉེར་ཞིག་ཀྱང་ཡིན། ཕྱོགས་འདི་ནས་བལྟས་ཚེ། ཆན་ལུང་གི་མཛད་པ་དེ་ནི་ཆོས་ལུགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་གསར་གཏོད་བྱས་པ་མ་ཡིན་པར། བོད་ཀྱི་སྔར་ཡོད་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་དང་པོར་ཟན་རིལ་བསྒྲིལ་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ཆོ་ག་དེ། གོང་མ་ཚང་གིས་ཕུལ་བའི་གསེར་བུམ་བརྒྱུད་ནས་ལེགས་བཅོས་དང་ཆོ་གའི་རྣམ་པར་བསྒྱུར་ཏེ། དེ་ལ་ཆོས་ལུགས་ཀྱི་མཚོན་དོན་གྱི་གནས་རིམ་སྔར་ལས་མཐོ་བ་ཞིག་སྤྲད་པ་ཡིན་ཞིང་། དེ་བཞིན་ཡུས་ལིང་ས་འོག་བང་སོས་མཁོ་སྤྲོད་བྱས་པའི་དཔང་རྟགས་གསར་པས་ར་སྤྲོད་བྱས་པ་ལྟར། “ཡང་སྲིད་རྫུན་མ་” འབྱུང་བ་སྔོན་འགོག་བྱེད་པའི་ཆེད་དུ་ཡིན། ཡུས་ལིང་ས་འོག་གི་བང་སོས་སྤྲད་པའི་དཔང་རྟགས་གསར་པ། ཡུས་ལིང་ས་འོག་ཏུ་ཡོད་པའི་ཆན་ལུང་གི་བང་སོ་དེའི་ཁྱད་ཆོས་ཆེ་ཤོས་ནི་ཁང་པའི་ཆེ་ཆུང་དང་བཟོ་བཀོད་ཙམ་མ་ཡིན་པར། དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་དཔེའི་ཁེངས་ཡོད་པ་དེ་ཡིན་པ་རེད།...

སྐབས་ ༡༧ པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་བཞེངས་ཕྱོགས། ལས་དོན་རྩ་འཛིན་བཅས་དབུ་འབྱེད་གནང་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༧ པའི་བཀའ་ཤག་གི་མ་འོངས་བོད་ཀྱི་འགན་སྲུང་ཞེས་བོད་དོན་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་བཅས་དོན་ཚན་ཆེ་ཁག་གསུམ་གྱི་སྐོར་འཁོད་པའི་འཛིན་སྐྱོང་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ། བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་དེ་དང་། བཀའ་ཤག་གི་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན། དེ་བཞིན་འཛིན་སྐྱོང་གི་ལས་དོན་བཅས་དང་སྤྱི་ཡོངས་ཀྱི་བཞེངས་ཕྱོགས་ཡིག་ཆ། དེ་བཞིན་ལས་ཁུངས་ཁག་གི་ལས་དོན་བྱེད་སྒོའི་རྩ་འཛིན་བཅས་གནད་འགག་ཆེ་བའི་ཡིག་ཆ་གསུམ་དབུ་འབྱེད་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། དེ་བཞིན་སྲིད་ཞུ་ལས་བྱེད་པ་ཡོངས་རྫོགས་ལྷན་འཛོམས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བཀའ་ཤག་གིས་ཡིག་ཆ་གསུམ་པོ་དབུ་འབྱེད་དང་གསལ་བཤད་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་འགོ་བཙུགས་ནས་ལོ་ ༢ ལྷག་ཙམ་གྱི་མཚམས་ལ་སྐབས་དེའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གནང་བའི་ཁྲོད། སྐབས་དེའི་བཀའ་བློན་རྣམ་པ་གསུམ་དང་ལས་བྱེད་པ་བཅས་ཚང་མས་མཐུན་འགྱུར་གྱི་འོག་ནས་བསྒྲུབ་བྱེད་ཀྱི་དམིགས་ཡུལ་རྣམས་མི་དམན་ཙམ་བསྒྲུབས་ཐུབ་ཡོད་པ་དང་། ད་ལྟ་བཀའ་ཤག་སྐབས་ ༡༧ པའི་ལས་དོན་འགོ་བཙུགས་པ་ནས་བཟུང་སྟེ་འཛིན་སྐྱོང་བཀའ་ཤག་དང་ལས་བྱེད་པ་བཅས་ཚང་མ་བསམ་བློ་གཅིག་པ་གནས་པའི་ཐོག་ནས་ཕྱག་ལས་གནང་རྒྱུར་དམིགས་ཏེ་ད་རེས་ཕུགས་དམིགས་ཡིག་ཆ་དེ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་ལྡན་གྱི་ཕྱག་ལས་དང་འགན་ཁུར་བླང་ཕྱོགས་ལ་ཐུགས་ཕན་གསོ་ཡག་སླད་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དང་ལས་དོན་བྱེད་སྒོའི་རྩ་འཛིན་ཡིག་ཆ་དེ་དག་འདོན་སྤེལ་དབུ་འབྱེད་གནང་གི་ཡོད་སྐོར་དང་འབྲེལ། ང་ཚོ་ཚང་མས་དང་ཐོག་མི་མང་གི་ཞབས་སྤྱི་ཞུ་མཁན་ཡིན་པའི་བསམ་བློ་དེ་དགོས་གལ་ཡིན་པ་དང་། གཞུང་ཞབས་ཡིན་པའི་ཆ་ནས་ལས་འགན་བཀོད་སྒྲིག་གང་དུ་བྱས་པ་དེར་ལས་འགན་འཐུད་གཙང་སྒྲུབ་དགོས་པའི་བསམ་བློ་གཅིག་པ་འཁྱེར་དགོས་གལ་ཡིན་པ་གསུངས་སོང་། དེ་རྗེས་སྲིད་སྐྱོང་མཆོག་གིས་ཡིག་ཆ་ཞིབ་ཕྲ་འགྲེལ་བཤད་བསྐྱོན་པའི་སྐབས་སུ། རྩ་བའི་ཡིག་ཆའི་ཁྱོན་ཡོངས་ཀྱི་སྒྲོམ་གཞི་གཅིག་པ་ཡིན་པ་དང་། སྐབས་ ༡༧ པའི་བཀའ་ཤག་གི་ལས་གཞི་དང་བསམ་གློ་གསར་པ་རྣམས་འཁོད་ཡོད་སྐོར་དང་འབྲེལ། ཡིག་ཆ་འདི་བོད་མི་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གནང་བའི་སྐབས་སུ་ཡིག་ཆ་ཕུལ་ཡག་གཙོ་བོ་གཅིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་བཀའ་ཤག་གི་ངོས་ནས་དེ་སྔ་སྐབས་ ༡༦ པའི་བཀའ་ཤག་དང་གཅིག་མཚུངས་ཀྱི་ལས་དོན་གང་སྤེལ་བ་རྣམས་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་བྱེད་རྒྱུའི་རྩ་བའི་དམ་བཅའ་གཅིག་པ་ཡིན་པ་གསུངས་སོང་། དེ་རིང་སྲིད་སྐྱོང་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རིམ་བྱེད་སྒོའི་སྐོར་གསུང་སྐབས། མ་འོངས་པར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ལས་དོན་རྒྱ་ཆེ་རུ་གཏང་རྒྱུ་དང་། དེའང་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་གཅིག་པོ་མ་ཡིན་པར་མ་འོངས་པར་རྒྱ་ནག་ནང་གནས་ཚུལ་ག་རེ་འབྱུང་སྲིད་པ་ལ་གཞིགས་པའི་གནས་སྟངས་རེ་རེའི་འོག་ནས་བོད་དང་བོད་མིར་ཁེ་ཕན་དང་གདོང་ལེན། གོ་སྐབས་སྔོན་དཔག་བྱ་རྒྱུ་དང་འབྲེལ་བའི་ཉམས་ཞིབ་བཅས་ལས་དོན་མང་རུ་གཏང་རྒྱུ་ཡིན་པ་གསུངས་སོང་།...

བགྲང་བྱ་ ༦༩ རྗེས་བོད་ནང་གི་ཞི་རྒོལ་དང་བོད་མི་གཞོན་སྐྱེས་ཀྱི་འགན་འཁུར་ལ་སྐྱར་དྲན།

༡༩༨༧ ལོའི་མི་རབས་གསར་པའི་ཞི་རྒོལ་སྐབས་བོད་འབྲས་སྤུངས་དགོན་པ་ནས་མཉམ་ཞུགས་གནང་མཁན། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས། ཕྱི་ལོ་ ༡༩༨༧ ནས་ ༢༠༠༨ བར་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་གི་སྐབས། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ གྱི་བོད་ནང་གི་ཞི་རྒོལ་ལས་འགུལ་དངོས་ཀྱི་རྣམ་པ་ཕྱིར་དྲན་འདི་ལྟར་གནང་གི་འདུག དེ་ཡང་ཁོང་གིས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་གྱི་ཐོག་མའི་སྐད་འབོད་སྐབས་ཀྱི་རྣམ་པ་དང་སྐབས་དེའི་གནས་སྟངས་ངོ་སྤྲོད་གནང་སྐབས། ལྷ་སའི་བར་སྐོར་ནང་སྐད་འབོད་དང་པོ་འགོ་བཙུགས་དུས་གཞོན་པ་ཚོས་ག་རེ་ཟེར་གྱི་ཡོད་མིན་གསལ་པོ་མི་ཤེས་པ་དང་། རྒན་པ་ཚོས་བོད་རང་བཙན་ཞེས་ཐོས་པ་དང་གནས་ཚུལ་ཤེས་ཀྱང་། ལམ་སེང་མཉམ་ཞུགས་གནང་མ་ཐུབ་ནས་ལམ་ཟུར་དུ་མིག་ཆུ་གཏོང་བཞིན། ད་འགྲིག་སོང་ཞེས་ལས་འགུལ་མཚམས་འཇོག་གནང་རོགས་ཞེས་ཞུ་མཁན་བྱུང་...

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ནས་བོད་ནང་གི་གནད་དོན་དང་འཛམ་གླིང་གི་འགྱུར་འགྲོས། རྒྱ་ནག་གི་གནས་བབ་སོགས་ཀྱི་ཐད་ལ་གླེང་སློང་གནང་འདུག The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས། appeared first on བོད་ཀྱི་དུས་བབ།.

དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་ཀྱིས་ལས་འཁྱུར་ངལ་གསོ་བྱས།

ཨེ་མོ་རི་བྱམས་བརྩེའི་ལྟེ་གནས་ཁང་གསར་འཛུགས་གནང་མཁན་དང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་ལས་འཁྱུར་ངལ་གསོ་བྱས། The post དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་ཀྱིས་ལས་འཁྱུར་ངལ་གསོ་བྱས། appeared first on བོད་ཀྱི་དུས་བབ།.

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

བོད་ཀྱི་མེ་ལྕེ་གསོན་པོར་གནས་ཐོག་བོད་ལ་ཨ་རི་ནང་བཞིན་རང་དབང་རང་བཙན་ཐོབ་པའི་རེ་བ་ཡོད་ཅེས་གསུངས་འདུག

རྒྱ་ནག་ནང་དབང་པོ་བཙན་འཕྲོག་གི་བྱ་སྤྱོད་འགོག་པའི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་མས་གཏན་འབེབས་བྱས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་པའི་བཙོན་པ་ཚོའི་དབང་པོ་བཙན་འཕྲོག་བྱེད་བཞིན་པ་དེ་བཀག་འགོག་བྱེད་ཆེད་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་འདུག་པ་དང་། གལ་སྲིད་ཁྲིམས་ཡིག་དེ་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་ཚེ་རྒྱ་ནག་གི་འགོ་ཁྲིད་མང་པོ་ཞིག་ལ་ཉེས་ཆད་ཕོག་རྒྱུ་ཡིན་འདུག The post རྒྱ་ནག་ནང་དབང་པོ་བཙན་འཕྲོག་གི་བྱ་སྤྱོད་འགོག་པའི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་མས་གཏན་འབེབས་བྱས། appeared first on བོད་ཀྱི་བང་ཆེན།.

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་རྒྱ་གཞུང་ནས་ཡ་ལན་བྱས་པ་མཐོང་མ་སོང་ཞེས་བརྗོད།

ཕྱི་ལོ་༢༠༢༦ ཟླ་༩ ཚེས་༣༠ ཉིན་གྱི་ཞོགས་པར། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རི་ཨན་མཱ་སི་ཊི་ (Brian Mast) མཆོག་གིས་དབུ་ཁྲིད་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་བྷི་རི་ཨན་མཱ་སི་ཊི་ The post བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་རྒྱ་གཞུང་ནས་ཡ་ལན་བྱས་པ་མཐོང་མ་སོང་ཞེས་བརྗོད། appeared first on བོད་ཀྱི་བང་ཆེན།.

བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་གནང་སོང་།

སྲིད་སྐྱོང་མཆོག་གིས་ལས་བྱེད་ཚང་མས་རང་ཉིད་ཀྱི་མི་མང་གི་ཞབས་ཕྱི་ཞུ་མཁན་ཡིན་པའི་བསམ་བློ་དང་པོར་འཛིན་དགོས་སྐོར་གསུངས་སོང་།  The post བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་གནང་སོང་། appeared first on བོད་ཀྱི་དུས་བབ།.