Tibetan
སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བ...
༄༅། །སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ནང་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་ལག་བསྟར་བྱ་རྒྱུ་ཡིན་པར་ངོ་རྒོལ་ཤུགས་ཆེ་གནང་ཡོད། སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁྲིམས་ཡིག་འདིའི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་གནོད་འཚེ་བཏང་ངེས་ཡིན་པ་དང་། རྒྱ་ནག་ཀྲུང་ཧཱ་མི་མང་གཙོ་བོར་བཟུང་བའི་ཐོག་རྒྱལ་ཁབ་ཀྱི་ངོ་བོ་སྲ་བརྟན་དུ་གཏོང་གི་ཡོད་པར་ནན་བརྗོད་དང་སྦྲགས། འདི་ནི་མཐུན་སྒྲིལ་གྱི་ཐབས་ལམ་ཞིག་ཏུ་མ་ཡིན་པར་དེ་ལས་ལྡོག་སྟེ་བཙན་ཤེས་ཀྱིས་མི་རིགས་རྩ་མེད་བཟོ་ཐབས་དང་། བོད་པའི་ངོ་བོ་འཆར་གཞི་ལྡན་པའི་ཐོག་རྩ་མེད་གཏོང་བྱེད་ཀྱི་ལག་ཆ་ཞིག་ཡིན་པར་ངོས་འཛིན་གནང་ཡོད། སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁྲིམས་གསར་འདིའི་འོག་ཤེས་ཡོན་དང་མི་མང་གི་འཚོ་བར་གཞུང་གི་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དེ། རྒྱ་ནག་གི་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གཏན་སྡོད་སློབ་གྲྭའི་ལམ་ལུགས་འོག་ཁྱིམ་ཚང་དང་ཁ་བྲལ་བཏང་ཟིན་པའི་བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་གྱི་གནས་སྟངས་ཇེ་སྡུག་ཏུ་གཏང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཞིང་། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ཐ་ན་བུ་བཅོལ་ཁང་གི་བོད་ཕྲུག་ཡིན་ཆད་ལ་དམར་ཤོག་དང་བཅིངས་འགྲོལ་དམག་ལ་བསྟོད་བསྔགས་བྱེད་པའི་དྲིལ་བསྒྲགས་གྱི་སློབ་གསོ་སྤྲོད་བཞིན་པ་འདི་དག་ནི་བོད་པའི་མི་རབས་གཞོན་པ་ནས་འགོ་འཛུགས་ཀྱིས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བའི་ཐབས་ཤེས་ཤིག་ཡིན་པ་བརྗོད་ཡོད། ཚོགས་པའི་བསྒྲགས་གཏམ་ནང་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཊི་ཡ་ན་མོ་སེར་ (Tiana Moser) ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་ལི་ཨོ་ནོར་བྷོར་གྷེ་སི་ (Léonore Porchet) ལགས། གྲོས་ཚོགས་འཐུས་མི་ཕ་བི་ཡན་མོ་ལི་ན་ (Fabian Molina) ལགས། མངའ་སྡེ་གྲོས་ཚོགས་འཐུས་མི་མ་ཇ་གྷི་རབ་ (Maya Graf, National Councilor) ལགས་བཅས་ནས་སུད་སི་ནས་རྒྱལ་སྤྱིའི་ཚོགས་སྡེ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནང་ཁྲིམས་ཡིག་ལ་ངོ་རྒོལ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ནས་ཁྲིམས་གསར་འདིའི་འོག་བོད་དང་།...
མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།
རྩོམ་ཁུངས། བོད་ཀྱི་དུས་བབ། རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། (གསར་འགོད་པ།) ——“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་” ཟེར་བར་ཆབ་སྲིད་ཀྱི་དབྱེ་ཞིབ་དང་དགག་གཞག གླེང་གཞི། མཐུན་སྒྲིལ་གྱི་ཁ་གཡར་ས་དང་བཙན་སྐུལ་གྱི་དངོས་ཡོད། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་ནས། རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་ཁྲིམས་ལུགས་ཀྱི་གོས་བཟང་གཡོགས་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་” ཟེར་བ་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཀྱི་ཡོད། མིང་སྙན་པོ་ལྷན་དུ་གྲགས་པའི་ཁྲིམས་ཡིག་འདིའི་རྒྱབ་ལྗོངས་སུ། བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། མི་རིགས་ཀྱི་ངོ་བོ་བཅས་རྩ་མེད་གཏོང་རྒྱུའི་ཆབ་སྲིད་ཀྱི་ཇུས་ངན་གཏིང་ཟབ་ཅིག་སྦས་ཡོད། འདི་ནི་ “མཐུན་སྒྲིལ་” མ་རེད་ལ། “ཡར་ཐོན་” ནི་དེ་བས་ཀྱང་མ་རེད། འདི་ནི་བཙན་ཤུགས་ལ་བརྟེན་ནས་བོད་རིགས་རྒྱ་རིགས་ཅན་དུ་སྒྱུར་བའི་གཞན་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཁྲིམས་མཐུན་བཟོས་པ་ཞིག་རེད། དོན་དངོས་ཐོག་རྒྱ་ནག་གུང་ཁྲན་ཏང་གིས་སྤེལ་བཞིན་པའི་མི་རིགས་གཏོར་བཤིག་གི་ལས་འགུལ་འདི་བོད་གཅིག་པུའི་ཐོག་ཏུ་སྤེལ་བ་ཞིག་མ་རེད། ཉེ་བའི་ལོ་ཤས་རིང་ཤར་ཏུར་ཀིསྟན་ (ཡུ་གུར་) ནང་དུ་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་ཁ་གཡར་སའི་འོག་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་ལྷག་བཙན་བྱོལ་ལ་གྱར་བ་དང་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་ནས་ཆོས་ལུགས་དང་རིག་གཞུང་རྩ་མེད་བཟོས་ཡོད་པ་མ་ཟད། ལྷོ་སོག་ (ནང་སོག་) ནང་དུའང་སོག་པོའི་ན་གཞོན་ཚོའི་ཕ་སྐད་དང་ཡི་གེ་སློབ་ཁྲིད་བྱེད་རྒྱུ་བཀག་སྡོམ་གྱིས་རྒྱ་ཡིག་རྒྱ་སྐད་བཙན་གྱིས་སྤེལ་ཏེ་སོག་པོ་མི་རིགས་ཀྱི་ངོ་བོ་ཤུགས་ཀྱིས་མེད་པ་བཟོས་ཡོད། ད་ལམ་གྱི་ཁྲིམས་ཡིག་གསར་པ་འདི་ནི་ཡུ་གུར་དང་སོག་པོའི་ནང་དུ་ལག་བསྟར་བྱས་ཟིན་པའི་མི་རིགས་རྩ་མེད་ཀྱི་ཇུས་ངན་དེ་ཉིད་བོད་ནང་དུ་ཁྲིམས་ལུགས་ཀྱི་མིང་ཐོག་ནས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་མཐའ་མའི་གདུག་རྩུབ་ཀྱི་གོམ་པ་ཞིག་རེད། སྲིད་ཇུས་ཀྱི་རྩ་བའི་དམིགས་ཡུལ།...
ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།
རྒྱ་རིགས་ཚོང་པ་ཆེན་པོ་ཀོ་ཝན་ཀོའུ་ཡིས་ཨ་སྒོར་ཐེར་འབུམ་ ༡ ལྷག་གཡོ་ལེན་བྱས་པའི་ནག་ཉེས་འོག་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག The post ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད། appeared first on བོད་ཀྱི་དུས་བབ།.
རྒྱ་རིགས་ཕྱུག་བདག་གོ་ཝུན་ཀུའེ་ལ་ཨ་རིའི་ནང་ལོ་༣༠ ཡི་ཁྲིམས་ཐག་བཅད་འདུག
རྒྱ་ནག་གི་ཕྱུག་བདག་གོ་ཝུན་ཀུའེ་ཨ་རིའི་ནང་མི་གཞན་ནས་རང་གི་དཔལ་འབྱོར་གསོག་སྒྲུབ་ཆེད་མགོ་སྐོར་བསླུ་བྲིད་བཏང་བའི་ཉེས་མིང་འོག་ཁ་སང་གཟའ་ཟླ་བའི་ཉིན་མི་ལོ་༣༠ བཙོན་འཇུག་ཁྲིམས་ཆད་ཕོག་འདུག The post རྒྱ་རིགས་ཕྱུག་བདག་གོ་ཝུན་ཀུའེ་ལ་ཨ་རིའི་ནང་ལོ་༣༠ ཡི་ཁྲིམས་ཐག་བཅད་འདུག appeared first on བོད་ཀྱི་བང་ཆེན།.
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ནེ་ཛུའི་ལཱའི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ནེ་ཛུའི་ལཱའི་ས་གནས་སུ་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད། དེ་ཡང་གསུང་འཕྲིན་ནང་འཁོད་དོན། ཝེ་ནེ་ཛུ་ལའི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཁྲོད་ཚེ་སྲོག་ཤོར་བ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པར་ཐུགས་ཕམ་བྱུང་ཞེས་དང་། ས་ཡོམ་ཁྲོད་རྐྱེན་འདས་སུ་འགྱུར་མཁན་རྣམས་ལ་བསྔོ་སྨོན་དང་། དོ་ཕོག་ཐེབས་མཁན་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་བཞིན་ཡོད་ཅེས་དང་། མགོན་པོ་གང་ཉིད་མཆོག་གིས་སྤྱིར་ང་ཚོ་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པས། ང་ཚོས་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་ཐོག་ནས་ཕན་ཚུན་རམ་འདེགས་དང་རྒྱབ་སྐྱོར་བྱེད་པར་འགན་ཁུར་གྱི་འདུ་ཤེས་ཤིག་ཡོད་ལ། ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་རྒྱལ་སྤྱིའི་མྱུར་སྐྱོབ་ལས་བྱེད་མང་དག་ཅིག་གིས་རོགས་འདེགས་བྱེད་མུས་ཡིིན་པ་ཤེས་རྟོགས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཕྱི་ལོ་ ༡༩༩༢ ལོར་ཝེ་ནེ་ཛུ་ལཱར་ཉིན་གྲངས་བཞིའི་རིང་ཆིབས་བསྒྱུར་གནང་སྐབས་ས་གནས་ཀྱི་ཁྱབ་ཁོངས་འདྲ་མིན་གྱི་མི་སྣ་ཚོས་བྱམས་བརྩེ་དང་། སྙིང་རྗེ། ཆོག་ཤེས། ཚུལ་ཁྲིམས། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་རིན་ཐང་ལ་དགའ་མོས་དང་གདེང་འཇོག་ཆེན་པོ་གནང་བའི་རྣམ་པ་དེ་དག་ད་ལྟའང་ཐུགས་དྲན་གསོ་གསལ་པོ་གནང་གི་ཡོད་པ་མ་ཟད། མི་མང་གི་བསམ་བློའི་ནུས་པ་དང་བྱམས་བརྩེའི་སྙིང་སྟོབས་དེས་ད་ལྟའི་དཀའ་ངལ་ཆེན་པོ་འདི་ལས་འགྲོལ་ཐུབ་པའི་ཐུགས་རེ་དང་ཐུགས་སྨོན་གནང་གི་ཡོད་པ་གསུང་འཕྲིན་ནང་འཁོད་ཡོད། །
ཨ་རིའི་གྲོས་ཚོགས་འཐུས་མི་གོང་མ་རྣམ་གཉིས་ནས་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད།
༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌ་སེ་གྷརམ་ (Lindsey O. Graham) ལགས་དང་མང་གཙོ་ཚོཊ་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཤེལ་ཌོན་ཝཡེཊ་ཧའོསི་ (Sheldon Whitehouse) ལགས་རྣམ་གཉིས་ཀྱིས་ཨ་རིའི་རྒྱལ་སར་གནས་འཁོད་རྒྱ་ནག་གཞུང་ཚབ་པ་ཞེ་ཧྥེང་( Xie Feng) ལ་ཕྱག་བྲིས་ཤིག་གནང་སྟེ། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཐུགས་འཚབ་བསྟན་པ་དང་སྦྲགས། བོད་མི་དང་ཡུ་གུར། སོག་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་། ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཉེན་ཁ་བཟོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད། དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་གཉིས་ཀྱིས་ཡུ་རོབ་མཐུན་ཚོགས་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་ཁྲིམས་ཡིག་དེར་ངོ་རྒོལ་གྱིས་སྐྱོན་བརྗོད་བྱེད་པར་མོས་མཐུན་གྱིས། རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་དེར་ཕྱིར་འཐེན་བྱ་དགོས་པ་དང་ཡང་ན་བསྐྱར་བཅོས་དགོས་པའི་སྐུལ་མ་བཏང་ཡོད། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་ཡིག་དེར་ལག་བསྟར་བྱེད་ཕྱོགས་དང་བྱེ་བྲག་ཏུ་གྲངས་ཉུང་མི་རིགས་དང་། རྒྱ་ནག་གི་ཕྱི་ལོགས་སུ་གནས་པའི་མི་སྒེར་ལ་དོ་ཕོག་ཇི་ཞིག་འཐེབ་མིན་ཐོག་ལྟ་ཞིབ་ནན་པོ་བྱ་རྒྱུ་ཡིན་པ་གསུངས། ཕྱག་བྲིས་ནང་གསལ་སྟོན་བྱས་པའི་སེམས་འཚབ་ཀྱི་གནད་དོན་གཙོ་བོ་ནི་ཁྲིམས་ཡིག་འདིའི་དོན་ཚན་ ༦༣ པ་དེ་ཡིན་ཞིང། དེའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རིལ་གྱི་སྒྲིག་འཛུགས་དང་མི་སྒེར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ལ་གཏོར་བརླག་གཏོང་བ་དང་མི་རིགས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་རིགས་ལ་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ་ཞེས་པ་དེའི་ཐོག་ཡིན་ཞིང་། གྲོས་ཚོགས་གོང་མ་རྣམ་གཉིས་ནས་གལ་ཏེ་རྒྱ་ནག་གཞུང་གིས་དོན་ཚན་འདིའི་འོག་ནས་ཨ་རིར་གནས་སྡོད་སྒྲིག་འཛུགས་དང་མི་སྒེར་ལ་སོ་ལྟ་དང་། འཇིགས་སྐུལ། ཡང་ན་གནོན་ཤུགས་སོགས་ཀྱི་བྱ་སྤྱོད་གང་རུང་བརྩམས་ཚེ། དེ་ནི་ཨ་རིའི་བདག་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པས་ནན་ཡང་ཁས་ལེན་བྱེད་ཐབས་མེད་ཅེས་གསུངས། དེ་བཞིན་ཕྱག་བྲིས་ནང་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་རྒྱ་ནག་གཞུང་གིས་མཐར་ལྷུང་རིང་ལུགས་དང་ཁ་བྲལ་རིང་ལུགས་ལ་ཁ་གཡར་གྱིས་ཆོས་དད་རང་དབང་ལ་བཀག་སྡོམ་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་ཅིང་། དེའི་ནང་ཆོས་དད་ལ་དམ་བསྒྲགས་དང་། བཙན་གྱིས་རྒྱལ་ཞེན་སློབ་གསོ་སྤྲོད་པ། དེ་བཞིན་སྤྱི་ཚོགས་ནང་སོ་སོའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་རིག་གཞུང་དོར་བའམ་ཉམས་དམས་སུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་པ་སོགས་ཀྱི་བྱེད་ཐབས་ཚུད་ཡོད་པ་དང་། དེའི་བརྒྱུད་བོད་བརྒྱུད་ནང་བསྟན་དང་། ཁ་ཆེ།...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་ས་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བསྐོང་ཚོགས་གནང་བའི་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད་ཅིང་། ཚོགས་འདུའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་མཛད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐོག་གཏན་འབེབས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དབུ་མའི་ལམ་བརྒྱུད་བོད་རྒྱ་འབྲེལ་མོལ་གྱི་ཕུགས་དམིགས་ཐོག་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་ཁྱོན་ ༥༠ ལྷག་འདུ་འཛོམགས་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་རྒྱ་འབྲེལ་བའི་གནས་བབས་དང་། དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་དུས་དང་འཚམ་པ་ཞིག་ཡིིན་པ་བསྐྱར་ནན་གནང་བ་མ་ཟད། ཞི་བདེ་དང་གཉིས་སྨན་གྱི་ཐོག་ནས་བོད་དོན་ཐོག་ཐག་གཅོད་ཡོང་སླད་རྒྱུན་མཐུད་འབྲེལ་མོལ་བྱ་རྒྱུ་ནི་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ཐུགས་འཚབ་དང་འབྲེལ། ཁྲིམས་གསར་འདིའི་བརྒྱུད་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པར་སྲུང་སྐྱོབ་ལ་ཚབས་ཆེ་བའི་ཉེན་ཁ་བསྐྲུན་བཞིན་པ་གསུངས་ཡོད། །
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་གི་...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༦ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བགྲེས་གཞོན་རྣམ་པ་གཉིས། ཟབ་ཁྲིད་གནང་མཁན་གཙུག་ལག་རབ་འབྱམས་པའི་སློབ་དཔོན་དང་། རིག་གནས་རབ་འབྱམས་པའི་སློབ་དཔོན་བགྲེས་གཞོན། དེ་བཞིན་སློབ་སྡེ་ཁག་གསུམ་གྱི་གཞི་རིམ་བར་མ་དང་འོག་མའི་དགེ་རྒན་གྲངས་ ༤༨ བཅས་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་སོང་། དེ་ཡང་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་དང་འབྲེལ་ཟབ་སྦྱོང་ཁྲོད་ཟབ་ཁྲིད་ཇི་ཞིག་གནང་སྐོར་བཅས་ཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་གནང་གྲུབ་མཚམས་བོད་པའི་སློབ་སྡེ་ཁག་གསུམ་གྱི་གཞི་རིམ་བར་མ་དང་འོག་མའི་ཚོགས་བཅར་བ་དགེ་རྒན་བཞི་ནས་ཉིན་གྲངས་བཅུའི་རིང་ཟབ་སྦྱོང་གི་མྱོང་ཚོར་དང་བསམ་ཚུལ་མཉམ་སྤྱོད་དང་འབྲེལ། ཟབ་སྦྱོང་རིང་བོད་ཀྱི་བརྡ་སྤྲོད་དང་། ལོ་རྒྱུས། གཞུང་ཡིག ཡིག་གཟུགས་བཅས་ཀྱི་ཐོག་སྦྱང་རྒྱུའི་གོ་སྐབས་བྱུང་བར་ཕན་ནུས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ཟབ་ཁྲིད་གནང་མཁན་དགེ་རྒན་གཙོས་པས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་ནས་གསུང་བཤད་གནང་དོན། དགེ་རྒན་གྱི་ལས་འགན་ནི་ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན་པ་དང་། དགེ་རྒན་ཚོས་སློབ་མ་རྣམས་ལ་སློབ་ཁྲིད་གནང་སྐབས་སློབ་མའི་མ་འོངས་མདུན་ལམ་དང་བོད་རྩ་དོན་ཐོག་བསམ་བློ་གཏང་ཕྱོགས་ཐད་སློབ་གསོ་བསྐྱོན་དགོས་པའི་ནན་བརྗོད་དང་སྦྲགས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱེད་པ་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་རྒྱུ་ཡིན་སྐོར་དང་འབྲེལ་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས་བོད་པའི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་གནང་དགོས་གལ་ཡིན་པ་བཅས་གསུངས། དེ་རྗེས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ཟབ་ཁྲིད་པ་རྣམ་པར་ཕྱག་རྟགས་དང་ཚོགས་བཅར་དགེ་རྒན་རྣམས་ལ་ཕྱག་འཁྱེར་ཕུལ་གྲུབ་རྗེས། ཤེས་རིག་བཀའ་བློན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་དེ་བཞིན་ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམ་པ་ཚོའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་སླད་དུ་དམིགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཟབ་སྦྱོང་ཐོག་ཕེབས་པའི་དགེ་རྒན་རྣམས་ནས་མྱོང་ཚོར་མཉམ་སྤྱོད་སྐབས་ཟབ་སྦྱོང་འདི་ཉིད་ཕན་ནུས་ལྡན་པ་དང་དགོས་གལ་ཅན་ཞིག་ཡིན་ཚུལ་གསུངས་པ་ལྟར་ཟབ་ཁྲིད་གནང་མཁན་སློབ་དཔོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དགེ་རྒན་རྣམས་ནས་ཉིན་གྲངས་བཅུའི་རིང་གི་ཟབ་སྦྱོང་ཁྲོད་ཐོབ་པའི་ཤེས་ཡོན་དག་རྒྱུན་མཐུད་སྦྱོང་སྤྱོད་སྤེལ་གསུམ་གྱི་སྒོ་ནས་སློབ་མ་རྣམས་ལ་སློབ་ཁྲིད་གནང་དགོས་པའི་ལམ་སྟོན་གནང་ཡོད། དེ་བཞིན་དགེ་རྒན་གྱི་ཕྱག་ལས་ནི་གལ་གནད་ཆེན་པོ་ཡིན་སྐོར་དང་འབྲེལ། མི་རིགས་གཅིག་གནས་མ་གནས་དང་ཤེས་ཡོན་གི་ཁ་ཕྱོགས་གང་དུ་འགྱུར་མིན་དེ་དགེ་རྒན་ལ་རག་ལས་ཡོད་པ་དང་། ལྷག་པར་བོད་མི་རྣམས་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་གཞིས་ལུས་བོད་མི་རྣམས་ཀྱི་དཀའ་སྡུག་སེམས་ལ་བཅངས་པའི་ཐོག་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཚེ་མི་རིགས་ལ་ཞབས་འདེགས་གྲུབ་པ་ཞིག་ཡིན་ཞེས་གསུངས། ཤེས་ཡོན་སྲིད་བྱུས་དང་འབྲེལ་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་སྲིད་བྱུས་དང་སློབ་ཁྲིད་སྐབས་སློབ་མ་དབུས་སུ་བཞག་པའི་ཤེས་ཡོན་སྲིད་བྱུས་ལ་འགྲེལ་བརྗོད་ཀྱིས་དགེ་རྒན་རྣམས་ནས་དེ་ལྟར་ལག་བསྟར་གནང་དགོས་པ་མ་ཟད། བོད་ཡིག་གཙོ་བོར་བཞག་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ཤེས་པ་ཙམ་མ་ཡིན་པར་ལག་བསྟར་གནང་དགོས་གལ། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་གཞི་ལ་བཞག་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་དེབ་ཆུང་ཞིག་བཟོ་འཆར་ཡོད་པ་བཅས་གསུངས་ཡོད། བོད་ནང་གི་གནས་སྟངས་དང་འབྲེལ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་གཏན་འབེབས་ཀྱིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་།...
ཨ་རིའི་གྲོས་ཚོཊ་གོང་མར་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་བཏོན།
ཨ་རིའི་གྲོས་ཚོཊ་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་གི་ཁྲིམས་གསར་ལ་སྐྱོན་བརྗོད།
ཧོང་ཀོང་དུ་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱས་ཏེ་ལོ་ ༦ རྗེས་རང་དབང་སྡུག་ཏུ་ཕྱིན་པ།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱས་ཏེ་ལོ་དྲུག་སོང་རྗེས་ད་ཆ་ཧོང་ཀོང་ནང་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲིད་ཇུས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་བརྒྱུད་ཧོང་ཀོང་གི་གཞུང་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ཕྱི་ཚེས་ ༢༩ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་བརྗོད་འདུག དེ་ཡང་དམངས་གཙོའི་འགྲོ་ལུགས་ཞན་དུ་ཕྱིན་ཏེ། དམངས་གཙོ་དོན་གཉེར་བ་དང་ཆབ་སྲིད་པ། ལས་འགུལ་འཐབ་རྩོད་པ་དང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་སོགས་སྤྱི་མང་གི་སྤྱི་ཚོགས་ལ་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་རྒྱ་ནག་གིས་ལོ་མང་གི་རིང་ནས་བོད་ཀྱི་ས་ཁུལ་གཙོ་བོར་བྱས་པའི་ཤིན་ཅང...
མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ཕྱིར་འཐེན་ཡོང་བར་ཤུཊ་སྐྱོན་རོཊ་ཞེས་བོད་དོན་ཞུ་སྐུལ་གནང་པ།
བོད་དོན་ལས་འགུལ་བ་རྣམས་ཀྱིས། ཨོསི་ཊརེ་ལི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ཕྱིར་འཐེན་ཡོང་བའི་ཞུ་སྐུལ་གནང་བཞིན་འདུག དེ་ཡང་ཟླ་ ༦ ཚེས་ ༢༩ ནས་འགོ་འཛུགས་ཀྱིས་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱིས་གོ་སྒྲིག་འོག་ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་གཏུག་ (Tibet Lobby Day) གནང་བཞིན་པ་དང་བསྟུན། གཙོ་བོ་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་འདིའི་ཐོག་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་བཞིན་ཕྱིར་འཐེན་དགོས་པའི་སྐུལ་མ་གནང་བཞིན་ཡོད་སྐོར་གསུང་གི་འདུག དེ་འབྲེལ་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་འཛོའི་སྦེཌི་ཧྥོརྜ་ (Zoe Bedford) ལགས་ཀྱིས། ཐེངས་འདིའི་བོད་དོན་ཞུ་གཏུག་ (Tibet...
མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་རྒྱལ་སྤྱིའི་ཁྱོན་དུ་གདོང་ལེན་གྱི་ལས་འགུལ་སྤེལ་བཞིན་པ།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་༧སྐུ་ཚབ་དོན་གཅོད་ཁང་ཁག་ཆ་ཚང་ལ། ས་གནས་ཀྱི་གཞུང་དང་། གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་སུ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཐོག་ཞུ་གཏུག་གི་ཕྱག་བྲིས་འབུལ་དགོས་པ་མངགས་ཡོད་ཅེས་གསུངས་སོང་། དེ་ཡང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་སྟེ། མང་གཙོ་དང་། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་བགྲོ་གླེང་ཚོགས་འདུའི་མཇུག་སྒྲིལ་གྱི་མཛད་སྒོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ༢༠༢༦ ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོ...
ཝེ་ནེ་ཛུའི་ལར་ས་ཡོམ་བྱུང་བར་༧གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་ཐུགས་གསོ་གནང་བ།
ཉེ་ཆར་ཝེ་ནི་ཛུའེ་ལར་འགུལ་ཚད་རིམ་པ་ ༧.༢ དང་ ༧.༥ ཡི་ས་ཡོམ་ཚབས་ཆེན་བསྟུད་མར་བྱུང་སྟེ། མི་མང་པོའི་གཅེས་པའི་ཚེ་སྲོག་ཤོར་བ་དང་། མི་མང་པོར་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཝེ་ནི་ཛུའེ་ལའི་གཞུང་དམངས་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་གསུང་འཕྲིན་ཆེད་མངགས་བསྩལ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན། དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཐེངས་འདིའི་ས་ཡོམ་གྱི་གནོད་འཚེས་རྐྱེན་པས་ཚེ་སྲོག་མང་པོ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་དང་། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་དང་། གནོད་འཚ...
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་མི་རབས་མང་པོའི་རིང་གནས་པའི་བོད་མིའི་དཔལ་ཡོན་ལ་དོ་ཕོག་ཤུགས་ཆེ་གཏོང་ངེས་ཡིན་པ་གསལ་སྟོན།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་མི་རབས་མང་པོའི་རིང་གནས་པའི་བོད་མིའི་དཔལ་ཡོན་ལ་དོ་ཕོག་ཤུགས་ཆེ་གཏོང་ངེས་ཡིན་པ་གསལ་འདོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་འབྲེལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་གོ་རྟོགས་མུ་མཐུད་སྤེལ་མུས་ཡིན་པ་མ་ཟད། ལྷག་པར་རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་དོན་གཅོད་ཁག་ནས་ས་གནས་སོ་སོར་དེ་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་གཙོས་པའི་ཕྱི་དྲེིལ་ལས་ཁུངས་དང་གྲོས་ཚོགས་འཐུས་མི། དེ་བཞིན་གནད་ཡོད་མི་སྣ་དང་གསར་ཁང་སོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་ཡོད་པ་གསུངས་སོང་། དེ་ཡང་འདི་ཚེས་ ༢༦ ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༩ བར་ཉིན་གྲངས་བཞིའི་རིང་རྡ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཞོར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གི་ཉེན་ཚབས་སྐོར་གསར་འགོད་ལྷན་ཚོགས་ཞིག་སྐོང་འཚོགས་གནང་སོང་། དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་གི་ཡོད་སྐོར་གསུངས་བ་མ་ཟད། ཁྲིམས་ཡིག་དེས་དམིགས་སུ་བཀར་ནས་བོད་མི་རིགས་དང་འཐབ་རྩོད་ལ་དོ་ཕོག་ཤུགས་ཆེ་གཏོང་ཉེན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་དེ་འབྲེལ་གོ་སྐབས་ནམ་བྱུང་ལ་འདྲེི་རྩད་ངེས་པར་དུ་གནང་དགོས་གལ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྲོད་ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པའི་ཉེན་ཚབས་སྐོར་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཁག་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་སོང་། གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པས་འདི་ལྟ་བུའི་ཁྲིམས་གཞི་གཏན་འབེབས་ཁྲོད་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གཞན་དང་མཉམ་ལས་ཀྱི་འཆར་གཞི་ཇི་ཡོད་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཁག་གི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་དང་ལྷག་པར་ཉེ་ལམ་འཇར་མ་ནིའི་ཕེབས་སྐབས་རྒྱལ་ཁབ་སོ་སོའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག དེ་བཞིན་ཡུ་གུར་དང་སོག་པོ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ལྷན་ཚོགས་དང་མཉམ། ཁྲིམས་ཡིག་དེས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་གཏོང་ངེས་ཙམ་མ་ཟད། ཁྲིམས་ཡིག་གི་དོན་ཚན་ ༦༣ པ་དེས་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་བོད་མི་དང་ཡུ་གུར། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་ཐོག་དྲག་གནོན་དབང་སྒྱུར་བྱེད་བཞིན་པའི་བྱ་སྤྱོད་ལ་དོ་སྣང་བྱ་རྒྱུའི་དུས་ལ་བབས་ཡོད་ལ། དེ་འབྲེལ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ད་སྐབས་ཁྲིམས་ཡིག་དང་འབྲེལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྒྱུར་བ་དགོས་གལ་དང་། ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་མིན་ཐད་བསམ་ཚུལ་མི་ཉུང་བ་ཞིག་ཡོང་བཞིན་འདུག་པས། ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མོལ་ཐོག་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་ལྟར་ཡང་རྒྱ་གཞུང་གིས་བོད་རྒྱ་ཞ་མོལ་བྱ་རྒྱུ་ལས་ལྟོག་སྟེ། རྒྱལ་ཁབ་མཐུན་སྒྲིལ་གྱི་ཐ་སྙད་འོག་མི་རིགས་སིམ་ཡལ་གྱི་སྲིད་བྱུས་དེ་ཁྲིམས་མཐུན་བཟོ་ཡི་ཡོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་མོལ་ལའང་གནོན་སྐྱོན་གཏོང་ཡོད་པ་འགྲེལ་བརྗོད་དང་སྦྲགས།...
རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།
རྩོམ་ཁུངས། བོད་ཀྱི་དུས་བབ། རྩོམ་པ་པོ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཕན་ཐོགས། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༢ ཉིན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》གཏན་ལ་ཕབ་ཅིང་། ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་རྒྱུ་རེད། བཅའ་ཁྲིམས་འདི་འདོན་འཕེལ་བྱུང་བ་ནས་ལག་བསྟར་བྱེད་ལ་ཉེ་བའི་བར་དུ་ཕྱི་ཕྱོགས་ནས་གནས་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་སྤྱིའི་ཚོགས་སྡེ་གང་ས་ནས་རྒྱ་ནག་གིས་“མི་རིགས་མཐུན་སྒྲིལ་”གྱི་མིང་འཁྱེར་ནས། དོན་དངོས་ཐོག་“གྲངས་ཉུང་མི་རིགས་”སུ་འབོད་པའི་བོད་པ་གཙོས་པའི་མི་རིགས་གཞན་རྣམས་བཙན་གྱིས་མཉམ་བསྲེས་དང་རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་ཡིན་པར་སྐྱོན་བརྗོད་ཤུགས་ཆེན་གནང་བཞིན་ཡོད། རྒྱ་གཞུང་གི་མཐར་ཐུག་དམིགས་ཡུལ་ནི་“གྲངས་ཉུང་མི་རིགས་”རྣམས་“ཀྲུང་ཧྭ་མི་རིགས་ཀྱི་ལྟ་བ་” 「中華民族價值觀」ཟེར་བ་རྒྱ་མིའི་ལྟ་བ་ཅན་དུ་བསྒྱུར་ནས། རྒྱ་གཞུང་དབང་འཛིན་པས་རྒྱ་གོང་བུ་གཅིག་འགྱུར་འོག་ཆབ་སྲིད་བརྟན་ལྷིང་དང་སྤྱི་ཚོགས་ལྷིང་འཇགས། ལྷག་པར་མི་རིགས་གཞན་ཐོག་དབང་སྒྱུར་བྱེད་བདེ་བ་ཡོང་ཆེད་ཡིན། རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》འདིར་དོན་ཚན་ ༦༥ ཡོད་པ་དང་། དོན་ཚན་དང་པོའི་ནང་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་” 「鑄牢中華民族共同體意識」ཞེས་པ་དེ་ཁྲིམས་ནང་བཅུག་ཡོད། འདི་ནི་རྒྱ་ནག་གིས་ཐེངས་དང་པོར་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”ཞེས་པ་ཁྲིམས་སུ་བཅུག་པ་ཡིན་ལ། ༢༠༡༨ ལོར་རྒྱ་ནག་གིས་ཐེངས་དང་པོར་“ཀྲུང་ཧྭ་མི་རིགས་” 「中華民族」ཞེས་པའི་ཐ་སྙད་དེ་རྩ་ཁྲིམས་ནང་བཅུག་རྗེས། ད་ཐེངས་ཡང་བསྐྱར་“ཀྲུང་ཧྭ་མི་རིགས་”ཀྱི་གནས་བབ་དེར་ཁྲིམས་ཐོག་ནས་གཏན་འབེབས་ནན་སྐུལ་བྱས་པ་ཞིག་ཀྱང་ཡིན། “ཀྲུང་ཧྭ་མི་རིགས་”ཞེས་པའི་ཐ་སྙད་འདི་རྩ་ཁྲིམས་ནང་བཅུག་པ་ནི། ཕྱི་ལོ་ ༡༩༤༧...
༧གོང་ས་མཆོག་ལ་དྭཊ་སུ་༧ཞབས་སོར་འཁོད་པ་དང་། སྐུ་ཁམས་ཧ་ཅང་ཡག་པོ་ཡོད་ཅེས་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་པུས་གཤགས་བཅོས་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༦ ཚེས་ ༢༨ སྔ་དྲོ་ལ་དྭགས་སུ་༧ཞབས་སོར་འཁོད་གནང་པ་དང་བསྟུན་༧སྐུ་བཅར་བླ་སྨན་པ་རྣམ་པས་༧སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ་བསྐྱར་ནན་གསལ་བཤད་གནང་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གདན་ཞུ་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས་ཀྱི་སྐུ་ཚབ་ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་བློ་བཟང་བཀྲིས་ལགས་ཀྱིས་༧གོང་ས་མཆོག་ཕོ་བྲང་དུ་ཞབས་སོར་འཁོད་གནང་མཛད་རྗེས་དམིགས་བསལ་བཀའ་སློབ་གནང་མེད་ཀྱང་༧མགོན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཐོབ་པར་ལ་དྭགས་ལ་སྐལ་བཟང་གི་ཉི་མ་ཞིག་ཤར་ཡོད་ཅེས་གསུངས་བྱུང་།
དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེར་བསྐོ་གཞག་བསྩལ་པ།
༢༠༢༦ ཟླ་ ༥ ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་སྨིན་སྩོལ་བྱུང་སྟེ་བསྐོ་གཞག་མཛད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད། དེ་ཡང་སྔ་དྲོ་ཆུ་ཚོད་ ༦།༣༠ ཙམ་ནས་རོ་ཧེ་ནི་ལྡི་ལི་བོད་ཁྱིམ་ཀྱི་བཞུགས་གནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་ལ་དྭགས་གླེ་ཡི་བ་ཀུ་ལ་གནམ་ཐང་དུ་ཆིབས་བསྒྱུར་སྐབས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཀྱིས་ཕེབས་བསུ་དང་། དེ་ནས་ཆིབས་འཁོར་དུ་བཞུགས་སྟེ་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་སྐབས། ཕེབས་ལམ་གཡས་གཡོན་དུ་ལ་དྭགས་ཡུལ་མི་སོགས་དད་ལྡན་སྟོང་ཕྲག་མང་པོས་རུ་སྒྲིག་གིས་མེ་ཏོག་དང་བདུག་སྤོས་ཐོགས་ནས་ཕེབས་བསུ་ཟབ་རྒྱས་དང་བཅས་ཕོ་བྲང་དགེ་འཕེལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་ཡོད།ཕོ་བྲང་དགེ་འཕེལ་གླིང་གི་ཚོམས་ཆེན་དུ་ཁྲིག་རྩེ་རིན་པོ་ཆེ་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁན་བླ་སྤྲུལ་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལ་དྭགས་གླེ་བྱང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱི་སོགས་བཅས་ཕེབས་བསུ་དང་། མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་ཕེབས་བསུ་གྲུབ་མཚམས་མགོན་པོ་མཆོག་ཕོ་བྲང་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨིན་དྲ་པྲ་སྟ་ཨེ་པོ་ལོ་ (Indraprastha Apollo) སྨན་ཁང་དུ་ཞབས་པུས་གཡོན་པར་སྨན་བཅོས་གནང་སྒོ་ལེགས་པར་གྲུབ་སྟེ། རོ་ཧེ་ནི་ལྡི་ལི་བོད་ཁྱིམ་གྱི་བཞུགས་གནས་སུ་ཉིན་གྲངས་ ༡༥ རིང་སྐུའི་ངལ་གསོ་གནང་རྗེས་དེ་རིང་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་པ་ཡིན།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༦༦ ལོར་ཆེས་ཐོག་མར་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕྱི་ལོ་ ༡༩༧༡ ལོར་ཐེངས་གཉིས་པ། ཕྱི་ལོ་ ༡༩༧༦ ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་དང་པོ་བཀའ་དྲིན་སྩལ་ཡོད། དེ་བཞིན་ཕྱི་ལོ་ ༡༩༨༠ དང་། ༡༩༨༥། ༡༩༨༧། ༡༩༨༨། ༡༩༩༧ བཅས་སུ་ཆིབས་བསྒྱུར་དང་། ཕྱི་ལོ་...
ཨོསི་ཊརེ་ལི་ཡ་ཕྱི་སྲིད་ལས་ཁུངས་ཀྱིས་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད།
ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱིས་དེར་ཚད་མཐོའི་གདོང་ལེན་གནང་རྒྱུ་ཡིན་པ་གསུངས་སོང་། ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདིས་རྒྱ་ནག་གི་མཐའ་མཚམས་བརྒལ་ཏེ་མི་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་གཏོང་སྲིད་པའི་ཐུགས་འཚབ་གནང་གི་ཡོད་པ་ཨོསི་ཊརེ་ལི་ཡ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཨོསི་ཊརེ་ལི་ཡའི་ནང་མཚོན་ན་བོད་མི་ཆབ་སྲིད་བཙོན་པ་དང་། ཆབ་སྲིད་འབྲེལ་ཆགས་པ་བཅས་རྒྱ་ནག་གཞུང་གི་དཀའ་སྡུག་འོག་སྡུག་སྦྱོང་མྱངས་ཏེ་བྲོས་བྱོལ་དུ་ཡོང་མཁན་མང་པོ་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་དེའི་དོན་ཚན་ ༦༣ ནང་དུ་རྒྱལ་མཚམས་བརྒ...
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་གནས་ཡུལ་གཞུང་གི་ཁྲིམས་ཁོངས་སུ་ཚུད་སྟབས་ཁ་མཆུ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་མང་གཏུག་བཤེར་གྱི་དོན་ཚན་ ༣༥ ཡི་དགོངས་དོན་བཞིན། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་བལ་ཡུལ་མཆོད་འཇོར་ཁུལ་གྱི་དགོན་སྡེ་དྲུག་དང་མི་མང་ཁག་ཅིག་གི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གྱོད་གཞི་དང་འབྲེལ་ཕྱོགས་གཉིས་ཀྱི་ལྡོག་གཏུག་གི་ཞུ་རྩ་དང་། ཞུ་ལན་ཐོག་ངེས་གཏན་བཟོ་རྒྱུའི་ཐོག་མའི་ཉན་ཞིབ་འཚོགས་ཏེ་ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ནས་ཕྱིར་ལོག་གནང་སོང་ལ། དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དོན་ཚན་གསུམ་གྱི་ཐོག་ནས། ཁ་མཆུ་ཨང་ ༢༢ པ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁོངས་སུ་ཚུད་སྟབས་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག དེ་རིང་གནད་དོན་དེ་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ཁ་མཆུ་ཨང་ ༢༢ པ་རྒྱུན་གནས་མ་ཐུབ་པའི་དོན་ཚན་གསུམ་ཅན་གྱི་ཐག་གཅོད་ཅིག་གནང་བའི་ནང་། ཐོག་མའི་ཉན་ཞིབ་སྐབས་ལྡོག་གཏུག་གི་རྩོད་ལན་པ་དང་། ངོ་ཚབ་ཐུན་མོང་ལ་ཁྲིམས་ཞིབ་ཁང་ནས་འདྲི་ཞིབ་བརྟག་དཔྱད་བྱས་འབྲས་སུ། ༡། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཅིག་གནས་ཡུལ་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་ཡིན་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་གྱིས་འབུད་འགྲོ་ཡི་ཡོད་པའི་སྐོར་གྱོད་ཡ་ལྡོག་གཏུག་གི་རྩོད་ལན་པ་བློ་བཟང་ཚེ་རིང་ནས་ཤེས་རྟོགས་ཡོད་པ་ངོས་ལེན་བྱས། ༢། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཅིག་གནས་ཡུལ་གཞུང་གི་ཁྲིམས་འོག་ལ་འགྲོ་ཡི་ཡོད་པར་སོང༌། ཁ་མཆུའི་ནང་དོན་དབྱེ་འབྱེད་ཀྱི་འགྲོ་སྟངས་མེད་པས། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་རང་བཞིན་གྱིས་གནས་ཡུལ་གཞུང་གི་ཁྲིམས་ཁོངས་འོག་ཚུད་འགྲོ་ཡི་ཡོད། ༣། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་...
ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཝེ་ནེ་སུ་ཝེའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མིར་སེམས་གསོ། དེ་བཞིན་རྨས་སྐྱོན་ཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཝེ་ནེ་སུ་ཝེ་ལ་རྒྱལ་ཁབ་ཏུ་ ༧། ༢ དང་ཚད་རིམ་ ༧།༥ ཅན་གྱི་ས་ཡོམ་ཤུགས་ཆེན་ཐེངས་གཉིས་བྱུང་སྟེ། ད་བར་ཉུང་མཐར་མི་གྲངས་ ༩༠༠ ལྷག་རྐྱེན་འདས་དང་། མི་གྲངས་ ༤༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྟབས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མི་ལ་སེམས་གསོ། དེ་བཞིན་རྨས་སྐྱོན་ཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ཝེ་ནེ་སི་ཛུ་ལའི་ས་འགུལ་གོད་ཆག་གི་ཁྲོད་རྐྱེན་འདས་སུ་འགྱུར་མཁན་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པར་ངོས་རང་ལ་སེམས་གཏིང་ནས་སྐྱོ་གདུང་དྲག་པོ་སྐྱེས་བྱུང་། ས་འགུལ་ཁྲོད་རྐྱེན་འདས་སུ་འགྱུར་མཁན་རྣམས་ལ་སྨོན་ལམ་དང་། རང་བྱུང་གོད་ཆག་གི་སྐྱོ་གར་འདིའི་དབང་གིས་གནོད་འཚེ་ཐེབས་མཁན་ཡོངས་ལ་སེམས་དབུས་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་ཡི་ཡོད། ཅེས་གསུངས་འདུག ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྤྱིར་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པས། ང་ཚོས་བདེ་སྐྱིད་འཚོལ་འདོད་པ་དང་སྡུག་བསྔལ་ལས་ཐར་འདོད། འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་ཐོག་ནས་ཕན་ཚུན་ལ་རོགས་འདེགས་དང་རྒྱབ་སྐྱོར་བྱེད་པར་འགན་ཁུར་གྱི་འདུ་ཤེས་ཤིག་མཆིས་ལ། ད་ལྟ་གོད་ཆག་བྱུང་བའི་ཡུལ་དངོས་སུ་རྒྱལ་སྤྱིའི་མྱུར་སྐྱོབ་ལས་བྱེད་མང་དག་ཅིག་གིས་རོགས་འདེགས་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། ཞེས་གསུངས་འདུག ཝེ་ནེ་སུ་ཝེ་ལ་ནི་ལྷོ་ཨ་མེ་རི་ཁའི་བྱང་རྒྱུད་དུ་ཆགས་པའི་མི་གྲངས་ས་ཡ་ ༣༤ ཙམ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གློ་བུར་དུ་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་ནུབ་རྒྱུད་གཙོས་དཀྱིལ་དབུས་ཀྱི་ས་གནས་ཁག་ལ་ས་ཡོམ་ཐེངས་གཉིས་ལ་བྱུང་སྟེ། སྡོད་ཁང་བརྡིབས་པ་དང་།...
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ དེ་བཞིན་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག
དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཡོད་པས། ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་འབུད་འགྲོ་ཡི་ཡོད་པ་དང་། ལྡོག་གཏུག་གི་རྩོད་ལེན་པའི་ངོ་ཚབ་རང་ངོས་ནས་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་གཉིས་ཀ་ནུས་མེད་དུ་བཟོས་ཡོད་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ཚང་གི་མེད་པས། ཁ་མཆུ་དེ་བཞིན་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག རྩ་བའི་བལ་ཡུལ་མཆོད་འབྱོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་ཁ་མཆུའི་ཁྲོད་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་དོན་ཚན་དྲུག་ཅན་གྱི་CounterClaim འམ་ལྡོག་གཏུག་ཁ་མཆུ་གཏུགས་རྗེས། ཚོགས་པའི་ངོས་ནས་དེ་འབྲེལ་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་གྱིས་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས། ད་ཆ་གྱོད་གཞི་དེ་བཞིན་རྒྱ་གར་གྱི་ཁྲིམས་འོག་སླེབས་ཡོད་པ་རེད། དེ་དོན་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དྲྭ་གནས་ཐོག་བལ་ཡུལ་ས་གནས་མཆོད་འཇོར་ཁུལ་གྱི་དགོན་སྡེ་དྲུག་དང་མི་མང་ཁག་གཅིག་གི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གྱོད་གཞི་དང་འབྲེལ་ཐག་གཅོད་གསལ་བསྒྲགས་གནང་བའི་ནང་།ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་སང་ཐོག་མའི་ཉན་ཞིབ་སྐབས་ལྡོག་གཏུག་གི་རྩོད་ལན་པ་དང་། ངོ་ཚབ་ཐུན་མོང་ལ་ཁྲིམས་ཞིབ་ཁང་ནས་འདྲི་ཞིབ་བརྟག་དཔྱད་བྱས་འབྲས་སུ།ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་ཡིན་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་གྱིས་འབུད་འགྲོ་ཡི་ཡོད་པའི་སྐོར་གྱོད་ཡ་ལྡོག་གཏུག་གི་རྩོད་ལེན་པ་བློ་བཟང་ཚེ་རིང་ནས་ཤེས་རྟོགས་ཡོད་པ་ངོས་ལེན་གནང་ཡོད་པ་དང་། ལྷག་པར་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༡༣ ནང་གསལ་ཁྲིམས་ཞིབ་བྱ་རྒྱུར་ཆ་རྐྱེན་ཚང་ཡོད་པ་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ཐག་གཅོད་བྱས་པར་བརྟེན། ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་འབུད་འགྲོ་ཡི་ཡོད་པས། ཁ་མཆུ་དེ་བཞིན་རྒྱུན་སྐྱོང་གནང་མ་ཐུབ་པའི་ཐག་གཅོད་གནང་འདུག མ་ཟད། ལྡོག་གཏུག་གི་རྩོད་ལེན་པའི་ངོ་ཚབ་རང་ངོས་ནས་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་གཉིས་ཀ་ནུས་མེད་དུ་བཟོས་ཡོད་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ཚང་གི་མེད་པ་གསལ་འདུག གཞི་རྩའི་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཁ་མཆུ་ཨང་༢༢ དང་འབྲེལ་ཞུ་སྦྱོར་བ་དང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་ནས་མཆོད་འཇོར་གྱི་འོས་བསྡུའི་གནད་དོན་དང་འབྲེལ་བའི་དཔང་རྟགས་མང་པོ་ཞིག་སྟོན་རྒྱུ་ཡོད་ལུགས་སྐོར་གྱི་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོར་འགོག་རྐྱེན་བཟོས་ཐབས་བྱས་པ་དང་། ཁྲིམས་ཁང་དུ་ཁ་མཆུ་འགྲོ་བཞིན་པའི་སྐབས་བལ་ཡུལ་མཆོད་འཇོར་དོན་གཅོད་ལས་ཁུངས་ཀྱི་མདུན་དུ་མི་གྲངས་ ༣༥༠ ཙམ་འདུ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ལ་ངོ་རྒོལ་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོས་པ་སོགས་དོན་ཚན་དྲུག་ལུང་འདྲེན་ཐོག་ལྡོག་གཏུག་ཁ་མཆུ་གཏུགས་རྗེས། ཞུ་སྦྱོར་བའི་ཁྲིམས་རྩོད་པས་དེ་འབྲེལ་རྒྱ་གར་གཞུང་གིས་ཁྲིམས་ཁང་ལ་གཏུག་བཤེར་གྱིས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས། གྱོད་གཞི་དེ་བཞིན་ད་ཆ་རྒྱ་གར་གྱི་ཁྲིམས་འོག་སླེབས་ཡོད་པ་རེད། The post ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་...
བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་ཨ་རི་དང་། ཡོ་རོབ། ཐའེ་ཝན་སོཊ་ནས་མཉམ་ཞུཊ།
བཞུགས་སྒར་དུ་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པ། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་སྟེ། མང་གཙོ་དང་། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དང་། མ་འོངས་པར་བོད་རྒྱའི་འབྲེལ་ལམ་སྔར་ལས་ཚད་མཐོ་རུ་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དེ་ཡིན་ཞེས། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གཞན་...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཝེ་ནེ་ཛུའེ་ལཱ་བྷོ་ལི་ཝ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཚབ་མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཝེ་ནེ་ཛུའེ་ལཱ་ (Venezuela) ཁུལ་དུ་ས་ཡོམ་འགུལ་ཚད་ ༧།༢ དང་ ༧།༥ བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོགས་པར་ཝེ་ནེ་ཛུའེ་ལཱ་བྷོ་ལི་ཝ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཚབ་ལྕམ་སྐུ་ཌེལ་སི་རོ་ཌི་རྒེཟ་ (Delcy Rodríguez) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་ཡོད། དེ་ཡང་གསུང་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༤ དགོང་མོར་ཝེ་ནེ་ཛུའེ་ལཱར་ས་ཡོམ་འགུལ་ཚད་ ༧།༢ དང་ ༧།༥ བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོབ་ཚབས་ཆེ་ཕོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་དང་ཐུགས་སྨོན་ཞུས་པ་དང་སྦྲགས། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ཝེ་ནེ་ཛུའེ་ལཱའི་མི་མང་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད་ཅེས་དང་། དེ་བཞིན་ས་ཡོམ་གྱི་གོད་ཆག་ཁྲོད་རང་ཉིད་ཀྱི་གཉེན་ཉེ་རྐྱེན་འདས་ཕྱིན་པ་དང་། རྨས་སྐྱོན་ཕོགས་པ། ཕན་ཚུན་ཁ་བྲལ་བ། དེ་བཞིན་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་སླད་ང་ཚོས་སྨོན་འདུན་ཞུ་བཞིན་ཡོད་ལ། མྱ་ངན་ཞུ་བཞིན་པའི་ཁྱིམ་ཚང་དང་གོད་ཆག་རྐྱེན་འཚོ་བར་ཤུགས་རྐྱེན་ཐེབས་པའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་ཐུགས་གསོ་ཞུས་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་སླད་ངལ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་མཁན་རོགས་སྐྱོབ་པ་དང། སྨན་པ། སྲུང་སྐྱོབ་དཔུང་སྡེ། དང་བླངས་པ་བཅས་ཚུད་པའི་མི་མང་ཡོངས་ལ་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དཀའ་ངལ་ཅན་གྱི་དུས་མཚམས་འདིར་ཁོང་རྣམ་པའི་སྙིང་སྟོབས་དང་།...
མི་ནེ་སོ་ཊའི་གྲོང་ཁྱེར་གཉིས་ཀྱིས་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་གནང་པ།
མི་ནིཡ་པོ་ལིསི་དང་སེནཊི་པོལ་གྲོང་ཁྱེར་གྱི་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་གནང་འདུག ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་མི་ནིཡ་པོ་ལིསི་དང་སེནཊི་པོལ་གྲོང་ཁྱེར་གཉིས་ཀྱིས་༧སྐུའི་འཁྲུངས་སྐར་ ༩༡ པ་འདི་བཞིན་བྱམས་བརྩེའི་ཉིན་མོར་གྲོས་ཆོད་གཏན་འབེབས་ཞུས་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པ། མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུས་ཡོད་པ་རེད། དེ་ཡང་ཨ་རིའི་རྒྱལ་ཡོངས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། ཕྱི་ཚེས་ ༢༥ ཉིན་མི་ནིཡ་པོ་ལིསི་གྲོང་སྡེ་ལྷན་ཚོགས་སུ་གྲོས་ཆོད་གཏན་འབེབས་ཀྱིས་གསལ་བསྒྲགས་གནང་པའི་སྐབས། བོད་མི་ཧ་ཅང་མང་པོ་འདུ་འཛོམས་བྱུང...
























