Tibetan
སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།
སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འབྲས་སྤུངས་བླ་སྤྱིའི་ལྷ་མོ་ཁང་དུ་རང་ཉིད་ནས་མཆོག་གསུམ་དཔང་བཙུགས་ཀྱིས་བཞག་པའི་ཁས་ལེན་དམ་བཅའ་ལ་རྩིས་མེད་རྡོག་རོལ་བཏང་བར་བརྟེན། སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག The post སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་། appeared first on བོད་ཀྱི་དུས་བབ།.
༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་སྩལ་འདུག
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་བཀའ་དྲིན་སྩལ་འདུག རྩ་བའི་དེ་རིང་གི་དམིགས་བསལ་མཇལ་ཁ་དེ་བཞིན་སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ་གྱི་གོ་སྒྲིག་ཚོགས་ཆུང་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་སྩལ་གནང་བ་ཞིག་རེད་འདུག་ལ། དེ་རིང་གི་མཇལ་ཁའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་དྲུང་ཆེ་རྣམས་ནས་སྲི་ཞུ་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་༸གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་། མཇལ་བཅར་བ་ལས་བྱེད་ཁྱོན་ ༤༩༤ ཡོངས་ནས་སྨོན་ལམ་གསུང་དོན་མ་ཟད། སྔ་ལོར་བརྟན་བཞུགས་སྐབས་ཀྱི་ལྷག་འཕྲོ་ཧིན་སྒོར་འབུམ་དྲུག་༸གང་ཉིད་མཆོག་གི་སྐུ་སྒེར་ཡིག་ཚང་དགའ་ལྡན་ཕོ་བྲང་ལ་ཕུལ་འདུག མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། དེ་སྔ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཾདམིགས་བསལ་མཇལ་ཁ་སྩལ་གནང་གི་ཡོད་ཀྱང་། བར་ལམ་ཕྱི་ལོ་ ༢༠༡༩ ཙམ་ནས་སྲི་ཞུ་ལས་བྱེད་ཚོར་དམིགས་བསལ་མཇལ་ཁ་ཐོབ་མེད་པར་བརྟེན། དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁོངས་སུ་གཞོན་སྐྱེས་མང་དག་ཅིག་ཡོད་དུས་ཁོང་རྣམས་ལ་སེམས་འགུལ་ཐེབས་གཞིར་འགྱུར་ཐུབ་པའི་གནད་འགག་ལ་དགོངས་བཞེས་ཀྱིས་༸གང་ཉིད་མཆོག་གི་དམིགས་བསལ་མཇལ་ཁ་དེ་ཉིད་ཞུས་གནང་ཡིན་པ་གསུངས་སོང་། དེ་བཞིན་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས། དེ་རིང་གི་དམིགས་བསལ་མཇལ་ཁ་དང་འབྲེལ། ༸གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དངོས་སུ་བསྐྱོན་ཐུབ་པ་དེས་སྲི་ཞུ་ལས་བྱེད་ཚོར་སེམས་ཤུགས་འཕར་མ་ཞིག་སྐྱེ་ངེས་ཡིན་པ་གསུངས་སོང་། མ་ཟད་འདི་གའི་གསར་འགོད་པས་དེ་རིང་མཇལ་བཅར་ཞུས་མཁན་ཁོངས་སུ་ཡོད་པའི་སྲི་ཞུ་ལས་བྱེད་གཞོན་སྐྱེས་གཅིག་ལ་བཀའ་འདྲི་ཞུས་པར་ཁོང་རྣམ་པས། དེ་རིང་གི་མཇལ་ཁའི་གོ་སྐབས་དེ་བཞིན་བསོད་ནམས་ཆེན་པོ་བྱུང་སོང་ལ། ༸གང་ཉིད་མཆོག་གི་ཞལ་མཇལ་དེས་སྒེར་ལ་སེམས་ཤུགས་འཕར་མ་ཞིག་སྐྱེ་བའི་ཐོག་ཞབས་ཞུ་མུ་མཐུད་བསྒྲུབ་རྒྱུའི་ཚོར་བ་དམིགས་བསལ་ཞིག་སྐྱེས་བྱུང་སྐོར་འགྲེལ་བརྗོད་གནང་སོང་། The post ༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་སྩལ་འདུག appeared first on vot.
འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།
རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་ད་ལོའི་དབྱར་དུས་སུ་སྔར་ལས་ཚ་བ་ཆེན་པོ་རྒྱས་རྒྱུ་ཡིན་པས་ཐན་པ་བྱུང་སྟེ་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཐེབས་ཉེན་ཡོད་སྐོར་བསྒྲགས་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་ཡོངས་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་དབྱར་ཁའི་དུས་སུ་རྒྱ་ནག་རྒྱལ་ཡོངས་དང་། བོད་ནང་ཚ་བ་སྔར་ལས་ཆེ་བ་ཡོང་གི་རེད། དེ་ཡང་ད་ལོར་ས་ཁུལ་ཁག་ཅིག་ཏུ་ཚ་ཚད་ 1(°C) ནས་ ༣ (°C)དང་། ས་ཁུལ་གཞན་ལ་ཚ་ཚད་ ༤(°C) ནས་ ༥ (°C) བར་འཕར་རྒྱུ་ཡིན་པ་སོགས་སྔར་དང་མ་འདྲ་བའི་ཚ་བ་ཆེ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱ་ནག་བྱང་ཕྱོགས་ཁུལ་དུ་ཚ་ཚད་ ༣༧ (°C)བར་དུ་འཕར་རྒྱུ་དང་། ས་གནས་ཁག་ཅིག་ཏུ་ཆར་པ་འབབ་ཚད་ཇེ་ཉུང་དུ་ཕྱིན་ནས་ཐན་པ་ཡོང་ཉེན་ཡོད་ལ། ཐན་པའི་རྐྱེན་གྱིས་རྩི་ཤིང་ལོ་ཏོག་སོགས་སྐམ་ནས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་སྐོར་བཀོད་འདུག བོད་ནང་གི་དྲ་གྲགས་རེ་ཟུང་གིས་སྤྱིར་བཏང་འདི་ལོར་རྒྱ་ནག་ནང་ཚ་བ་ཆེན་པོ་རྒྱས་ཀྱི་ཡོད་སྐོར་དང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་བོད་མཐོ་སྒང་དུ་སྔར་ལོ་ལས་ལྷག་གི་ཚ་བ་བསླེབ་རྒྱུ་ཡིན་པས། སོ་ནམ་པ་ཚོས་དམིགས་བསལ་གྱིས་དོ་འཁུར་བྱེད་དགོས་སྐོར་བརྗོད་འདུག དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་སུ་འདི་ལོར་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ག་འདྲ་ཕྱིན་ཡོད་མེད་སྐོར་དྲིས་པར་ཁོང་མོས། དུས་རྒྱུན་དུ་ནས་འཛམ་གླིང་གི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་བོད་མཐོ་སྒང་ནང་ཚ་ཚད་ལྡབ་གཉིས་འཕར་གྱི་ཡོད་སྐོར་ཤོད་ཀྱིན་ཡོད་པ་རེད། ཉེ་ཆར་རྒྱ་གར་གྱི་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱལ་སྤྱིའི་མཉམ་ལས་རི་བོ་འཕེལ་རྒྱས་ལྟེ་གནས་ (International Centre for Integrated Mountain Development) ཀྱིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་མང་པོ་ཞུ་ཡི་ཡོད་པ་དང་།...
ཐའེ་ཝན་ནང་གི་ནང་པའི་འདུ་འཛོམས་ཆེན་མོར་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མཉམ་ཞུགས་ཐད་བཅར་འདྲི།
ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཐའེ་ཝན་ནང་དུ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་དང་། མ་ཡུམ་དུས་ཆེན། Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ ༦༠ འཁོར་བའི་དུས་ཆེན་བཅས་དུས་ཆེན་གསུམ་འཛོམས་ཀྱི་དགའ་སྟོན་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དུས་ཆེན་དེ་ལོ་ལྟར་ Tzu Chi Foundation ནས་གོ་སྒྲིག་གནང་གི་ཡོད་པ་རེད་འདུག དུས་ཆེན་དེ་སྔ་དྲོ་ཐའེ་ཝན་ཤར་ཕྱོགས་ཧཱའ་ལེན་དང་། དགོང་དྲོ་རྒྱལ་ས་ཐའེ་པེའི་རང་དབང་ཐང་ཆེན་དུ་ཚོགས་ཡོད་པ་རེད་འདུག དགོང་དྲོའི་མཛད་སྒོའི་ཐོག་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བཅས་ཀྱི་བླ་ཆེན་དང་། དགེ་འདུན་པ་ཁྱོན་ ༦༠༠ ལྷག་དང་། ཐའེ་ཝན་གྱི་སྲིད་འཛིན་ William Lai ཝི་ལི་ཡཱམ་ལཡི་མཆོག་དང་། ནང་སྲིད་བློན་ཆེན། ཁོར་ཡུག་བློན་ཆེན་སོགས་གཞུང་འབྲེལ་ལས་བྱེད། མངའ་སྡེའི་བློན་ཆེན་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་འཛམ་གླིང་རྒྱལ་ཁབ་ ༡༣༩ ཙམ་ནས་ཕེབས་པའི་ Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པའི་ཚོགས་མི། ཕྱི་ནང་ས་ཁུལ་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བ་ནས་ལྷན་འཛོམས་གནང་ཡོད་པ་རེད་འདུག ད་རེས་ Tzu...
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་གཙོས་པས་སྲི་ཞུའི་ལས་བྱེད་གྲངས་ ༤༩༤ ཙམ་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བཀའ་དྲིན་སྩལ་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྗེས་སྲི་ཞུའི་ལས་བྱེད་ཡོངས་ལ་སྐུ་པར་ལྷན་བསྒྲོན་མཛད་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་འདེགས་འབུལ་ཞུས་སྒྲུབ་མཚམས་སྲི་ཞུའི་ལས་བྱེད་ཡོངས་ལ་མཇལ་ཁ་སྩལ་ཡོད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་སྲོལ་ཡོད་པ་འདི་ཡང་། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་སྲི་ཞུའི་ཞབས་འདེགས་བསྒྲུབ་རྒྱུར་སེམས་ཤུགས་འཕར་མ་དང་བྱིན་གྱི་རླབས་ཕྱིར། དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་གསོལ་འདེབས་ཞུ་དོན་བཞིན་ད་ལན་གྱི་མཇལ་ཁ་འདི་སྨིན་སྩལ་བྱུང་བ་ཞིག་ཆགས་ཀྱི་ཡོད། །
ཡོ་རོབ་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལཊ་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
ཡོ་རོབ་དང་ཨཧྥ་རི་ཀའི་སྤྱི་འཐུས་ཟུར་པ་ཐུབ་བསྟན་དབང་ཆེན་ལཊ་ཕྱི་ཟླ་ ༥ ཚེས་ ༡༡ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ད་རེས་བཀའ་ཤག་གིས་རེ་འདུན་གནང་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་པ་འདི་ནི་དམིགས་བསལ་གྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་འདེགས་བསྒྲུབ་རྒྱུ་དང་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་གསར་པ་ཞིག་ཐོབ་པ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ནི་སིཔེན་ནང་བོད་མི་གནས་སྤོ་བྱེད་མཁན་དང་པོ་དེ་ཡིན་པ་དང་། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་པའི་ཆོས་ཚོགས་ཤིག་ཏུ་སྐད་སྒྱུར་གྱི་ཞབས་འདེགས་བསྒྲུབས་ཡོད་ཅིང་། ཁོང་གིས་ད་དུང་སིཔེན་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཁང་གསར་འཛུགས་ཞུས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༤ ལོར་དབུ་འབྱེད་བསྐྱངས་གནང་མཛད་ཡོད་པ་རེད་ལ། འདི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཁྱབ་སྤེལ་གཏོང་ཡུལ་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་འདུག
འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲཊ་དུས་འགྱངས་ཡོང་བའི་ཞུ་སྐུལ་ལ་ངོས་བཞེས་གནང་མེད་པ།
མཆོད་འཇོར་ས་གནས་ཀྱི་འོས་བསྡུའི་གྱོད་དོན་ཐད་གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་བར་བརྒལ་བཀོད་ཁྱབ་ཅེས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གནང་འཆར་ཡོད་པ་འདི་ཉིད་གནས་སྐབས་ཕྱིར་འགྱངས་དགོས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕྱི་ཚེས་ ༨ ཉིན་ཞུ་སྙན་ཕུལ་ཡོད་པ་དེར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་མི་འདུག་ལ། ཟླ་ ༥ ཚེས་ ༡༡ ཉིན་ཁྲིམས་རྩོད་པ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཅར་ཏེ།
སྲིད་འཛིན་ཊམཔ་མཆོག་ལ་རྒྱ་ནག་གི་འཚམས་གཟིགས་དང་འབྲེལ་བའི་བོད་མིས་རེ་འབོད་ཞུས་པ།
བོད་ཕྱི་ནང་གཉིས་ཀྱི་བོད་མིས་སྲིད་འཛིན་ཊམཔ་ལ་འབོད་སྐུལ།
དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཕར་འགྱངས་ལ་ངོས་བཞེས་གནང་མི་འདུག
བལ་ཡུལ་ཆོས་འབྱོར་མི་མང་གི་འོས་འཕེན་ཐོབ་ཐང་དང་འབྲེལ་བའི་ཁ་མཆུ་ཨང་ ༢༢ པའི་གྱོད་ཡ་ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱི་བར་བརྒལ་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེར་ངོས་བཞེས་གནང་མེད་པར་བརྟེན། དེ་རིང་སླར་ཡང་བར་བརྒལ་བཀོད་ཁྱབ་ཀྱི་ཞུ་སྙན་ཕུལ་སོང་། དེ་ཡང་འདི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་འོས་འཕེན་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་གྱོད་གཞིར་ཁྲིམས་ཐོག་ནས་ངོས་བཞེས་གནང་ཡོད་ཀྱང་། གནངས་ཕྱི་ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་དང་བསྟུན། གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་ཁྲིམས་ཞིབ་ཁང་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱི་བར་བརྒལ་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་པ་རེད། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉིན་དེ་རང་ཞུ་སྙན་དེར་ངོས་ལེན་གནང་མེད་སྟབས། དེ་རིང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་གཏུག་རྩོད་ལེན་པ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་དང་། ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས། དེ་བཞིན་ཁྲིམས་རྩོད་པ་གཞན་གཉིས་བཅས་ནས་བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སླར་ཡང་ཆེད་བཅར་གནང་སོང་། སྐབས་དེར་འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱིས་བར་བརྒལ་བཀོད་ཁྱབ་གཏོང་དགོས་པའི་ཞུ་སྙན་དེར་ངོས་བཞེས་གནང་མེད་པ་འགྲེལ་བརྗོད་དང་འབྲེལ། དེ་རིང་སླར་ཡང་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་རྣམས་ནས་དེ་རིང་སླར་ཡང་བར་བརྒལ་གྱི་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་ཀྱང་། ཁྲིམས་ཞིབ་ཁང་ནས་དེའི་ཐོག་ཞིབ་འཇུག་གིས་ལྗགས་ལན་གནང་རྒྱུ་ཡིན་པའི་བཀའ་ལན་ཕེབས་ཡོད་པ་གསུངས་སོང་། གཞི་རྩའི་འོས་བསྡུའི་ལས་རིམ་ལྟར་ན། ཟླ་འདིའི་ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་ ༡༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་དང་། དེ་ནས་ཕྱི་ཚེས་ ༣༡ ཉིན་སྐབས་...
སྲིད་འཛིན་ཊོམཔ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ།
ཨ་རི་སྲིད་འཛིན་ཊོམཔ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་གྲོས་མོལ་གནང་བའི་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་རིང་མིན་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༥ བར་ཉིན་གསུམ་རིང་ཨ་རིའི་སྲིད་འཛིན་ Donald Trump ཊོམཔ་མཆོག་རྒྱ་ནག་ཏུ་ཕྱོགས་བསྐྱོད་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་བསྟུན། ཁ་སང་ཚེས་ ༡༠ ཉིན་ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཕོ་བྲང་དཀར་པོའི་མདུན་ཐང་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་། དེ་བཞིན་ Dupont Circle བཅས་ཀྱི་ནང་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི། ཝ་ཤིང་ཊོན་ཌི་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི། ས་གནས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་ཅིག་མཉམ་ཞུགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་འདུག མ་ཟད་སྲིད་འཛིན་ཊོམཔ་ནས་ཞི་ཅིང་ཕིང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་དུ་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་སོགས་ཀྱི་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག སྐབས་དེར་ངོ་རྒོལ་བ་རྣམས་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་རྒྱལ་དར་དང་ལག་ཏུ་འཕྲེད་དར་བསྣམས་ཏེ། བོད་ལ་རང་དབང་དགོས་པ་དང་། བོད་ནང་གི་རིག་གཞུང་རྩ་གཏོར་མཚམས་འཇོག་དགོས་པ། སྲིད་འཛིན་ཊོམཔ་མཆོག་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པ། ༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངེས་པར་དུ་གློད་བཀྲོལ་དགོས་པ། བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་འབོད་ཚིག་སྣ་མང་བརྒྱུད་ངོ་རྒོལ་གནང་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་ལས་འགུལ་དེ་བཞིན་དུས་རྒྱུན་སྤེལ་བཞིན་པའི་ཚེས་བཅུ་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ཅིང་། གཙོ་བོ་སླེབས་ལ་ཉེ་བའི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱ་གཏན་འཁེལ་བ་ལྟར། སྲིད་འཛིན་ཊོམཔ་མཆོག་ནས་ངེས་པར་དུ་བོད་ཀྱི་གནད་དོན་གླེང་དགོས་པའི་འབོད་སྐུལ་དང་སྦྲགས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་ཞིག་ཡིན་པ་སོགས་གསུངས་སོང་། རྩ་བའི་ད་ལན་གྱི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་གྱི་ཐུག་འཕྲད་དེ་བཞིན་སྲིད་འཛིན་ཊོམཔ་མཆོག་གི་ལས་ཡུན་གཉིས་པའི་ཁྲོད་ཞི་དང་ཐུག་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། ད་རེས་ཀྱི་ཐུག་འཕྲད་ཐོག་སྲིད་འཛིན་ཊོམཔ་མཆོག་ལ་རྒྱ་ནག་ནང་རང་དབང་སྐུལ་འདེད་བྱ་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དང་འབྲེལ། རྒྱ་ནག་ནང་བསྐྱོད་སྐབས་ཨ་རིའི་ནང་གི་སྒེར་གྱི་བསམ་ཚུལ་དང་། སྨྲ་བརྗོད་རང་དབང་།...
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།
དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་བསྐྱར་དུ་ཕུལ་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དབུས་འོས་བསྡུ་ལས་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་ཡོད་ཀྱང་ངོས་བཞེས་གནང་མེད་སྟབས། དེ་རིང་ཕྱི་ཚེས་ ༡༡ ཉིན་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག དེ་རིང་དབུས་འོས་བསྡུ་ལས་ཁང་ནས་སྔར་གྱི་གཏན་འབེབ་ལྟར་གནངས་ཉིན་ཏེ་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པའི་བརྡ་ཐོ་འབྱོར་བྱུང་། དེའི་ཐད་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༥ ཙེས་ ༥ ཉིན་བལ་ཡུལ་ནས་ཡིན་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་ས་གནས་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས་ཏེ་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་གནང་ཟིན་པ་དང་། ཕྱི་ཚེས་ ༨ ཉིན་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ཀྱང་། ཉིན་དེའི་ཉིན་རྒྱབ་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་མེད་པར་བརྟེན། དེ་རིང་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་ཡོད་སྐོར་བརྗོད་བྱུང་། ཁྲིམས་ལུགས་རིག་པ་བའི་ཚོགས་པའི་བྱམས་པ་དབང་ཕྱུག་ལགས་ཀྱིས། དེ་རིང་ང་ཚོས་རྒྱུ་མཚན་ཆ་ཚང་ཞིབ་ཕྲ་བཀོད་ནས་ཡང་བསྐྱར་སྙན་ཞུ་འབུལ་བར་བསླེབས་ཡིན། སྤྱིར་བཏང་གི་ཆ་ནས་ང་ཚོའི་ཐོག་མའི་དམིགས་ཡུལ་དེ་ཁ་མཆུ་ལེན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྤྱིར་བཏང་ང་ཚོའི་བོད་པའི་དམངས་གཙོའི་སྒྲོམ་གཞིའི་ནང་ལོགས་ལ་གལ་ཆེ་ཤོས་ཁྲིམས་ལུགས་དབང་འཛིན་ཡོང་རྒྱུ་དང་། དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་གསལ་བ་ལེའུ་གཉིས་པའི་ནང་གཟིགས་པ་ཡིན་ན། གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཐོག་མའི་ཁ་མཆུ་བླངས་བ་རེད།...
རྒྱ་གར་ཞི་བདེ་རྒྱ་མཚོའི་སྒྲོམ་གཞིའི་ནང་བོད་ཀྱི་གལ་འགངས་ཇེ་ཆེར་འགྲོ་བཞིན་པའི་སྐོར་འཐབ་བྱུས་ཚོགས་འདུ།
ཉི་འོང་ནང་དུ་རྒྱ་གར་དང་བོད་ཉི་འོང་བཅས་ཀྱི་བློ་མཐུན་ལྟེ་གནས་ཁང་ཁག་གི་ཆེད་མཁས་མི་སྣ་ལྷན་འཛོམས་ཐོག་རྒྱ་གར་ཞི་བདེ་རྒྱ་མཚོའི་སྒྲོམ་གཞིའི་ནང་བོད་ཀྱི་གལ་འགངས་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་སྐོར་ནང་མོལ་ཚོགས་འདུ་ཞིག་ཚོགས་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༨ ཉིན་ཉི་འོང་ནང་གི་ Hitotsubashi ཧི་ཊོ་ཚུ་བ་ཤི་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་དི་ལླིར་རྟེན་གཞི་བྱས་པའི་ Closed Door Policy Consulting འམ་སྒོ་རྒྱབ་ཀྱི་སྲིད་བྱུས་གོ་བསྡུར་ལྟེ་གནས། Asia Strategic Forum ཨེ་ཤི་ཡའི་འཐབ་བྱུས་གླེང་སྟེགས། ཉི་འོང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་དང་། གཙུག་ལག་སློབ་ཁང་དེ་ཉིད་ཀྱི་ Institute for Global Governance Research འམ་གོ་ལ་ཧྲིལ་པོའི་འཛིན་སྐྱོང་ཞིབ་འཇུག་ཁང་གིས་མཐུན་འགྱུར་འོག་རྒྱ་གར་དང་བོད་ཉི་འོང་བཅས་ཀྱི་བློ་མཐུན་ལྟེ་གནས་ཁང་ཁག་གི་ཆེད་མཁས་མི་སྣ་ལྷན་འཛོམས་བརྒྱུད། རྒྱ་གར་ཞི་བདེ་རྒྱ་མཚོའི་སྒྲོམ་གཞིའི་ནང་བོད་ཀྱི་གལ་འགངས་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་སྐོར་ནང་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་བོད་དེ་ཨེ་ཤི་ཡའི་མ་འོངས་འཐབ་བྱུས་ཀྱི་ལྟེ་བར་གནས་ཡོད་པ་གསུངས་སོང་། ནང་མོལ་ཚོགས་འདུ་དེའི་ཐོག་ཚོགས་བཅར་བ་ ༢༠ ཙམ་མཉམ་ཞུགས་ཀྱིས་འགྱུར་ལྡོག་འགྲོ་བཞིན་པའི་རྒྱ་གར་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་གནས་སྟངས་ཁྲོད། བོད་ཀྱི་འཐབ་བྱུས་དང་ཆབ་སྲིད། ཤུགས་རྐྱེན་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག་པ་དང་། སྐབས་དེར་ཚོགས་བཅར་བའི་ཁྲོད་ནས་རྒྱ་གར་དང་བོད། ཉི་འོང་གི་དཔལ་ཡོན་དང་འཐབ་བྱུས། བདེ་འཇགས་ཀྱི་མངོན་འདོད་ཙམ་མ་ཟད་། ནང་པའི་ཤུལ་བཞག་ཀྱི་རིག་གནས་དང་ས་གནས་ཀྱི་བརྟན་ལྷིང་། ཆུའི་བདེ་འཇགས། ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ས་བབ་ཆབ་སྲིད་ཀྱི་ཤུགས་རྐྱེན། དེ་བཞིན་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་གྱི་འགྱུར་བ་བཅས་ཀྱི་སྐོར་ལ་མྱུང་ཞིབ་གནང་འདུག ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭའི་ལམ་ལུགས། ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་སྐོར།...
ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་གོང་བོད་དོན་ཞུ་གཏུག་དང་ངོ་རྒོལ་ལས་འགུལ་སྤེལ།
ཕྱི་ལོ་༢༠༢༦ ཟླ་༥ ཚེས་༡༠ ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་(Washington D.C.) དུ་བོད་དོན་ཞུ་གཏུག་དང་། ལྷག་པར་དུ་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག The post ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་གོང་བོད་དོན་ཞུ་གཏུག་དང་ངོ་རྒོལ་ལས་འགུལ་སྤེལ། appeared first on བོད་ཀྱི་བང་ཆེན།.
ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ལ་ཉེ་ཚུལ་བརྗོད་འདུག
ཉེ་ཆར་གཟའ་སྤེན་པའི་ཉིན་ར་ཤི་ཡར་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྒྱལ་ཁའི་ཉིན་མོ་དྲན་གསོ་ལོ་རྟག་པར་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། སྐབས་དེ་དུས་ར་ཤི་ཡའི་སྲིད་འཛིན་པུ་ཌིན་གྱིས་ར་ཤི་ཡ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་ལ་ཉེ་བ་ཡིན་ཚུལ་བརྗོད་འདུག The post ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ལ་ཉེ་ཚུལ་བརྗོད་འདུག appeared first on བོད་ཀྱི་བང་ཆེན།.
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས།
ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞིའི་དགོངས་དོན་བཞིན་བཀའ་ཤག་གིས་ཡུ་རོབ་དང་ཨ་ཧྥི་རི་ཁའི་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག The post སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས། appeared first on བོད་ཀྱི་དུས་བབ།.
དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།
རྩོམ་པ་པོ། ཐོག་མདའ། རྩོམ་ཁུངས། བོད་ཀྱི་དུས་བབ། དེང་སང་གི་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་ལུགས་དང་དངོས་ཡོད་འཚོ་བའི་བར་གྱི་རྒྱང་ཐག་སྐོར་ལ་བསམ་གཞིག་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་བཞིན་ “སློབ་གྲྭའི་སློབ་ཚན་མང་པོ་ཞིག་དུས་ལས་ཡོལ་ཟིན་པའི་” ལྟ་ཚུལ་འདི་དེང་སྐབས་འཛམ་གླིང་ཡོངས་ལ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དུས་རབས་ཉེར་གཅིག་པ་འདི་ནི་འཕྲུལ་རིག་ལག་རྩལ་དང་གནས་ཚུལ་ཁྱབ་འཕེལ་གྱི་མྱུར་ཚད་བསམ་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་། དེང་སང་གི་སློབ་གྲྭ་མང་ཆེ་བའི་སློབ་ཚན་དང་སློབ་ཁྲིད་བྱེད་སྟངས་ལ་བལྟས་ན། དུས་རབས་གོང་མའི་བཟོ་གྲྭའི་ལམ་ལུགས་ཀྱི་ཤུལ་བཞག་ལྟ་བུ་ལས་མ་འདས་པས། སློབ་སྦྱོང་གི་ནང་དོན་མང་པོ་ཞིག་དངོས་ཡོད་འཚོ་བ་དང་ཁ་ཐག་རིང་དུ་སོང་ཡོད། སློབ་གྲྭའི་ནང་དེབ་ཐོག་གི་ཤེས་བྱ་བློར་འཛིན་བྱེད་རྒྱུ་གཙོ་བོར་འཛིན་པ་ལས། དེང་སང་གི་མི་མངོན་པའི་ནུས་རྩལ་སྟེ་གནད་དོན་ཐག་གཅོད་བྱེད་སྟངས། གསར་གཏོད་ཀྱི་བསམ་བློ། དེ་བཞིན་མི་དང་མིའི་བར་གྱི་འབྲེལ་ལམ་གྱི་སྒྱུ་རྩལ་སོགས་ལ་སློབ་སྦྱོང་སྤྲོད་རྒྱུ་ཤིན་ཏུ་ཉུང་། ང་ཚོས་ལོ་མང་པོར་སྦྱངས་པའི་རྩིས་རིག་དང་ཚན་རིག་གི་གཞུང་ལུགས་ཁ་ཤས་ནི། དངོས་ཡོད་ལས་ཀའི་ཁྲོད་བཀོལ་སྤྱོད་བྱེད་རྒྱུ་མེད་པ་ཆགས་བཞིན་པ་རེད། དེང་སང་གི་དུས་སུ་མིས་བཟོས་རིག་ནུས་(AI) དང་རང་འགུལ་འཕྲུལ་ཆས་ཀྱིས་མིའི་ལས་ཀ་མང་པོ་ཞིག་གི་ཚབ་བྱེད་བཞིན་ཡོད། འོན་ཀྱང་སློབ་གྲྭས་ད་དུང་ཡང་འཕྲུལ་ཆས་ཀྱིས་ལས་སླ་པོར་བྱེད་ཐུབ་པའི་ “བློར་འཛིན་” དང་ “བསྐྱར་ཟློས་” ཀྱི་ལས་ཀར་ཨུ་ཚུགས་བྱེད་ཀྱི་ཡོད། འདིས་སློབ་མ་རྣམས་འབྱུང་འགྱུར་གྱི་འགྲན་རྩོད་ཁྲོད་ཕམ་ཉེས་འབྱུང་གཞིར་གྱུར་ཡོད། སློབ་གྲྭ་ཐོན་པའི་སློབ་མ་མང་པོ་ཞིག་ལ་ཁྲལ་འཇལ་སྟངས་དང་། དངུལ་རྩིས་བདག་གཉེར་བྱེད་སྟངས། སེམས་ཁམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་འཚོ་བའི་ནང་མཁོ་བའི་ཤེས་བྱ་གང་ཡང་མེད། འདི་ནི་སློབ་གསོའི་ལམ་ལུགས་འདི་དེང་དུས་ཀྱི་དངོས་ཡོད་འཚོ་བ་དང་ཁ་བྲལ་བའི་རྟགས་མཚན་གསལ་པོ་ཞིག་རེད། སློབ་གྲྭ་ནི་ཤེས་བྱའི་བང་མཛོད་ཅིག་ཡིན་དགོས་པ་ལས། དུས་ལས་ཡོལ་བའི་ཤེས་བྱ་བློ་ལ་འཛིན་སའི་བཙོན་ར་ལྟ་བུ་ཞིག་ཏུ་འགྱུར་མི་ཉན། གལ་ཏེ་ང་ཚོས་སློབ་གསོའི་ལམ་ལུགས་ལ་བསྐྱར་བཅོས་དང་དུས་ཚོད་ལ་བསྟུན་ནས་ཡར་རྒྱས་མ་གཏང་ན། མ་འོངས་པའི་མི་རབས་རྣམས་དུས་རབས་གསར་པའི་རྗེས་མི་ཟིན་པའི་ཉེན་ཁ་ཆེན་པོ་ཡོད། དེང་སང་གི་དུས་འདིར་རིག་ནུས་དང་ཨང་སྒྲིག་མཉེན་ཆས་སོགས་ནི་སྦྱངས་ན་འགྲིག་པ་ཙམ་མ་ཡིན་པར། མེད་དུ་མི་རུང་བའི་དུས་རབས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། མ་འོངས་པའི་ལས་ཀ་མང་ཆེ་བ་ཞིག་ནི་འཕྲུལ་རིག་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། ཨང་སྒྲིག་ཤེས་མཁན་ཞིག་ཡིན་ན། རྩིས་འཁོར་དང་འཕྲུལ་ཆས་ལ་བཀོད་འདོམས་བྱེད་ཐུབ་པས། ལས་ཀའི་གོ་སྐབས་དང་ཐོབ་ཐང་ལེགས་པ་ཐོབ་རྒྱུ་ནི་སྨོས་མ་དགོས། ཨང་སྒྲིག་མཉེན་ཆས་སྦྱོང་རྒྱུ་ནི་རྩིས་འཁོར་གྱི་སྐད་རིགས་ཤེས་པ་ཙམ་མ་ཡིན་པར། དཀའ་ངལ་ཆེན་པོ་ཞིག་རིམ་པ་བཞིན་དབྱེ་ཞིབ་བྱེད་པ་དང་། གཏན་ཚིགས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པའི་བསམ་བློ་གཏོང་སྟངས་ཤིག་སྦྱོང་བ་ཡིན། དེང་སང་ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ཁ་པར་དང་། དྲ་རྒྱ། སྤྱི་ཚོགས་འབྲེལ་མཐུད་ཀྱི་མཉེན་ཆས་ཚང་མའི་རྒྱབ་ལྗོངས་ནི་ཨང་སྒྲིག་དང་མིས་བཟོས་རིག་ནུས་ལ་བརྟེན་ཡོད། འདི་དག་གི་རྩ་བའི་འགྲོ་སྟངས་ཤེས་ན་ད་གཟོད་ང་ཚོ་ལག་རྩལ་གྱི་བྲན་གཡོག་ཏུ་མི་འགྲོ་བར། ལག་རྩལ་བེད་སྤྱོད་གཏོང་མཁན་ངོ་མ་དེ་ཆགས་ཐུབ། སྔོན་མ་ཡིན་ན་ཡི་གེ་འབྲི་ཀློག་ཤེས་མིན་དེ་...
བོད་མི་ལས་འགུལ་བས་སྲིད་འཛིན་ཊམཔ་མཆོག་ལ་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་པ།
སྲིད་འཛིན་ཊམཔ་མཆོག་གིས་ཞི་ཅིན་ཕིང་དང་མཉམ་གྲོལ་མོལ་སྐབས་བོད་ཀྱི་གནད་དོན་ཐོག་ལ་གྲོས་མོལ་དགོས་པའི་འབོད་སྐུལ་ཞུས་པ།
དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།
རྩོམ་པ་པོ། ཐོག་མདའ། དེང་སང་གི་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་ལུགས་དང་དངོས་ཡོད་འཚོ་བའི་བར་གྱི་རྒྱང་ཐག་སྐོར་ལ་བསམ་གཞིག་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་བཞིན་ “སློབ་གྲྭའི་སློབ་ཚན་མང་པོ་ཞིག་དུས་ལས་ཡོལ་ཟིན་པའི་” ལྟ་ཚུལ་འདི་དེང་སྐབས་འཛམ་གླིང་ཡོངས་ལ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དུས་རབས་ཉེར་གཅིག་པ་འདི་ནི་འཕྲུལ་རིག་ལག་རྩལ་དང་གནས་ཚུལ་ཁྱབ་འཕེལ་གྱི་མྱུར་ཚད་བསམ་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་། དེང་སང་གི་སློབ་གྲྭ་མང་ཆེ་བའི་སློབ་ཚན་དང་སློབ་ཁྲིད་བྱེད་སྟངས་ལ་བལྟས་ན། The post དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན། appeared first on བོད་ཀྱི་བང་ཆེན།.
ཟླ་ ༥ ཚེས་ ༡༣ ཉིན་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲཊ་བསྐྱང་ཐུབ་བམ།
གྲུབ་འབྲས་གསལ་བསྒྲགས་གནང་རྒྱུར་ངང་འཐེན་ཡོང་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་འདུག
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་འཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།
ཕྱི་ལོ་༢༠༢༦ ཟླ་༥ ཚེས་༨ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༧ ཉིན། རྒྱ་ནག་གི་དམག་དོན་ཁྲིམས་ཁང་གིས་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧོ་ (Wei The post རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་འཕར་འགྱངས་ཀྱི་སྲོག་ཁྲིམས་བཅད། appeared first on བོད་ཀྱི་བང་ཆེན།.
དཔའ་ཤོད་སློབ་ཆུང་གི་སློབ་ཕྲུག་ ༡༨ པེ་ཅིང་དུ་ཁྲིད་ནས་ཀྲུང་ཧྭ་རིག་གནས་ཟེར་བ་རྒྱུས་ལོན་བྱེད་དུ་བཅུག་འདུག
ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་བོད་ཀྱི་དཔའ་ཤོད་རྫོང་ནས་ལོ་ ༡༥ མན་གྱི་གཞུང་གི་བཅའ་སྡོད་སློབ་ཕྲུག་ ༡༨ རྒྱལ་ཁབ་སྒྲིག་འཛུགས་འོག་ཀྱི་རིག་གནས་རྒྱུས་ལོན་ཟེར་བའི་ལས་གཞིའི་ཆ་ཤས་སུ་ས་གནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་པ་རྣམས་ཀྱིས་སྣེ་ཁྲིད་ནས་པེ་ཅིང་དུ་ཀྲུང་ཧྭ་རིག་གནས་རྒྱུས་ལོན་བྱེད་དུ་ཁྲིད་འདུག བོད་ཕྲུག་དེ་དག་པེ་ཅིང་དུ་སླེབས་རྗེས་འབྲེལ་ཡོད་གཞུང་གི་ལས་བྱེད་ཚོས་སྣེ་ལེན་དང་འབྲེལ་སློབ་ཕྲུག་ཚོའི་གདོང་ལ་རྒྱ་ནག་གི་རྒྱལ་དར་དང་། ལུས་ལ་བོད་ཆས་གྱོན་རྗེས་རྒྱལ་སར་ལྟ་སྐོར་དུ་ཁྲིད་ཡོད་འདུག སློབ་ཕྲུག་རྣམས་ལ་རྒྱ་ནག་གི་དམར་དམག་འགྲེམས་སྟོན་ས་ཚིགས། ལོ་རྒྱུས་འགྲེམས་སྟོན་ཁང་། ལག་རྩལ་བཟོ་གྲྭ། བོད་མི་རྣམས་བཅིངས་གྲོལ་བཏང་ཡོད་ཚུལ་གྱི་གློག་བརྙན་འགྲེམས་སྟོན། རྒྱ་ནག་གི་རྒྱལ་གླུའི་མཛད་སྒོར་ཞུགས་བཅུག་ཅིང་། རྒྱ་ནག་ལ་བསྟོད་པའི་གླུ་ལེན་གར་རྩེད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཁྲིད་འདུག གནས་ཚུལ་ཤེས་རྟོགས་ཡོད་མཁན་འགའ་ཞིག་གིས་བརྗོད་པ་ལྟར་ན། ད་སྐབས་བོད་ཀྱི་ཕྲུག་གུ་ཆུང་ཆུང་དག་རྒྱ་ནག་ནང་དུ་ལྟ་སྐོར་ཡིན་ཟེར་ནས་ཁྲིད་འགྲོ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་ཕ་མ་མང་པོ་ཞིག་གིས་རང་གི་བུ་ཕྲུག་རྣམས་པེ་ཅིང་སོགས་རྒྱ་ནག་གི་ས་ཁུལ་ཁག་ཏུ་ཁྲིད་པར་མོས་མཐུན་མེད་ནའང་གཞུང་གི་ལས་གཞི་ཡིན་ཟེར་ནས་ཁྲིད་འགྲོ་སྐབས་ཕ་མ་རྣམས་ལ་བྱ་ཐབས་ཅི་ཡང་མེད་པ་རེད་འདུག སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་ས་ཁྱོན་ཡོངས་སུ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་ཕྲུག་ས་ཡ་འགལ་བ་རང་ཉིད་ཀྱི་ཕ་མ་དང་བོད་ཡིག་བོད་སྐད་ཁ་བྲལ་བཏང་སྟེ། བཙན་གྱིས་སློབ་གྲྭ་དེ་དག་ནང་བཅུག་བཞིན་པ་མ་ཟད། བོད་པའི་བྱིས་པ་རྣམས་ལ་དམག་སྦྱོང་དང་ཆབ་སྲིད་སློབ་གསོ་ཟེར་བ་སྤྲོད་ཆེད་དམག་གི་ཐོག་ལ་ཆེད་མཁས་མི་སྣ་འགྲེམས་འཇོག་དང་། དུས་ནས་དུས་སུ་པེ་ཅིང་ལྟ་བུའི་ནང་སློབ་གསོའི་ལྟ་སྐོར་ལ་ཁྲིད་དེ་རྒྱལ་གཅེས་ཀྱི་བློ་གོང་འཕེལ་སོགས་ཀྱི་ལས་གཞི་རིམ་པ་སྤེལ་བཞིན་ཡོད་པ་རེད། མ་ཟད་དེ་སྔ་ཁམས་ཡུ་ཤུལ་མཛའ་སྟོད་ཁུལ་གྱི་འབྲོག་པའི་སློབ་མ་ཁག་ཅིག་པེ་ཅིང་དུ་ཉིན་བཅུའི་ལྟ་སྐོར་ཁྲིད་དེ་རང་ཡུལ་དུ་ཕྱིར་ལོག་སྐབས། རྒྱ་ནག་དང་རྒྱ་ནག་དམར་ཤོག་ཚོགས་པ། སྤྱི་ཚོགས་རིང་ལུགས་བཅས་ལ་བསྟོད་བསྔགས་དང་ཐུགས་རྗེ་ཆེ་ཞུ་བའི་རྩོམ་ཡིག་འབྲི་རུ་བཅུག་པ་མ་ཟད། མང་ཚོགས་ལ་དེ་འབྲེལ་གཏམ་བཤད་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་གྱི་འཁྱོགས་བཤད་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་དུ་བཅུག་པའི་གནས་ཚུལ་ཡང་བྱུང་ཡོད། The post དཔའ་ཤོད་སློབ་ཆུང་གི་སློབ་ཕྲུག་ ༡༨ པེ་ཅིང་དུ་ཁྲིད་ནས་ཀྲུང་ཧྭ་རིག་གནས་ཟེར་བ་རྒྱུས་ལོན་བྱེད་དུ་བཅུག་འདུག appeared first on vot.
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་སྲོག་ཐོག་ཉེས་ཆད་དང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པར་ཞིབ་བཤེར་བྱེད་བཞིན་པ།
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་སྲོག་ཐོག་ཉེས་ཆད་བཅད་ཡོད་པ་དང་། ཉེས་ཆད་དེའང་ལོ་གཉིས་དུས་འགྱངས་བྱས་ཡོད་པ་རེད་འདུག དེ་ཡང་ཁ་སང་ཚེས་ ༧ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧུའ་སོགས་ཀྱི་ནང་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱལ་སྲུང་བློན་ཆེན་ཟུར་པ་ Wei Fenghe ཝེ་ཧྥེན་ཧཱའེ་དང་ Li Shangfu ལི་ཧྲང་ཧྥུ་གཉིས་ལ་ལྐོག་ཟ་རུལ་སུངས་དང་སྲིད་དོན་གོ་གན་བེད་སྤྱོད་ཀྱིས་སྒེར་གྱི་ཁེ་ཕན་བླངས་བའི་ཉེས་འཛུགས་འོག་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག Wei Fenghe ཝེ་ཧྥེན་ཧཱའེ་ཡིས་ཕྱི་ལོ་ ༢༠༡༨ ནས་ ༢༠༢༣ བར་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་འཁུར་ཡོད་པ་དང་། Li Shangfu ལི་ཧྲང་ཧྥུ་ཡིས་ཕྱི་ལོ་ ༢༠༢༣ ཟླ་ ༣ ནས་ཟླ་ ༨ པའི་ལས་འགན་འཁུར་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༣ ལོ་དེའི་ནང་ཁོ་པ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་ཞིབ་འཇུག་བྱས་པའི་རྗེས། ཕྱི་ལོ་ ༢༠༢༤ ལོར་ཤིན་ཧུའ་གནས་ཚུལ་སྤེལ་བའི་ནང་ཝེ་ཧྥེན་ཧཱའེ་ཡིས་དངུལ་ཕོན་ཆེན་ལྐོག་རྔན་བླངས་ཡོད་པ་དང་སྒེར་གྱི་ནང་སྒྲིག་བརྒྱུད་གཞན་ལ་ཚུལ་མཐུན་མིན་པའི་ཁེ་ཕན་སྤྲོད་ཡོད་སྟབས། བྱ་སྤྱོད་དེ་ནི་ཛ་དྲག་གི་རང་བཞིན་ཞིང་ཡིན་ཞིང་། ཧ་ཅང་གནོད་འཚེ་ཆེ་བའི་ཤུགས་རྐྱེན་ཞིག་ཡིན་པ་མངོན་གསལ་བྱས་ཡོད། དེ་བཞིན་ལི་ཧྲང་ཧྥུ་ཡིས་དངུལ་གྱི་ལྐོག་རྔན་བླངས་བ་མ་ཟད་གཞན་ལ་ཡང་ལྐོག་རྔན་སྤྲོད་ཡོད་ཅིང་། རང་གཞན་གཉིས་ཀྱི་སྒེར་གྱི་ཁེ་ཕན་གྲུབ་ཡོད་སྟབས། ཆབ་སྲིད་ཀྱི་ལས་འགན་ཡོངས་སུ་གྲུབ་མེད་པར་མངོན་གསལ་བྱས་ཡོད།...
བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་དེ་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་གནང་འདུག་ལ་ཞུ་སྦྱོར་བའི་ངོས་ནས་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཡང་ཕུལ་འདུག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུགས་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་དེབ་འགོད་གནང་འདུག་ལ། དེ་རིང་ཕྱི་ཟླ་ ༥ ཚེས་ ༨ ཉིན་གྱི་ཉིན་གུང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས། བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ལ། བར་བརྒལ་བཀའ་ཁྱབ་དེ་གཏང་བ་ཡིན་ན་དབུས་འོས་བསྡུ་ལས་ཁང་གིས་ལས་མཚམས་འཇོག་དགོས་པའི་གནས་སྟངས་ཆགས་ཉེན་ཆེན་པོ་འདུག དོན་ཚན་ ༧༦ པ་བར་བརྒལ་གྱི་བཀའ་ཁྱབ་ལ་ནང་གསེས་ ༣ ཡོད་པའི་དང་པོའི་ནང་། རྩོད་གཞི་ཅན་གྱི་དངོས་པོ་གང་ཞིག་ཆུད་ཟོས་སམ། གནོད་སྐྱོན། གཞན་འགྱུར་བཅས་གང་རུང་ཡོང་ཉེན་ཡོད་པ་སོགས་གསལ་བ་བཞིན། ཞུ་སྦྱོར་བའི་ངོས་ནས་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ཡིན་ན། ཞུ་གཏུགས་ཀྱི་ཁ་མཆུར་གནོད་སྐྱོན་ཡོང་གི་ཡོད་པའི་ངོས་འཛིན་འོག་བར་བརྒལ་བཀའ་ཁྱབ་གནང་དགོས་པའི་སྙན་ཞུ་ཕུལ་བ་ཞིག་ཡིན་འདུག་ལ། བར་བརྒལ་བཀའ་ཁྱབ་ཀྱི་དོན་ཚན་ཁག་གི་ནང་། བྱ་བ་གང་ཞིག་དེ་འཕྲལ་བྱས་པའམ་མ་བྱས་པའི་རྐྱེན་གྱིས་གྱོད་ཡ་གཞན་དེར་གནོད་སྐྱོན་ཕོག་གཞི་ཆགས་པ་བཅས་གང་རུང་ར་འཕྲོད་བྱུང་ན། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཐག་ཆོད་མ་བྱུང་བར་རམ། བཀའ་ཁྱབ་གཞན་ཞིག་མ་བྱུང་བར་དུ་བདེ་སྡུག་ཞུ་མཁན་གྱོད་ཡ་དེར་གུན་གསབ་ཐོབ་སླད་ཁ་གཏད་གྱོད་ཡ་དེར་བྱ་བ་གང་ཞིག་བྱེད་དུ་འཇུག་པའམ་མི་འཇུག་པ་དང་། བཀག་འགོག མཚམས་འཇོག་བཅས་གང་རུང་གི་བར་བརྒལ་བཀའ་ཁྱབ་གཏོང་ཆོག་གི་ཡོད་འདུག་ལ། བར་བརྒལ་བཀའ་ཁྱབ་དེ་ལམ་སེང་མ་བཏང་ན་དུས་ཚོད་ཀྱི་ཐོག་ནས་སྐྱོན་གནད་ཆགས་ཀྱི་ཡོད་པའི་ཛ་དྲག་ཡོད་ཚེ་སྔོན་ཚུད་བརྡ་ཐོ་མ་དགོས་པར་ལམ་སེང་བཀའ་ཁྱབ་གཏོང་ཆོག་གི་ཡོད་འདུག དེ་བཞིན་བར་བརྒལ་བཀའ་ཁྱབ་བཏང་བ་དེར་གྱོད་ཡ་སུ་རུང་ནས་འདོད་བབས་མ་བྱུང་བའི་སྙན་ཞུ་ཕུལ་ཚེ་ཁྲིམས་ཞིབ་ཁང་ནས་བར་བརྒལ་གྱི་བཀའ་ཁྱབ་བཏང་བ་གང་ཞིག་ཕྱིར་འཐེན་ནམ། སྒྱུར་བཅོས། ངང་འཐེན་བཅས་གང་རུང་གི་ཆེད་དུ་བཀའ་ཁྱབ་གཏོང་ཆོག་གི་ཡོད་འདུག...
རྒྱ་གར་ལྷོ་ཕྱོཊ་ཀྱི་གློག་བརྙན་འཁྲབ་མཁན་གཉིས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།
༧གོང་ས་མཆོག་གིས་དགུང་ལོ་ ༡༣༠ ལྷག་བཞུགས་སྒྱུའི་སྐོར་བཀའ་གནང་བྱུང་ཞེས་གསུངས་པ།
ཨོ་གླིང་སྐུ་ཚབ་དོན་གཅོད་ནས་ཨོ་གླིང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་དང་མཇལ་འཕྲད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀ...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༧ ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། དེ་བཞིན་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མགོ་ལོག་འཇིགས་མེད་ལགས་བཅས་ནས་ཨོ་གླིང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ཌེན་ནི་ལཱ་ གཱཝ་ཤོན་ (Daniela Gavshon) ལགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཡལ་ཀུན་ཨུ་ལུ་ཡོལ་ (Yalkun Uluyol) ལགས་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ཉེ་ལམ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་འདི་ལག་བསྟར་བརྒྱུད་བོད་པ་ཚུད་པའི་གྲངས་ཉུང་མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་སྤྲོད་ངེས་ཡིན་པའི་སེམས་འཚབ་བསྟན་ཡོད། མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ནས་ཆུང་བྱིས་པའི་དུས་ནས་འགོ་བཙུགས་ (Start with the Youngest Children) ཞེས་པའི་སྙན་ཐོ་འདོན་སྤེལ་གནང་བར་དགའ་བསུ་ཞུས་ཡོད། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་སྔོན་འགྲོའི་སློབ་གྲྭ་ཁག་བེད་སྤྱོད་བྱས་ཏེ་བོད་མི་རྣམས་མཉམ་བསྲེས་བྱེད་བཞིན་པ་དང་། འདིའི་བརྒྱུད་བོད་ཀྱི་སྐད་དང་རིག་གཞུང་རྒྱུན་གནས་ཐུབ་པར་ཉེན་ཁ་བཟོ་བཞིན་ཡོད་པའི་དཔང་རྟགས་ལྡན་པའི་ཡིག་ཆ་མཁོ་སྤྲོད་གནང་ཡོད། ཉིན་རྒྱབ་ཏུ་སྐུ་ཚབ་ཚོགས་ཆུང་རྣམས་ཨེ་ཤི་ཡ་ཞི་བདེ་ཞིབ་འཇུག་ཚོགས་ (Asia Pacific Research Group) པས་ཨོ་གླིང་གི་གྲོང་ཁྱེར་སིཌ་ནིར་རྟེན་གཞི་བྱས་པའི་སིཌ་ནི་བཟོ་རིག་པའི་གཙུག་ལག་སློབ་གཉེར་ཁང་དུ་ The Vicious Cycle: China’s Insecurity, Repression...















