Tibetan
རྒྱ་གཞུང་ལ་དགོས་འདུན་དོན་ཚན་བཞི་དང་དགག་བྱ་གཅིག་བཅས་ཆེད་འདོན་གྱིས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།
སང་ཉིན་ཕྱི་ཟླ་ ༥ ཚེས་ ༣ ཉིན་མོ་སྟེ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན། འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ནང་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས། རྒྱ་གཞུང་ལ་དགོས་འདུན་དོན་ཚན་བཞི་དང་དགག་བྱ་གཅིག་བཅས་ཆེད་འདོན་གནང་བའི་བརྒྱུད་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྔ་ནུར་གྱིས་སྲུང་བརྩི་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ སྟེང་དྷ་ས་གྷམ་རུ་གྲོང་གསེབ་ཏུ་ཆགས་པའི་དོ་ར་ཇ་ཁང་དུ་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་སྟབས་བདེའི་མཛད་སྒོ་ཞིག་འཚོགས་པའི་ཐོག་བཙན་བྱོལ་ནང་གི་གསར་འགོད་པ་ཁག་གཅིག་ནས་མཉམ་ཞུགས་གནང་སོང་བ་དང་། སྐབས་དེར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པའི་ལས་རོགས་སྐལ་བཟང་སྦྱིན་པ་ལགས་ཀྱིས་དེ་རིང་གི་ཉིན་མོ་དང་འབྲེལ་བའི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་དུ། དེ་རིང་ང་ཚོ་བཙན་བྱོལ་བའི་གནས་སྟངས་འོག་ནས་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། ང་ཚོས་སྤོབས་པ་དང་ལྡན་པའི་ཐོག་ནས་རང་དབང་དང་འདྲ་མཉམ། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། བོད་རྒྱལ་ཁབ་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་མ་འོངས་པའི་གཞི་རྟེན་བསྐྲུན་བཞིན་ཡོད་པས། ང་ཚོས་དེ་རིང་འདིར་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་དུ་རྩིས་ཆོག་པ་ཡིན་ཞེས་གསུངས་སོང་། མ་ཟད། འདི་ལོའི་འཛམ་གླིང་གསར་འགོད་རང་དབང་ཉིན་མོའི་གཏན་འབེབས་བརྗོད་གཞི་ནི། ཞི་བདེ་ལྡན་པའི་མ་འོངས་པ་ཞིག་འཛུགས་སྐྲུན་བྱེད། འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་གསར་འགོད་རང་དབང་གོང་འཕེལ་གཏོང་ཞེས་པ་དེ་ཡིན་འདུག་ཅིང་། བོད་ཀྱི་གསར་འགོད་མཐུན་ཚོགས་ངོས་ནས་ཀྱང་འདི་ལོའི་གསར་འགོད་རང་དབང་ཉིན་མོའི་གཏན་འབེབས་བརྗོད་གཞི་ནི། ཀ་ཁ་ག་ངའི་བདག་པོ་བོད་མི་ཡིན། ང་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད། ཅེས་པ་དེ་ཡིན་ཞིང་། བརྗོད་གཞི་འདི་ནི་གཙོ་བོ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་དགོས་པའི་ཐད་ཀྱི་བཀའ་སློབ་དང་ལྷག་པར་དུ་ཉེ་ཆར་གཏན་འབེབས་བྱས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཞི་དང་མི་རིགས་བཅའ་སྡོད་སློབ་གྲྭ་ཟེར་བའི་ལམ་ལུགས་སོགས་ཀྱི་བརྒྱུད་བོད་ནང་གི་མི་རབས་གསར་པ་མང་པོ་རང་མི་རིགས་ཀྱི་སྐད་ཡིག་མི་ཤེས་པའི་མི་རབས་ཤིག་ཏུ་བསྒྱུར་མུས་ཡིན་པ་སོགས་ལ་བརྟེན་ང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་ཆེན་དུ་བརྩིས་ནས་བདམས་ཡིན་པ་གསུངས་སོང་། ལྷག་པར་དུ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོས་དེ་རིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་བསྟུན་ད་ཆ་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡི་གེ ལོ་རྒྱུས་དང་བཅས་པ་རྒྱ་སྒྱུར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བཞི་དང་དགག་བྱ་གཅིག་བཅས་ཆེད་འདོན་གནང་བའི་ནང་། རྒྱ་ནག་གཞུང་ལ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ་དང་། གནས་ཚུལ་ཁ་གསལ་བཟོ་དགོས་པ། རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས་པ། དེ་བཞིན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་དགོས་པ། དེ་བཞིན་བོད་མི་ལོ་ཆུང་རྣམས་བཅའ་སྡོད་སློབ་གྲྭར་བཅུག་མཚམས་བཞག་ནས་སོ་སོའི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་དང་གཅེས་སྤྲས་བྱེད་པའི་ཐོབ་ཐང་སྤྲོད་དགོས། མ་ཟད་ཀྲུང་ཧ་མི་རིགས་གཅིག་གྱུར་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་རིགས་རྩ་གཏོར་གྱི་གཡོ་ཇུས་ཤིག་ཡིན་པས་མཐའ་གཅིག་ཏུ་དགག་པ་བྱ་རྒྱུ་ཡིན་ཞེས་འཁོད་འདུག...
ཨང་སན་སུ་ཀི་གློད་བཀྲོལ་བཏང་ཡང་བཟང་བཙོན་དུ་བཞག་ཡོད་འདུག
འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཀི་ཕྱི་ལོ་༢༠༢༡ ནས་བཙོན་འཇུག་བྱས་ཡོད་པ་དང་། ཉེ་ཆར་ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། བཟང་བཙོན་དུ་བཞག་ཡོད་པའི་གནས་ཚུལ་ཐོན་འདུག The post ཨང་སན་སུ་ཀི་གློད་བཀྲོལ་བཏང་ཡང་བཟང་བཙོན་དུ་བཞག་ཡོད་འདུག appeared first on བོད་ཀྱི་བང་ཆེན།.
༧རྒྱལ་བ་ཇོ་ནང་པ་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
དད་ལྡན་པ་ཡོངས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོང་བར་འབད་པ་ཞུ་དགོས་གལ་ཆེ་ཞེས་གསུང་འཕྲིན་བསྩལ་བ།
རྒྱ་གར་ནང་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་འབྲེལ་བ་རྩ་ཆེན་ཞིག་ཡོད་སྐོར་གསུངས་པ།
ལ་དྭགས་དང་བོད་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ཚོང་འབྲེལ་དང་ནང་ཆོས་ཀྱི་ཐོག་ནས་འབྲེལ་བ་བཟང་པོ་ཡོད་སྐོར་གསུངས་པ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་དང་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་པའི་གྲོས་ཆོད་བཞག་འདུག
[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣༠ ཉིན། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་“མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་”ཅེས་པར་སྐྱོན་བརྗོད་དྲག་པོ་བྱས་ནས་མང་མོས་ཀྱིས་གྲོས་ཆོད་ཅིག་བཞག་ཡོད་འདུག ཡུ་རོབ་གྲོས་ཚོགས་འཐུས་མི་ཚོས། ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡ The post རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་དང་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་པའི་གྲོས་ཆོད་བཞག་འདུག appeared first on བོད་ཀྱི་བང་ཆེན།.
༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཉིན་མོར་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་རྒྱུའི་སྐུལ་མ་མཛད་འདུག
དེ་རིང་ཕྱི་ཟླ་ ༥ པའི་ཚེས་ ༡ ཉིན་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ སྟེ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང༌། སངས་རྒྱས་པ། དེ་བཞིན་མྱ་ངན་ལས་འདས་ནས་མི་ལོ་ ༢༥༠༠ ལྷག་འཁོར་བའི་ Buddha Purnima ཞེས་དུས་ཆེན་ཁྱད་འཕགས་པ་གསུམ་འཛོམས་གྱི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་སྒྲུབ་མཆོད་ཀྱི་ཚོགས་དགོན་དུ་དབུ་བཞུགས་མཛད་པ་མ་ཟད། དེ་རིང་གི་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་ཞིག་སྩལ་འདུག་པ་དེའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་ནང་པ་སངས་རྒྱས་པའི་ཆོས་དད་འཛིན་མཁན་རྣམས་ལ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་སྐུལ་མ་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག དེ་ཡང་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་གྱི་ནང་དུ། དེ་རིང་གི་ཉིན་མོ་འདི་ནི་ལོ་ངོ་ ༢༥༠༠ གོང་ལ་སངས་རྒྱས་ཤྭཀྱ་ཐུབ་པས་འཇིག་རྟེན་འདིར་ནང་པའི་ཆོས་ཀྱི་འོས་སྣང་སྩལ་བ་ཐུགས་དྲན་གསོ་དང་འབྲེལ། དུས་དེ་ནས་བཟུང་འཛམ་གླིང་འདིར་འགྱུར་བ་ཆེན་པོ་ཕྱིན་ཡོད་ནའང་། སངས་རྒྱས་ཀྱི་གསུང་དེ་དག་ད་ལྟའང་འབྲེལ་བ་ཆེན་པོ་ཡོད་པ་དང་། སངས་རྒྱས་ཀྱི་རྟེན་འབྲེལ་གྱི་གནས་ལུགས་ཟབ་མོ་དང་། གཞན་ལ་གནོད་པ་མི་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་དགོས་པའི་སླབས་བྱ་དེ་དག་ནི། དུས་ཚོད་འཁྲུག་ཆ་དོད་པའི་ནང་ཉིན་རེའི་འཚོ་བའི་ནང་ཆེས་སྙིང་རྗེ་དང་ལག་ལེན་དུ་བསྟར་བདེ་བའི་ལམ་སྟོན་ཞིག་རེད་ཅེས་བཀའ་སྩལ་འདུག ༸མགོན་པོ་མཆོག་གིས་ད་དུང་། ངོས་ནས་གོ་སྐབས་ནམ་བྱུང་ལ་ནང་པའི་ཆོས་དད་འཛིན་མཁན་རྣམས་ལ་སངས་རྒྱས་ཀྱི་གསུང་དེ་དག་གི་དོན་ངོ་མ་འཚོལ་ཞིབ་བྱེད་རྒྱུ་དང་དེ་དག་ལག་ལེན་དུ་འཁྱེར་ཆེད་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་སྐུལ་མ་མཛད་ཀྱི་ཡོད་པ་དང་། དེའང་ཉན་པ་དང་ཀློག་པ། ཐོས་པ་དང་བཀླགས་པ་ལ་གཏིང་ཟབ་པོར་བསམ་གཞིག་བྱེད་དེ།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གསུང་འཕྲིན་སྩལ་བ།
༄༅། །གནས་བརྟན་སྡེ་པའི་ལུགས་ལྟར་ན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༡ དང་བོད་ཟླ་ ༠༣ ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱ་ཐུབ་པ་མཆོག་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་འཁེལ་ཡོད་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་དད་ལྡན་དང་རྗེས་འབྲང་པ་རྣམས་ལ་གསུང་འཕྲིན་སྩལ་ཡོད། དེ་ཡང་འཚམས་འཕྲིན་ནང་འཁོད་དོན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཚིགས་ཁྱད་པར་ཅན་གསུམ་འཛོམས་ཀྱི་ཉིན་མོ་འདིར་འཛམ་གླིང་སྤྱི་ཡོངས་ཀྱི་ནང་པའི་ཆོས་གྲོགས་ཡོངས་ལ་སྨོན་འདུན་དང་འཚམས་འདྲི་ཞུ་རྒྱུ་ཡིན། དུས་ཁྱད་པར་ཅན་གྱི་ཉིན་འདིར་ལོ་ངོ་ ༢༥༠༠ ལྷག་གི་གོང་ནས་སྟོན་པ་ཤཱཀྱ་ཐུབ་པས་འཇིག་རྟེན་འདིའི་ཐོག་བསྣམས་པའི་འོད་སྣང་འདི་ཉིད་ང་ཚོར་དྲན་སྐུལ་དང་། དུས་དེ་ནས་བཟུང་འཇིག་རྟེན་ཐོག་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་ཤུགས་ཆེ་བྱུང་ཡོད་ཀྱང་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ནི་དེང་གི་དུས་སུའང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་བའི་རྟེན་འབྱུང་གྱི་ལྟ་བ་དང་། གཞན་ལ་གནོད་མ་སྐྱེལ་བར་གཞན་ཕན་གྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ནི་རྙོག་འཛིང་གི་དུས་སྐབས་སུ་བྱམས་བརྩེ་དང་ལག་ལེན་ལྡན་པའི་འཚོ་ཐབས་ཀྱི་ལམ་སྟོན་ལེགས་ཤོས་ཤིག་ཡིན། ངོས་ནས་དུས་རྒྱུན་དུ་ནང་པ་སངས་རྒྱས་པའི་རྗེས་འབྲང་རྣམས་ལ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། དེ་ཡང་ཆོས་ཀྱི་གནས་ལུགས་ངོ་མ་མཐིལ་ཕྱིིན་རྟོགས་པ་བྱེད་དེ་ཉམས་ལེན་བྱེད་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་རང་གི་རྒྱུད་ལ་ཡོངས་སུ་གོམས་པར་བྱེད་དགོས་ཀྱི་ཡོད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ནས་མི་ལོ་ ༢༥༧༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་ནང་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། ཚང་མས་སངས་རྒྱས་ཀྱི་བཀའ་སློབ་དག་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་གྱིས་འཛམ་གླིང་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་ཞབས་འདེགས་སྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་བཅས། །
དཔལ་འབྱོར་ཉམས་རྒུད་ཀྱིས་གསར་འགོད་རང་དབང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་མངོན་གསལ།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ནི་སླར་ཡང་གསར་འགོད་པ་ཆེས་མང་ཤོས་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ལྷག་པར་དུ་དཔལ་འབྱོར་ཉམས་རྒུད་ཀྱིས་གསར་འགོད་རང་དབང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་མངོན་གསལ་གནང་འདུག དེའང་ཕ་རན་སིའི་རྒྱལ་ས་པེ་རིས་ནང་དུ་རྟེན་གཞི་བྱས་པའི་ Reporters Without Borders འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ད་ལན་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་འདས་པའི་ལོ་གཅིག་གི་རིང་ལ་གསར་འགོད་པར་རང་དབང་ཇི་ཙམ་སྤྲད་ཡོད་མེད་དང་འབྲེལ་བའི་དཔྱད་ཞིབ་ཀྱིས་དཀར་ཆག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད། གསར་འགོད་ལས་རིགས་ཀྱི་དཔལ་འབྱོར་གནས་སྟངས་དང་དཔལ་འབྱོར་གྱི་གནོན་ཤུགས་ཀྱི་བྱ་ཐབས་དེས་ཕྱི་ལོ་ ༢༠༢༥ ལོའི་འཛམ་གླིང་ཡོངས་ཀྱི་གསར་འགོད་རང་དབང་ཉམས་རྒུད་དུ་ཕྱིན་པར་མཚོན་གྱི་ཡོད་པ་མངོན་གསལ་གནང་བ་མ་ཟད། ༢༠༢༥ ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འཛམ་གླིང་གསར་འགོད་རང་དབང་གི་དཔྱད་ཞིབ་དཀར་ཆག་ནང་དཔལ་འབྱོར་གྱི་ཚད་གཞི་དེ་སྔར་ལས་ཀྱང་མར་ཆག་སྟེ་ལོ་རྒྱུས་ཀྱི་དམའ་ཤོས་སུ་སླེབས་ཡོད་པ་དང་རྒྱལ་སྤྱིའི་གནས་སྟངས་དེ་ད་ལྟ་དཀའ་ངལ་ཅན་དུ་བརྩི་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག ཚོགས་པའི་དཔྱད་ཞིབ་ཁྲོད་རྒྱ་ནག་དེ་གསར་འགོད་པའི་རང་དབང་གནས་བབ་ཐོག་ཆེས་སྡུག་ཤོས་ཀྱི་གཤམ་ནས་རྩིས་པའི་ཨང་རིམ་ ༡༧༨ པར་ངོས་འཛིན་བྱས་འདུག་པ་དང་འདས་པའི་ལོ་གཅིག་ནང་གསར་འགོད་པ་བཀག་ཉར་བྱས་པའི་སྡེ་ཚན་ཁོངས་སུ་རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རཎ། ཝི་ཏི་ནམ། དེ་བཞིན་ཨུ་རུ་སུ་བཅས་ཀྱིས་གསར་འགོད་པ་བཀག་ཉར་མང་ཤོས་བྱས་ཡོད་སྟབས་རྒྱལ་ཁབ་ལྔ་པོ་དེ་དག་ཆེས་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་གྱིས་བཙོན་འཇུག་མང་ཤོས་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་ཐེར་འདོན་བྱས་འདུག སྙན་ཐོའི་ནང་ ༢༠༢༥ ལོའི་འཛམ་གླིང་གསར་འགྱུར་རང་དབང་གི་གནས་བབ་དང་འབྲེལ་བའི་དཀར་ཆག་གི་གྲངས་ཐོ་ལྟར་བྱས་ན། དཔྱད་ཞིབ་གནང་བའི་རྒྱལ་ཁབ་ ༡༨༠ ནང་ནས་ ༡༦༠ ཡི་གསར་འགྱུར་བརྒྱུད་ལམ་ཁག་ལ་དཔལ་འབྱོར་སྲ་བརྟན་དཀའ་བའམ་ཡང་ན་གཏན་ནས་སྲ་བརྟན་བྱེད་མི་ཐུབ་པར་འགྱུར་མུས་ཡིན་པ་མ་ཟད། གནས་སྟངས་ཐབས་སྡུག་པ་ཞིག་ལ་རྒྱལ་ཁབ་གསུམ་ཆ་གཅིག་ནང་གསར་འགྱུར་བརྒྱུད་ལམ་ཁག་དངུལ་གྱི་དཀའ་ངལ་རྐྱེན་པས་སྒོ་རྒྱག་བཞིན་ཡོད་པ་དང་དེའི་ཁོངས་སུ་ཨ་རི་དང་ཊུ་ནི་ཤི་ཡ། ཨར་ཇེན་ཊི་ནི་བཅས་ཚུད་ཡོད་པ་བཀོད་འདུག མ་ཟད་ཨ་རིའི་ནང་དུ་མཚོན་ན། འདས་པའི་ལོ་གཉིས་ཀྱི་རིང་ལ་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཉམས་རྒུད་དུ་ཕྱིན་ཡོད་པ་དང་ས་གནས་མང་པོར་ད་ཆ་ས་གནས་ཀྱི་གསར་འགྱུར་ཧ་ཅང་ཉུང་ངུ་ཡང་ན་གཅིག་ཀྱང་མེད་པ་ཆགས་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་ཊོ་ནལ་ཊམ་མཆོག་གི་སྐབས་གཉིས་པའི་ལས་ཡུན་རིང་གསར་འགོད་པ་ཚོར་གནོན་ཤུགས་ཇེ་ཆེར་ཕྱིན་ཏེ་ United States Agency...
བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དེ་བཞིན་རང་དབང་དང་དྲང་བདེན་ཕྱི་གསལ་ནང་གསལ་བྱུང་བ་དེ་བོད་མིའི་མང་གཙོའི་རྒྱལ་ཁ་ཡིན་པ་གསུངས་འདུག
ཨ་རིར་རྟེན་གཞི་བྱས་པའི་ International Campaign for Tibet (ICT) འམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། དེ་གའི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཆེད་ལས་མི་སྣ་ཁག་གཅིག་དང་ལྷན་དུ་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་ཐོག་ཞིབ་འཇུག་གིས་གྲུབ་དོན་དུ། ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་རང་དབང་དང་དྲང་བདེན། ཕྱི་གསལ་ནང་གསལ་བྱུང་ཡོད་པ་དང་དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་རྒྱལ་ཁ་ཡིན་པ་གསུངས་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། དེ་གའི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཆེད་ལས་མི་སྣ་ཁག་གཅིག་དང་ལྷན་དུ་འོས་བསྡུའི་ཞིབ་འཇུག་ཚོགས་ཆུང་ཞིག་གི་བརྒྱུད། ཉིན་ཤས་གོང་གི་ཕྱི་ཚེས་ ༢༦ ཉིན་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་དངོས་གཞིའི་ལས་རིམ་དབུ་འཛུགས་མ་ཞུས་གོང་དང་མཇུག་སྒྲིལ་རྗེས་སུ་རྒྱ་གར་ལྷོ་བྱང་ཁུལ་གྱི་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་ཞིབ་འཇུག་གིས་སྙན་ཐོའི་ཐོག་མའི་གྲུབ་དོན་དུ། འཛམ་གླིང་ཁྲོད་ཀྱི་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་གྱར་ཡོད་བའི་བོད་མི་ཚོར་དབུས་འོས་བསྡུ་ལས་ཁང་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གསར་གཏོད་དང་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཐོག་རང་སོ་སོའི་སྤྱི་འཐུས་ཀྱི་འོས་མིར་འོས་འཕེན་གྱི་གཞི་རྩའི་ཐོབ་ཐང་ངེས་པར་དུ་ལོངས་སུ་སྤྱོད་ཐུབ་པར་བཟོས་ཏེ་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྐྱངས་ཡོད་པར་བསྔགས་བརྗོད་ཡི་རངས་ཞུས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཙན་བྱོལ་བོད་མོའི་འོས་བསྡུ་ཆེན་མོའི་ཐོག་གི་ཞིབ་འཇུག་སྙན་ཐོ་ཆ་ཚང་ཡོང་རྒྱུའི་བདུན་ཕྲག་འགའ་ཤས་ནང་འདོན་སྤེལ་གནང་འཆར་ཡོད་ཀྱང་། ཐེངས་འདིར་སྙན་ཐོའི་ཐོག་མའི་གྲུབ་དོན་གྱི་མཚོན་དོན་ཙམ་འདིར་གླེང་བ་ཞིག་རེད་འདུག་ལ། དེའི་ནང་། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་འཁྱོག་བཤད་དང་དྲྭ་ཐོག་རྫུན་གཏམ་ཁྱབ་སྤེལ་གྱི་འབད་བརྩོན་རྒྱུན་མཐུད་བྱས་ཀྱང་། འོས་བསྡུའི་ལས་རིམ་དེ་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་མཇུག་བསྐྱངས་ཐུབ་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་གྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དེ་བཞིན་ཕྱི་ཟླ་ ༢ པ་ནས་དབུ་འཛུགས་གནང་ཟིན་པའི་སྔོན་འགྲོའི་ལས་རིམ་ལྟར་ལམ་ལྷོངས་ཐོག་ཕྱི་གསལ་ནང་གསལ་མུ་མཐུད་དེ་འགྲོ་ཐུབ་པ་དེ་བོད་མིའི་མང་གཙོའི་བརྟན་བརླིང་གྱི་རང་བཞིན་བསྟན་གྱི་ཡོད་པ་གསུངས་པ་དང་འབྲེལ། བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། མ་འོངས་བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཚོས་ཐག་གཅོད་གནང་གི་རེད་ཅེས་གསལ་འདོན་གནང་བ་མ་ཟད། ཁོང་རང་ཉིད་དངོས་སུ་འོས་བསྡུའི་ལས་རིམ་ནང་བརྟག་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་བ་འགྲེལ་བརྗོད་ཀྱིས།...
སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།
རྩོམ་པ་པོ། བློ་བཟང་ཨོ་རྒྱན། རྩོམ་ཁུངས། བོད་ཀྱི་དུས་བབ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་སྲིད་སྤྱི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་ལ་འོས་གྲངས་ ༣༡༣༢༥ ཐོབ་ཡོད་པ་དེ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཡོད་ལུགས་བཀོད་འདུག གསལ་བསྒྲགས་དེའི་ནང་། སྔོན་འགྲོ་འོས་བསྡུའི་ནང་ཆ་ཤས་ལེན་མཁན་འོས་འཕེན་པ་གྲངས་ ༥༡༡༤༠ ནས་སྲིད་སྐྱོང་གི་འོས་མི་གྲངས་ ༡༠༣ ལ་འོས་ཤོག་འཕངས་ཚུལ་གསལ་བ་ལྟར་ན། རྩིས་རིག་གི་ལམ་ནས་རྩིས་བསྐོར་བྱས་པའི་རྩིས་འབྲས་ནི་(༣༡༣༢༥÷༥༡༡༤༠)x༡༠༠%=༦༡.༢༥༣༤% ཡིན་པས། འོས་བསྡུ་ལས་ཁང་ནས་གྲངས་ཆུང་ ༢༥ ཡི་ཚབ་ཏུ་གྲངས་ཆུང་ ༠༢༥ བཀོད་པ་དེས་སྤེན་པ་ཚེ་རིང་གི་འོས་ཐོབ་བརྒྱ་ཆ་གྲངས་ཆུང་ ༢༣ ཉུང་འཕྲི་བྱས་ཏེ། འོས་ཤོག་གྲངས་ ༡༡༧.༦ རྩིས་མེད་བཏང་བ་ཆགས་ཡོད། ཨང་རྩིས་ཀྱི་ནོར་འཁྲུལ་འདི་ལྟ་བུའང་དབུས་འོས་བསྡུ་ལས་ཁང་ནས་ད་བར་བཟོ་བཅོས་གནང་མི་འདུག བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་ཐམ་དང་མིང་རྟགས། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ ༩ ཡི་མིང་རྟགས་བཀོད་པའི་ཡིག་ཆ་གཞིར་བཟུང་ཚེ།...
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།
The post ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ། appeared first on བོད་ཀྱི་དུས་བབ།.
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ནས་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་འཁོར་སྒྲུབ་མཆོད་ཆེན་མོའི་དངོས་གཞིའི་ཚོགས་མགོན་དུ་ཆིབས་བསྒྱུར་དང་། ཕོ་བྲང་དུ་གཞིས་བྱེས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ནས་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་བཞེས་བསྐྱངས་ཡོད་པ་རེད།དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ། ཉིན་ཤས་སྔོན་ནས་འགོ་འཛུགས་ཀྱིས་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དཀྱིལ་འཁོར་ས་ཆོག་དང་ས་གར། བརྒྱད་གཏོར་སོགས་རིམ་པར་གནང་སྟེ་དེ་རིང་སྒྲུབ་མཆོད་ཆེན་མོ་དངོས་གཞིའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་བཀའ་དྲིན་བསྐྱངས་ཤིང་། ཆུ་ཚོད་དགུ་པ་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཕོ་བྲང་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་འཛམ་གླིང་ནུབ་ཕྱོགས་དང་ཡུ་རོབ་ལྷོ་ཤར་ཨེ་ཤེ་ཡ། རྒྱ་གར་དང་འབྲུག བལ་ཡུལ། ཐའེ་ཝན་སོགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམས་ལ་མཇལ་ཁ་བཀའ་དྲིན་སྩལ་ཞིང་། འབྲུག་རྒྱལ་ཁབ་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་ཚོས་གསོལ་འདེབས་ཆོས་དབྱངས་གསུང་འདོན་གནང་བར་དགྱེས་ཚོར་དང་བཅས་མཇལ་ཁ་གནང་། མཐར་གཞིས་བྱེས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ། ཡུ་རོབ་རྒྱལ་ཁབ་བཞི་དང་ཐའེ་ཝན། མ་ལེ་ཤི་ཡཱ། སོག་པོ། བལ་ཡུལ། རྒྱ་གར་སོགས་སུ་རྟེན་གཞི་བྱས་པའི་དགོན་པ་བདུན་དང་ཆོས་ཚོགས་ཉི་ཤུའི་སྐུ་ཚབ་ཀྱིས་བོད་རྒྱལ་ལོ་ ༢༡༥༣ ནག་པ་ཟླ་བའི་ཚེས་ ༡༥ སྟོན་མཆོག་ཤཱཀྱ་སེངྒེས་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་ཡོད།སྐབས་དེར་ཐོག་མར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རི་རབ་རྩེ་ལྔ་དང་། ཚེ་བུམ། ཚེ་རིལ། ཚེ་ཆང་། ཚེ་དར་སོགས་རིམ་པར་ཕུལ་ཞིང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་སིམ་ལ་དང་བལ་ཡུལ་གྱི་ཇོ་ནང་དགོན་པའི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྟོན་པའི་སྐུ་བརྙན་དང་ཚེ་དཔག་མེད་ཀྱི་སྐུ་འདྲ་ཕུལ་རྗེས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་པ་མཚོན་ཆེད་གསེར་དངུལ་ལས་གྲུབ་པའི་ཚེ་བུམ་གྱི་དབྱིབས་དང་ལྡན་པ། ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོའི་སྐུའི་རྣམ་པར་རོལ་བ་མཚོན་ཆེད་དུ་གསེར་དངུལ་ལས་གྲུབ་པའི་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་སྒྲེང་བའི་བསྟན་པའི་བདག་པོ་མཚོན་ཆེད་དུ་གསེར་དངུལ་གཉིས་ཀས་གྲུབ་པའི་ཆོས་ཀྱི་འཁོར་ལོ་གསུམ་དང་། དེའི་སྟེང་དུ་རྒྱུད་སྡེ་སྤྱི་དང་ལྷག་པར་རྒྱུད་ཐམས་ཆད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་ལ་མངའ་བརྙེས་པ་མཚོན་ཆེད་དུ་ཇོ་ལུགས་ཀྱི་རྣམ་བཅུ་དབང་ལྡན་བཅས་རྟེན་འབྲེལ་གྱི་གནད་དུ་མ་མཚོན་པའི་གསེར་དངུལ་ལས་བཞེངས་པའི་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་དང་འབྲེལ་མགོན་པོ་གང་ཉིད་མཆོག་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་ཇི་སྲིད་ནམ་གནས་ཀྱི་བར་དུ་སྐུ་ཚེ་༸ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པའི་སྒོ་ནས་གདུལ་བྱའི་པད་ཚལ་དུ་དམ་པའི་ཆོས་ཀྱི་གྲུ་ཆར་བར་མེད་དུ་འབེབས་པའི་བཀའ་དྲིན་སྐྱབས་འཇུག་ཞུས་ཡོད། །
ཡུ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཏོན་གནང་།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཏོན་གནང་ཞིང་། གྲོས་ཆོད་འདིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་མི་རིགས་སིམ་ཡལ་གྱི་སྲིད་བྱུས་ལ་ངོ་རྒོལ་ཇེ་མང་དུ་འགྲོ་བཞིན་པ་མཚོན་གྱི་ཡོད། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གི་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་ཁྲིམས་དེས་རྒྱ་ནག་གི་ལྟ་བ་གཙོ་བོར་བཟུང་སྟེ་རྒྱ་ཡིག་གལ་ཆེན་པོ་བརྩི་རྒྱུ་དང་། བོད་ཀྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་རྩ་མེད་གཏོང་ཐབས་ཀྱི་གོ་རིམ་ལྡན་པའི་སྲིད་བྱུས་ཡིན་པ་ཉེན་བརྡ་བཏང་ཡོད། དེ་ཡང་གྲོས་ཆོད་དེའི་སྙིང་དོན་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་ཐེ་བྱུས་བྱེད་བཞིན་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དེ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལ་སྲིད་གཞུང་ནས་ཐེ་བྱུས་མེད་པའི་ཐོག་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ལྟར་ཐག་གཅོད་བྱེད་དགོས་པ་གསལ་ཡོད། དེ་བཞིན་གྲོས་ཆོད་དེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གཙོ་བོར་གྱུར་པའི་མཆོག་སྤྲུལ་རྡོ་རྗེ་བསྟན་རིན་པོ་ཆེ་དང་། དཔལ་ལྡན་ཡེ་ཤེས་ལགས་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་མྱུར་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་ཡོད། ཡུ་རོབ་གྲོས་ཚོགས་ངོས་ནས་རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེའི་ནང་རྒྱལ་མཚམས་ལས་བརྒལ་བའི་རང་བཞིན་སྐོར་གསལ་སྟོན་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་རྣམས་ལ་ཕྱི་རྒྱལ་དུ་གནས་སྡོད་བོད་མིའི་སྤྱི་ཚོགས་རྣམས་ལ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་འགོག་ཐབས་ཆེད་རྒྱ་ནག་དང་ལྷན་དུ་ནག་ཅན་ཕྱིར་སྤྲོད་ཀྱི་ཆིངས་ཡིག་མཚམས་འཇོག་དགོས་པའི་སྐུལ་མ་གནང་ཡོད། དེ་ཡང་གྲོས་ཆོད་དེས་རྒྱ་ནག་གི་དྲན་གནོན་ཅན་གྱི་ཁྲིམས་དེའི་འཆར་འགོད་པ་དང་ལག་བསྟར་བྱེད་མཁན་རྣམས་ལ་འགན་འཁྲི་ཡོང་སླད་ཡུ་རོབ་མཐུན་ཚོགས་ཀྱི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉེས་ཆད་རིང་ལུགས་ (EU Global Human Rights Sanctions Regime) ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། གྲོས་ཆོད་དེས་ཡུ་རོབ་མཐུན་ཚོགས་ཀྱིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་ནག་དང་མཉམ་དུ་འབྱུང་འགྱུར་འབྲེལ་བ་ལ་གལ་ཆེན་པོ་ཡིན་པ་མཚོན་གྱི་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་གཞུང་འབྲེལ་ལངས་ཕྱོགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་བརྒྱུད་སྤྲོད་གནང་ཡོད། དེ་མཚུངས་ཡུབ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཧཌ་ཇ་ལ་བྷིབ་ (Hadja Lahbib) མཆོག་གིས་གྲོས་ཚོགས་ཀྱི་བགྲོ་གླེང་གྲུབ་རྗེས་ཚོགས་ཐེངས་ཤིག་ཐོག་ཡུ་རོབ་མཐུན་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་གསུངས། དེའི་ནང་བོད་མིའི་ཆོས་དད་རང་དབང་དང་།...
ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
དུས་ཆེན་གཉིས་འཛོམས་དང་བསྟུན་ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་སོང་། དེ་རིང་དཔལ་དུས་ཀྱི་འཁོར་ལོ་རྗེས་སུ་བཟུང་བའི་དུས་ཆེན་དང་ཚེས་པ་བཅོ་ལྔར་བསྟུན། ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དུས་འཁོར་སྒྲུབ་མཆོད་ཀྱི་དངོས་གཞིའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སོང་། དེ་བཞིན་དེ་རིང་ཕྱི་ཚེས་ ༡ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ་དང་། ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་སོང་། སྐབས་དེར་ཇོ་ནང་གི་དགོན་པ་གསུམ་དང་། མི་མང་བཅས་ཁྱོན་མི་གྲངས་ ༡༤༠ ལྷག་ལ་མཇལ་ཁ་གནང་སོང་ལ། ཇོ་ནང་གི་དགེ་འདུན་པ་རྣམས་ཀྱིས་དུས་འཁོར་རྒྱུད་ཀྱི་སྙིང་པོའི་ཀློག་རྒྱུགས་ཕུལ་སོང་། ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་འདི་གའི་གསར་འགོད་པར། དེ་རིང་དཔལ་རྒྱལ་བ་ཇོ་ནང་པའི་བོད་གཞིས་བྱེས་གཉིས་ཀྱི་ཆོས་རྒྱུད་འཛིན་པ་ཡོངས་ཀྱི་ཚབ་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་དང་གཟེངས་རྟགས་ཤིག་ཕུལ་ཡོད། དེའི་ཐོག་མའི་བྱུང་རིམ་ནི་འདས་པའི་ལོ་གཅིག་གི་སྔོན་དུ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཁ་ཤས་ཤིག་འཚོགས་པའི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་དབུལ་དགོས་པའི་གྲོས་མཐུན་བྱུང་བ་དང་། གཟེངས་རྟགས་དེའི་མིང་ལ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་ཞེས་གཏན་འབེབས་བྱུང་བ་རེད། ཁ་སང་ང་ཚོས་སྒྲུབ་བཤགས་འཚོགས་ཏེ། ཀུན་མཁྱེན་ཡབ་སྲས་བཅོ་ལྔ་ཡི་ཆོ་གའི་སྒོ་ནས་བརྟན་བཞུགས་དངོས་སུ་ཕུལ་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་༧རྒྱལ་བ་ཇོ་ནང་པར་མ་དགོན་སོགས་གནང་ནས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་བཀའ་དྲིན་ཆེན་པོ་ཡིན། ད་ལན་དགོན་སྡེ་གསུམ་གྱི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་པ། སྦྱིན་བདག་སོགས་མི་གྲངས་བརྒྱ་དང་བཞི་བཅུ་ལྷག་ཅིག་འཛོམས་ནས། སྐུའི་དྲུང་དུ་བཅར་ནས་སྐུ་གསུང་ཐུགས་རྟེན་དང་། མནྜལ། གཟེངས་རྟགས་དང་བཅས་ཕུལ་ཟིན་པ་ཡིན། ཞེས་གསུངས་བྱུང་། ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་ཀྱི་མཚོན་དོན་ནི། ༧མགོན་པོ་གང་ཉིད་ཚེ་ཡི་ལྷ་ཚོགས་ཀྱིས་རྗེས་སུ་བཟུང་ནས་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་པ་མཚོན་ཆེད་དུ་ཚེ་བུམ་གྱི་དབྱིབས་དང་ལྡན་པ། ལྷ་གཅིག་འཕགས་མཆོག་ཕྱག་ན་པད་མོའི་སྐུའི་རྣམ་པར་རོལ་བ་མཚོན་ཆེད་དུ་པད་མ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་སྒྲེང་བའི་བསྟན་པའི་བདག་པོ་མཚོན་ཆེད་དུ་གསེར་དངུལ་གྱིས་གྲུབ་པའི་ཆོས་ཀྱི་འཁོར་ལོ་གསུམ། དེའི་སྟེང་དུ་ཐབས་དང་ཤེས་རབ་གཉིས་ཏེ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་གསལ་བར་མཛད་པ་མཚོན་བྱེད་ཉི་ཟླའི་གདན། དེའི་སྟེང་དུ་རྒྱུད་སྡེ་བཞི་ཡི་དགོངས་དོན་དང་ལྷག་པར་དུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་ལ་མངའ་བརྙེས་པ་མཚོན་ཆེད། ཕྱི་འཇིག་རྟེན་གྱི་རྣམ་བཞག་དང་། ...
༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།
གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་གནང་དགོས་པའི་བཀའ་སློབ་བསྩལ། དེ་རིང་ཕྱི་ཟླ་ ༥ ཚེས་ ༡ སྟེ། ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་དང་བསྟུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་ཞིག་བསྩལ་བའི་ནང་། དེ་རིང་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གྱི་ཉིན་མོ་འདིར་འཛམ་གླིང་སྤྱི་དང་བྱེ་བྲག་ནང་པའི་ཆོས་གྲོགས་ཚང་མར་སྨོན་འདུན་དང་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་རིང་གི་རྩ་ཆེ་བའི་ཉིན་མོ་འདིས་ལོ་ངོ་ ༢༥༠༠ ལྷག་གི་སྔོན་དུ་སངས་རྒྱས་ཤཱཀྱ་ཐུབ་པས་འཛམ་གླིང་འདིར་བྱིན་རླབས་བསྩལ་བ་དྲན་གསོ་བྱེད་ཀྱི་ཡོད། དེ་ནས་བཟུང་འཛམ་གླིང་འདིར་བློ་ཡུལ་ལས་འདས་བའི་འགྱུར་བ་ཕྱིན་ཡོད་པ་དང་། ཁོང་གི་བཀའ་སློབ་དང་ད་ལྟ་བར་དུ་འབྲེལ་བ་ཆགས་ཡོད། ཁོང་གི་རྟེན་འབྱུང་གི་གནས་ལུགས་ཟབ་མོ་དང་། སུ་ལའང་གནོད་པ་མི་སྐྱེལ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་བྱེད་པའི་འབོད་སྐུལ་བྱས་ཡོད། དེ་ནི་དུས་སྐབས་འདིའི་དཀའ་ངལ་ཆེ་བའི་འཚོ་བའི་ཁྲོད་བྱམས་བརྩེ་དང་དོན་དངོས་ལ་གཞི་བཅོལ་བའི་ལམ་སྟོན་ཆེས་ལེགས་ཤོས་དེ་ཡིན། ཞེས་གསུངས་འདུག ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་ཀྱིས་ག་དུས་ཡིན་ཡང་ནང་པའི་རྗེས་འཇུག་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། དེ་ཡང་བསླབ་བྱའི་གནས་ལུགས་ཀྱི་དོན་རྟོགས་པ་དང་། དེ་དག་ལག་ལེན་དུ་བསྟར་བ་ལ་གོ་དགོས། ཐོས་པ་དང་ཀློག་པ་གཉིས་ལ་བསམ་གཞིག་བྱས་ཏེ་གོ་དོན་གཏིང་ཟབ་མོ་ཞིག་ལོན་དགོས། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ནས་ལོ་ངོ་ ༢༥༧༠ འཁོར་བའི་དུས་ཆེན་འདིར་ངོས་ཀྱིས་ནང་པའི་གཅེན་གཅུང་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་སངས་རྒྱས་ཀྱི་བཀའ་སློབ་ཐོག་ཉམས་ལེན་བྱས་ཏེ་འཛམ་གླིང་ནང་བདེ་སྐྱིད་དང་ཞི་བདེ་བསྐྲུན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག གནས་བརྟན་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་དང་བསྟུན། ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་པ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་འགྲེམས་སྟོན་ཁང་དུ་ཡོད་པའི་སངས་རྒྱས་ཀྱི་རིང་བསྲིལ་རིན་པོ་ཆེ་དེ་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་གདན་འདྲེན་ཞུས་ཡོད་ཅིང་། དེ་རིང་གླེ་ཞི་བའི་ཚལ་འགྲེམས་སྟོན་ཁང་དུ་སངས་རྒྱས་ཀྱི་རིང་བསྲིལ་རིན་པོ་ཆེར་མཇལ་ཁ་ཞུ་བའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་དབུས་ནང་སྲིད་བློན་ཆེན་ཨ་མི་ཐི་ཤཱ་ཧ་( Amit Shah)...
༢༠༢༦ ལོའི་འཛམ་གླིང་གསར་འགོད་རང་དབང་གི་གནས་བབས་ལོ་ངོ་༢༥ ནང་སྡུག་ཤོས་སུ་གྱུར།
[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣༠ ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders The post ༢༠༢༦ ལོའི་འཛམ་གླིང་གསར་འགོད་རང་དབང་གི་གནས་བབས་ལོ་ངོ་༢༥ ནང་སྡུག་ཤོས་སུ་གྱུར། appeared first on བོད་ཀྱི་བང་ཆེན།.
ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།
ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་བུ་ཀེམ་ཨེ་རི་སི་ལགས་ཀྱིས་ཁོང་གི་ཨ་མ་ལགས་གསོན་པོར་ཡོད་མེད་ཙམ་ཡང་ཤེས་ཀྱི་མེད་པས་བཟང་བཙོན་དུ་བཞག་པའི་གནས་ཚུལ་དེར་ཡིད་ཆེས་དཀའ་སྐོར་བརྗོད་འདུག དེ་རིང་བྷི་བྷི་སི་གསར་ཁང་གི་གསར་འགྱུར་ལྟར་ན། ཉེ་སྔོན་འབར་མའི་དྲག་དམག་སྲིད་གཞུང་གིས་མི་ལོ་ ༢༧ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན། ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས་ཡོད་པ་རེད། འོན་ཀྱང་། ཁོང་མོའི་བུས་བཟང་བཙོན་དུ་བཞག་ཡོད་པའི་ཁུངས་ལྡན་གྱི་བདེན་དཔང་གང་ཡང་མེད་སྐོར་བསྒྲགས་འདུག་ལ། ཁོང་མོའི་ནང་མི་དང་རྒྱབ་སྐྱོར་བ་ཚོས་ལྕམ་ཨང་སན་ལགས་ཀྱི་སྐུ་གཟུགས་འཕྲོད་བསྟེན་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག གནད་དོན་དེའི་ཐད་འབར་མའི་དྲག་དམག་གཞུང་གི་མགོ་འཁྲིད་མིན་ཨང་ལིན་ (Min Aung Hlaing) གྱིས། ཨང་སན་སུའུ་སྐྱིད་ཀྱིས་རང་གི་ནག་ཉེས་རྣམས་རང་གནས་ནས་འཁུར་རྒྱུ་བྱས་ཡོད། ཅེས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་འདྲི་བརྩད་བྱེད་བཞིན་པའི་པར་རིས་ཤིག་ཕྱིར་བསྒྲགས་བྱས་ཡོད་འདུག ལྕམ་ཨང་སན་གྱི་བུ་ཀིམ་ཨེ་རི་སི་ (Kim Aris) ལགས་ཀྱིས། ད་ལྟ་ངའི་ཨ་མ་ལགས་གསོན་པོར་གནས་ཡོད་མེད་ཐད་དོགས་པ་ཆེན་པོ་ཡོད་པའི་ཁར། ད་ལྟ་དྲ་ལམ་དུ་བཀྲམ་པའི་འདྲི་བརྩད་ཀྱི་པར་རིས་དེ་ནི་ཕྱི་ལོ་ ༢༠༢༢ ལོར་བླངས་པའི་པར་ཞིག་ཡིན་སྐོར་དང་། ངས་ད་ལན་གྱི་གནས་ཚུལ་དེ་བདེན་པ་ཡིན་པའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་། ངས་ནི་ཁོང་མོ་བཟང་བཙོན་དུ་བཞག་ཡོད་པའི་ཁུངས་ལྡན་གྱི་བདེན་དཔང་གང་ཡང་ལག་སོན་མ་བྱུང་བས། ཁོང་མོར་འབྲེལ་གཏུག་བྱ་ཐུག་པའམ། རང་དབང་ལྡན་པའི་ཐོག་ནས་ཚོགས་སྡེ་ཁག་ཅིག་གིས་ཁོང་མོའི་གཟུགས་གཞིའི་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་མ་གཞུག་བར་དུ་ཡིད་ཆེས་བྱ་དཀའ་བའི་གནས་སུ་གྱུར། ཞེས་བརྗོད་འདུག ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། འབར་མའི་དྲག་དམག་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཕྱི་ལོ་ ༢༠༢༡ ཟླ་...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་དང་རྩོམ་པ་པོ་སོགས་ལ་མཇལ་ཁ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མི་མང་། རྩོམ་པ་པོ་སོགས་ལས་རིགས་འདྲ་མིན་གྱི་མི་མང་བརྒྱ་ཕྲག་གསུམ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཕོ་བྲང་མཇལ་འཕྲད་ཁང་ཆེ་བར་ཆིབས་བསྒྱུར་གྱིས་ཐོག་མར་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་དང་རྩོམ་པ་པོ་སོགས་ལས་རིགས་འདྲ་མིན་གྱི་མི་སྣར་མཇལ་ཁ་སྩལ་བ་དང་། སྐབས་དེར་ལཱཏ་ཝི་ཡཱ ནས་ཡིན་པའི་གཞོན་ནུ་མ་ཞིག་གིས། ངས་ལོ་གསུམ་དང་ཕྱེད་ཀའི་རིང་ནང་ཆོས་སྦྱོང་བཞིན་ཡོད། ད་ལྟ་ལས་ཀ་ཞིག་འཚོལ་བཞིན་ཡོད་པས་མི་ལ་ཕན་ཐོགས་པའི་ལས་ཀ་ཡག་ཤོས་གང་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་སློབ་གྲྭའི་དགེ་རྒན་བྱེད་ན་ཡག་པོ་ཡོད་པ་རེད། སློབ་སྦྱོང་གི་ནང་དུ་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་ཐུབ་ན་ནང་ཆོས་ཀྱི་དཔེ་ཆའི་ནང་ཧ་ཅང་ཡག་པོ་ཡོད་པ་རེད། དཀོན་མཆོག་ (God) དང་འཇིག་རྟེན་བྱེད་པ་པོ་ (Creator) ཟེར་བ་མིན་པར་སོ་སོའི་སེམས་དུལ་མ་བཏུལ་གྱི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། ཅེས་བཀའ་སྩལ།གཞན་ཡང་། ཧོ་ལན་ནས་ཡིན་པའི་དད་ལྡན་མཇལ་བཅར་བ་ཞིག་གིས་བོད་སྐད་སྦྱོང་བཞིན་ཡོད་པས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུས་པར། སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་བོད་ཀྱི་སྐད་ཡིག་ལེགས་ཤོས་རེད། ཅེས་དང་། མཇལ་བཅར་བ་གཞན་ཞིག་གིས། ཕ་མ་གཉིས་ད་ལྟ་ལོ་ཆེན་པོ་ཡིན། ང་རང་ཕ་མ་དང་མཉམ་དུ་ཁ་རྩོད་མང་པོ་ཤོར་གྱི་ཡོད། ཡིན་ནའང་། སེམས་ནས་ཧ་ཅང་དགའ་བོ་དང་བརྩེ་བ་ཡོད། ཕ་མ་གཉིས་ལ་ཐུགས་སྨོན་གནང་རོགས་ཞུས་པར། བརྩེ་བ་དང་མཉམ་དུ་རྒྱག་རེས་ཤོར་བ་དེ་ཆོས་ཉིད་རེད། ཅེས་བཀའ་གནང་བ་དང་། ཡང་དད་མཇལ་བ་ཞིག་གིས། མི་ཚེའི་ནང་གལ་ཆེ་ཤོས་གང་ཡིན་བཀའ་འདྲི་ཞུས་པར། མི་ཞིག་ཡིན་ཕྱིན་ཆད་བརྩེ་བ་ནི་གལ་ཆེ་ཤོས་ཡིན། ཞེས་བཀའ་གནང་།མུ་མཐུད་ཝི་ཡཏ་ནཱམ་གྱི་ནང་པའི་རྗེས་འཇུག་པ་དང་།...
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོར་ཆེད་ཕེབས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༣༠ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་སློབ་ཐོན་དང་། ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་སྐབས་ ༢༥ པའི་སློབ་ཐོན། སྐབས་བཞིའི་པའི་རབ་བྱུང་རིག་གནས་ཆེད་སྦྱོང་འཛིན་གྲྭའི་སློབ་ཐོན་བཅས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་མཐོ་སློབ་ཀྱི་དགེ་ལས་རྣམས་སེར་སྦྲེངས་བསྒྲིགས་ཏེ་མཛད་སྒོའི་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་ཤེས་རིག་བཀའ་བློན་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་མཐོ་སློབ་ཀྱི་འདུ་ཁང་དུ་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བགྲེས་གཞོན་རྣམ་པ། རིགས་སློབ་མ་ལག་གཉིས་ཀྱི་སློབ་དཔོན་བགྲེས་གཞོན་རྣམ་པ། གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ། སློབ་མཐར་སོན་པའི་སློབ་ཕྲུག་དང་རིགས་སློབ་མ་ལག་གཉིས་ཀྱི་སློབ་གཉེར་བ་བཅས་ལྷན་འཛོམས་ཀྱིས་ཐོག་མར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འདུས་ཚོགས་ནས་སྐྱབས་སེམས་དང་གང་བློ་མ་གསུང་འདོན་གནང་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་འཚམས་འདྲི་ཞུས་པ་དང་སྦྲགས་མཐོ་སློབ་ཀྱི་དམིགས་ཡུལ་དང་ངོ་སྤྲོད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་། དེ་བཞིན་མཐོ་སློབ་ལ་རྒྱུན་མཐུད་དཔལ་འབྱོར་དང་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་མཁན་དགའ་ལྡན་ཕོ་བྲང་དང་ཤེས་རིག་ལས་ཁུངས། ཆོས་རིག་ལས་ཁུངས་མ་ཟད་སྦྱིན་བདག་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་ལགས། སློབ་གསོའི་ལམ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བསྐལ་བཟང་གི་གོ་སྐབས་བཟང་པོའི་འོག་ལོ་ངོ་མང་པོའི་རིང་དཀའ་ངལ་ལ་གདོང་ལེན་གྱིས་ཐེངས་འདིར་སློབ་མཐར་སོན་གྱི་ཡོད་པ་དང་། སློབ་མཐར་སོན་མཁན་གྱི་སློབ་མ་ཚོས་བཀའ་དྲིན་དེ་དག་སེམས་ལ་བཅངས་པའི་ཐོག་སློབ་མཐར་སོན་པའི་རྗེས་སྤྱི་ཚོགས་ནང་རབ་བྱུང་ན་གཞན་ཕན་སྒྲུབ་དགོས་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བརྒྱུད་སྤེལ་བཅས་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད། དེ་བཞིན་རིགས་སློབ་མ་ལག་གཉིས་ལ་མཐུན་རྐྱེན་རོགས་མགོན་རྒྱུན་མཐུད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་ས་རཱ་མཐོ་སློབ་ཀྱི་སྤྱི་པའི་རྒན་བདག་བཞི་ལ་རང་འཁྲིའི་ལས་ཡུན་རིང་སྤྱི་དོན་ལྷག་བསམ་ཁུར་ལེན་གནང་བར་ཡི་རངས་མཚོན་བྱེད་མཇལ་དར་དང་ཕྱག་འཁྱེར་གནང་གྲུབ་རྗེས། ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭའི་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་ཕུལ་ཡོད། དེ་རྗེས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་སྐབས་བཞི་པའི་རབ་བྱུང་རིག་གནས་ཆེད་སྦྱོང་འཛིན་གྲྭའི་སློབ་ཐོན་པ་བརྒྱད་ལ་ཕྱག་འཁྱེར་ཕུལ་མཚམས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དུས་དེབ་གངྒཱའི་བཞད་སྒྲ་འདོན་ཐེངས་སོ་ལྔ་པ་གཙོས་པས་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་ཡོད། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་ས་རཱ་མཐོ་སློབ་ཀྱི་སྤྱི་ཐབ་གསར་རྒྱག་གི་མཚོན་རིགས་སློབ་མ་ལག་ལ་དཔལ་འབྱོར་མཐུན་རྐྱེན་རོགས་རམ་རྒྱུན་མཐུད་གནང་མཁན་ཀེ་རོལ་ལགས་སུ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་སྒྲོལ་དཀར་ཡིིད་བཞིན་འཁོར་ལོའི་སྣང་བརྙན་ཞིག་ཕུལ་གྲུབ་པ་དང་བསྟུན། ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་སྐབས་ ༢༥ པའི་སློབ་ཐོན་སློབ་མ་ ༢༣ ཞིག་ལ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་ཕུལ་ཡོད། དེ་ནས་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་ས་རཱ་མཐོ་སློབ་ཐོག་མར་གསར་འཛུགས་སྐབས་ས་ཆ་ཉོ་སྒྲུབ་ཞུ་རྒྱུས་མཚོན་རིགས་སློབ་མ་ལག་གཉིས་ལ་མཐུན་རྐྱེན་རྒྱུན་མཐུད་གནང་མཁན་༸སྐུའི་གསུང་སྒྱུར་འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ཀྱི་ཨ་མ་ལགས་སུ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན་ཞིག་གསོལ་སྩལ་དང་།...
བོད་ཕྲུག་གི་བླ་སྲོག་དང་ཁུང་ཙེའི་སློབ་གསོ།
རྒྱ་ནག་གཞུང་གིས་བོད་ཕྲུག་ཁུང་ཙིའི་ཕ་ཡུལ་ལ་ཁྲིད་དེ་རྒྱ་མི་རིགས་ཀྱི་གནའ་བོའི་རིག་གཞུང་གི་སློབ་གསོ་གཏིང་ཟབ་སྤྲོད་པ།
ཨང་སང་སུ་ཅི་གློད་གྲོལ་བཏང་ཡང་ཁྱིམ་དུ་བཟང་བཙོན་འོག་འཇོག་རྒྱུ་རེད་འདུག
ད་བར་ལོ་ ༥ ལྷག་རིང་ཨང་སན་སུ་ཅིས་བཙོན་འཇུག་གི་ཉེས་ཆད་མྱངས་ཟིན་པ།
གསར་འགོད་རང་དབང་ལ་དོ་ཕོག་གཏོང་མཁན་སྡུག་ཤོས་གསུམ་གྱི་ཁོངས་སུ་རྒྱ་ནག་མིང་འདོན་བྱས་འདུག
བོད་ནང་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་དབྱེ་ཞིབ་པས་གསུངས་པ།
སྲིད་བློན་མོ་དྷི་མཆོག་གིས་འབྲས་ལྗོངས་སུ་ཕྱོཊ་ཕེབས་གནང་པ་དང་ས་ཁམས་ཆབ་སྲིད་ཀྱི་གནད་འགག
འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་ནས་ལོ་ ༥༠ འཁོར་བར་སྲིད་བློན་མོ་དྷི་ཕེབས་པ།
གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།
The post གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ། appeared first on བོད་ཀྱི་དུས་བབ།.
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་གོ་སྒྲིག་གནང་བའི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་ད...
༄༅། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༣༠ དང་། ཕྱི་ཟླ་ ༠༥ ཚེས་ ༠༡ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཟུང་སྦྲེལ་ཐོག་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་། གསུང་བཤད་ལས་རིམ་བཅས་གོ་སྒྲིག་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་འགྲེམས་སྟོན་དབུ་འབྱེད་གནང་གྲུབ་བསྟུན་གཟིགས་སྐོར་གནང་ཡོད། སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། གློག་རྡུལ་ཡིག་གཟུགས་བྱུས་འགོད་པ་སྐུ་ཞབས་ཇོ་ཌི་བྷི་ཌི་མེ་ཀར་ལགས། དཔལ་སྤུངས་རིག་གནས་མཐོ་སློབ་ཀྱི་སྒྲ་རིག་འགན་འཛིན་གཙོས་པའི་དཔལ་སྤུངས་ཤེས་རབ་གླིང་དགོན་གྱི་གྲྭ་སློབ། དེ་བཞིན་གསར་འགོད་པ་དང་གཟིགས་སྐོར་བ་བཅས་མཉམ་ཞུགས་གནང་ཡོད།དེ་རྗེས་ཆུ་ཚོད་ ༡༡ ཙམ་ལ་དཔལ་སྤུངས་རིག་གནས་མཐོ་སློབ་ཀྱི་སྒྲ་རིག་འགན་འཛིན་ཀརྨ་དབང་གྲགས་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་ལག་ལེན་སྐོར་གསུང་བཤད་གནང་སྐབས་ཁོང་གིས་ཡིག་གཟུགས་ཀྱི་གལ་གནད་དང་། བོད་ཀྱི་ཡིག་གཟུགས་དེ་བཞིན་རྒྱ་གར་ནས་བྱུང་ཚུལ་དང་འཕེལ་རིམ། ཡིག་གཟུགས་ཀྱི་དབྱེ་བ་དང་དེའི་ཚང་དགོས་པའི་ཁྱད་ཆོས་སོགས་ཀྱི་ཐོག་གསུང་བཤད་གནང་གྲུབ་མཚམས་མཉམ་ཞུགས་པའི་དྲི་བར་ལན་འདེབས་གནང་བ་མ་ཟད། མཉམ་ཞུགས་པ་རྣམས་ལ་བོད་ཀྱི་ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུའི་གོ་སྐབས་ཐོབ་ཡོད། དེ་མཚུངས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་ཀྱི་གློག་རྡུལ་ཡིག་གཟུགས་བྱུས་འགོད་པ་ཇོ་ཌི་བྷི་ཌི་མེ་ཀར་ལགས་ཀྱིས་བོད་ཀྱི་མཛུབ་གནོན་བཟོ་བཀོད་དང་། ལྕགས་པར་ཐོག་གསུང་བཤད་དང་དྲི་བ་དང་དྲི་ལན་གནང་ཡོད།ཐེངས་འདིའི་འགྲེམས་སྟོན་དེ་བཞིན་བོད་ཀྱི་མི་རབས་གཞོན་པ་རྣམས་ལ་བོད་ཀྱི་ཡིག་གཟུགས་ཀྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུ་དང་སྦྲགས། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པའི་ཁྲོད་ལས་གཞི་འདི་གནད་འགག་ཅིག་མཚོན་གྱི་ཡོད་པ་རེད། དེ་བཞིན་སང་ཉིན་ཏེ་ཕྱི་ཟླ་ ༠༥ ཚེས་ ༠༡ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དྷ་ས་གནས་སྡོད་མི་མང་། ཡུལ་སྐོར་བ།...





















