Tibetan

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ནི་བོད་ནང་དུ་གདུག་རྩུབ་བྱེད་པ་ཁག་ཁྲིམས་ཐོག་ཏུ་བཀོད་པ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས། ད་བར་རྒྱ་གཞུང་གིས་བོད་ནང་དུ་སྤེལ་བའི་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་ཁྲིམས་ཐོག་ནས་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་གསུང་གི་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཟླ་ ༦ ཚེས་ ༢༦ ཉིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བསྐོང་ཚོགས་གནང་བའི་ (China’s New Ethnic Law: A legal assault on the survival of Tibetan language, culture and identity) རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་གསོན་གནས་ལ་ཁྲིམས་ཐོག་ནས་རྒོལ་རྡུང་ཞེས་པའི་བརྗོད་གཞིའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་རྒྱ་གར་གྱི་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་ཞི...

བོད་དང་རྒྱ་གར་ས་མཚམས་སུ་གཞུང་གིས་མང་ཚོགས་ལ་ལས་འགན་སྤྲད་པ།

རྒྱ་ནག་གཞུང་གིས་བསམ་བློའི་སློབ་གསོ་ཟེར་བ་དང་མི་རིགས་མཐུན་སྒྲིལ་ཟེར་བའི་བརྗོད་གཞིའི་འོག་བོད་ཀྱི་ས་མཐོའི་ས་ཁུལ་ཁག་དང་ལྷག་པར་དུ་རྒྱ་གར་དང་ས་འབྲེལ་གྱི་མཐའ་མཚམས་ས་གནས་ཁག་ཏུ་དམག་དོན་ཅན་གྱི་དམ་དྲག་དང་རྒྱ་སྒྱུར་གྱི་ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག ས་མཚམས་ས་ཁུལ་དུ་དམག་དོན་ཅན་གྱི་ལྟ་རྟོག་བྱེད་བཞིན་པ། རྒྱ་གར་དང་ས་མཚམས་འབྲེལ་བའི་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊེར་ ༥༠༥༠ ཡོད་པའི་གམ་པ་རྫོང་གི་འགྱེས་རུ་གྲོང་ཚོ་སོགས་སུ་ས་གནས་ཀྱི་གནས་ཚུལ་དང་འདྲ་པར་ལས་མངོན་པར། རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ཀྱི་ཁྲོད་དུ་སྒྲིག་ཆས་གཡོགས་ཏེ་རྒྱ་ནག་གི་རྒྱལ་དར་དང་དམར་ཤོགས་ཚོགས་པའི་དར་ཆ་བཟུང་བཅུག་ནས། གངས་རི་དང་བྱེ་ཐང་གང་སར་སྦག་སྦག་རུ་ཁག་སྒྲིག་འཛུགས་བྱས་ཏེ་ས་མཚམས་ལ་སྐོར་གཡེང་བྱེད་དུ་འཇུག་བཞིན་ཡོད་ཅིང་། འདི་ནི་དོན་དངོས་སུ་གྲོང་གསེབ་ཀྱི་འགོ་ཁྲིད་དང་དམ...

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

དེ་རིང་བཙན་བྱོལ་བོད་མིའི་ཁ་མཆུ་ཨང་ ༢༢ པ་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྩོད་ལན་པ་དབུས་འོས་བསྡུ་ལས་ཁང་གིས་ཞུ་སྦྱོར་བ་ཁ་མཆུར་གཏུགས་པ་རྩིས་མེད་བཏང་བའི་ཐག་གཅོད་གནང་སོང་ལ། དེ་བཞིན་ཚེས་ ༡༩ ཉིན་ཞུ་སྦྱོར་བས་འོས་བསྡུ་ལས་ཁང་གི་ལས་བྱེད་ཁག་ཅིག་ལ་ཁྲིམས་མཐུན་གྱི་ཉེན་བརྡའང་བཏང་ཡོད་འདུག The post ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། appeared first on བོད་ཀྱི་དུས་བབ།.

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་རྒྱའི་འབྲེལ་མོལ་མ་ཡོང་བའི་རྐྱེན་རྩ་ཡོངས་རྫོགས་ཞི་ཅིན་ཕིན་ལ་ཐུག་ཡོད་གསུངས། The post བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སློབ་གྲྭ་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་འདུག

ཉེ་ལམ་རྒྱ་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་འདུག་པ་དང་། དེ་ལྟར་གནས་ཚུལ་ཐོན་ཕྲལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་བློ་འཚབ་ཆེན་པོ་གནང་བཞིན་པ་རེད་འདུག དེ་ཡང་འདི་ག་གསར་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ ༢༠༢༤ ལོ་ནས་བཟུང་རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དུ་རྒྱ་ནག་དམར་ཤོག་རིང་ལུགས་ཀྱིས་སློབ་གསོ་སོགས་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་མ་བྱས་ཚེ་སྒོ་བརྒྱག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་དང་། མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དམར་ཤོག་གི་སློབ་གསོ་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་བྱ་རྒྱུར་མོས་མཐུན་མ་གནང་བར་བརྟེན། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་སློབ་མ་གསར་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་ཅིང་། ཉེ་ལམ་སློབ་གྲྭ་དེའི་སློབ་ཐོན་མཐའ་མ་སློབ་མ་སུམ་ཅུ་ཙམ་བསླབ་པ་མཐར་སོན་བྱུང་རྗེས། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་དངོས་སུ་སློབ་གྲྭ་དེ་སྒོ་བརྒྱབ་བཅུག་ཡོད་སྐོར་སོགས་བརྗོད་བྱུང་། བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཉེ་འགྲམ་དུ་ཡོད་པའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་ནི་ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༦ ཉིན་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། སློབ་གྲྭ་དེའི་ནང་བོད་ཡིག་གཙོས་བོད་ཀྱི་རིག་གཞུང་ཆེད་སྦྱོང་བྱེད་ཀྱིན་ཡོད་པ་མ་ཟད། དབྱིན་ཡིག རི་མོ། ཐང་ཀ ཡིག་གཟུགས་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྦྱང་བརྩོན་བྱ་སའི་སློབ་གླིང་ཆེན་པོ་ཞིག་ཡིན་པ་དང་། ད་བར་དུ་སློབ་ཕྲུག་ ༡༥༠༠ ལྷག་སློབ་ཐོན་བྱུང་འདུག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་བླ་མ་༸པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་། ལྷག་པར་དུ་ནང་བསྟན་གཞུང་ཆེན་ལ་གསན་བསམ་རྒྱ་ཆེ་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་དང་ཕྱི་ལོ་ ༢༠༠༧ ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་གནང་བ་སོགས་བོད་ཁུལ་གྱི་ཞིང་འབྲོག་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཕུལ་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་རིག་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་རྗེས་རླབས་ཆེན་བསྐྱངས་མྱོང་མཁན་ཞིག་ཡིན་པ་རེད།...

རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་སྐོར་མཁས་པའི་བགྲོ་གླེང་།

དེ་རིང་འདི་ག་རྒྱལ་ས་ལྡི་ལིའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་མཁས་པའི་བགྲོ་གླིང་ཞིག་འཚོགས་ཡོད་པ་དང་།   བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་བཞུགས་གནང་པའི་བགྲོ་གླེང་དེའི་ཐོག  རྒྱ་གར་དམག་གི་སྒྲིག་འཛུགས་ཀྱི་ཐབས་བྱུས་ཉམས་ཞིབ་པ་དང་།  རྒྱ་དཀར་ནག་གི་ཐབས་བྱུས་ཉམས་ཞིབ་པ།  རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་བཅས་ཀྱིས།  རིང་མིན་ནས་ལག་བསྟར་བྱེད་རྒྱུའི་རྒྱ་ནག་གི་ཁྲིམས་གཞི་དེའི་འོག་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱའི་ཁྱོན་དུ་ཤུགས་རྐྱེན་ངན་པ་ཡོང་རྒྱུའི་གནད་དོན་གླེང་ཡོད། དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་བསྟན་འཛིན་བདེ་གསལ་ལགས་ཀྱི་གསུང་དོན་བྱས་པ་ཡིན་ན།   ཕྱི་ཟླ་ ༧ པའི་ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་རྒྱུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གཞི་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན།   བོད་མི་ཙམ་གྱི་མ་ཟད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་སྔར་ལྷག་དམ་དྲག་ཆེ་རུ་འགྲོ་རྒྱུ་ཙམ་མ་ཟད།  མི་རིགས་དེ་དག་གི་ཆོས་དང་རིག་གཞུང་དང་སྐད་ཡིག་བཅས་པ་མདོར་ན་མི་རིགས་རང་གི་ངོ་བོ་རྩ་མེད་འགྲོ་ཉེན་དང་།  ལྷག་པར་ཁྲིམས་ཡིག་དེའི་བརྒྱུད་རྒྱ་ནག་རྒྱལ་ནང་ཙམ་དུ་མ་ཟད།   རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་མཐུན་ངོ་བོའི་ཐོག ཕྱི་ཕྱོགས་གནས་སྡོད་རྒྱ་རིགས་དང་བོད་མི་བཅས་ལ་ཡང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་མིང་ཐོག་ནས་ཁྲིམས་ཐོག་ཉེས་ཆད་སོགས་ཕྱོགས་གང་སའི་གནོན་ཤུགས་སྤྲོད་རྒྱུའི་འཆར་གཞི་ཡོད་པ་སོགས་གནས་སྟངས་ཤིན་ཏུ་ནས་ཛ་དྲག་ཡིན་སྐོར་གསུངས་ཀྱི་འདུག   བགྲོ་གླེང་དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་ཁྲིམས་གཞི་དེའི་འོག་ནས་བོད་མིའི་ངོ་བོ་རྩ་བརླག་གི་གནས་སྟངས་སྔར་ལྷག་ཛ་དྲག་ཆེ་རུ་འགྲོ་རྒྱུ་དང་།  རྒྱ་ནག་གི་ཁྲིམས་གཞི་དེའི་བརྒྱུད།  དངུལ་དངོས་དང་།  འཁྲུལ་རིག  སྤྱི་ཚོགས་ཙམ་མ་ཟད།   ནང་མི་ནང་ཁུལ་གྱི་མཐུན་སྒྲིལ་བཅས་སུ་འགོག་རྐྱེན་བཟོས་ཏེ།   གང་ལྟར་ཐབས་བྱུས་འདྲ་མིན་ཐོག་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་རྒྱུ་ཡིན་ཡང་།  རྒྱ་ནག་གི་གནོན་ཤུགས་དེ་དག་ལ་ལྟོས་མེད།  བོད་ནང་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་སོགས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་གནང་བཞིན་པ་མ་ཟད།   བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཀྱི་གཞུང་མང་བརྒྱུད་དཀའ་ངལ་ལ་གདོང་ལེན་གང་ཡོང་གནང་རྒྱུ་སོགས་ཀྱི་སྐོར་གསུངས་ཡོད།  རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་མཁས་པའི་བགྲོ་གླེང་དེའི་ཐོག་ད་དུང་།  རྒྱ་གར་གྱི་དམག་དཔོན་ཟུར་པ་དང་།  རྒྱལ་སྤྱིའི་དམག་དོན་ཐབས་བྱུས་དཔྱད་བརྗོད་པ།  Major General GD Bakshi མཆོག་དང་།   རྒྱ་ནག་དབྱེ་ཞིབ་པ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཚོགས་གཙོ་མཁས་དབང་ Jayadeva...

བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འགོ་འཛུགས་དང་འབྲེལ་ད་བར་བོད་རྒྱའི་གྲོས་མོལ་མ་བྱུང་བའི་འགན་འདི་རྒྱ་ནག་ལ་ཡོད་པ་ནན་བརྗོད།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འགོ་འཛུགས་གནང་སོང་བ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་དང་། རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བ་མ་ཟད། ད་བར་བོད་རྒྱ་གྲོས་མོལ་མ་བྱུང་བ་དེ་ནི་རྒྱ་ནག་གི་བྱེད་བབ་ལ་ཐུག་ཡོད་པ་ནན་བརྗོད་གནང་སོང་། དེ་ཡང་ཚོགས་འདུ་དེ་དེ་རིང་ནས་འགོ་འཛུགས་ཀྱིས་འདི་ཚེས་ ༢༩ བར་ཉིན་གྲངས་བཞིའི་རིང་རྡ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འཚོག་བཞིན་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་ཐའེ་ཝན་དོན་གཅོད་ཟུར་པ་དང་སྤྱི་འཐུས་ལས་ཐོག་བ་རི་ཟླ་བ་ཚེ་རིང་ལགས། དེ་བཞིན་ལྡི་ལི་ཤཱིབ་ན་དྷར་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཀ་ཝེ་རི་གྷིལ་ལགས། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། དེ་བཞིན་རྒྱ་གར་དང་ཐའེ་ཝན། བྱང་ཨ་རི་བཅས་ནས་སྲིད་བྱུས་ཉམས་ཞིབ་པ་དང་འགོ་ཁྲིད། ཆེད་ལས་མི་སྣ། མཁས་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་སོགས་ཁྱོན་མི་གྲངས་ ༧༠ ལྷག་ནས་མཉམ་ཞུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུང་བཤད་གནང་བའི་ཁྲོད། ད་ལྟའི་ཆར་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པ་དེ་རྒྱ་ནག་གི་ཐའེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་དང་འབྲེལ་བ་ཡོད་པ་ལས་བོད་ཀྱི་གནད་དོན་དང་འབྲེལ་བ་རྩ་བ་ནས་མེད་པ་དེ་ལྟར་ཡང་། བདག་དབང་མེད་བཞིན་དུ་བོད་རྒྱ་ཁོངས་སུ་བསྡུས་ཐབས་ལ་རྒྱབ་སྐྱོར་ཐོབ་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་དེ་འབྲེལ་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་པ་གསལ་སྟོན་གནང་སོང་། གནད་དོན་དེ་དང་འབྲེལ་བོད་མི་རྣམས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དག་ཐེར་དང་བརྒྱུད་སྤེལ་གནང་དགོས་གལ་ཡིན་ཞིང་། བོད་པའི་གཞོན་སྐྱེས་ཁྲོད་ནས་ཞིབ་འཇུག་དང་ཁྲིམས་ཐོག་ཆེད་སྦྱོང་གནང་མཁན་དགོས་ངེས་ཡིན་པ་དང་། དེ་འབྲེལ་སྙན་ཐོ་འདོན་སྤེལ་གྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་གནད་དོན་གསལ་སྟོན་བྱ་དགོས་རྒྱུ་ནི་བོད་མིའི་ལས་འགན་ཡིན་པ་གསུངས་སོང་། མ་ཟད་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ནི་རྒྱ་ནག་གི་ཁྲིམས་སྒྲིག་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བ་ཞིག་དང་། བོད་མི་ནི་གྲངས་ཉུང་མི་རིགས་མ་ཡིན་པ། ལྷག་དོན་ད་བར་བོད་རྒྱ་གྲོས་མོལ་མ་བྱུང་བ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འགན་ཡོད་པ་ལས་བོད་མིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་དགོས་འདུན་བཏོན་ཡོད་པར་གལ་ཏེ་མ་འོངས་པ་འགྱུར་བ་དགོས་གལ་གཟིགས་ཚེ་འགྲོ་ལུགས་གཞིར་བཟུང་མཐུན་པ་ཞིག་གནང་དོགས་པ་ནན་བརྗོད་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཐའེ་ཝན་དོན་གཅོད་ཟུར་པ་དང་སྤྱི་འཐུས་ལས་ཐོག་བ་རི་ཟླ་བ་ཚེ་རིང་ལགས་ཀྱིས། བོད་རྒྱ་འབྲེལ་བ་དང་། ད་ཡོད་རྒྱ་ནག་སྲིད་གཞུང་འོག་ཏུ་བོད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ད་ལྟའི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེའི་ཐོག་གཙོ་འདོན་གནང་སོང་བ་དང་། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་གི་གཞུང་འབྲེལ་གྱི་སྐད་ཡིག་སོགས་ཀྱི་གནད་དོན་གླེང་སློང་གིས། ད་ཆ་རྒྱ་ནག་གི་གཏན་འབེབས་བྱས་པའི་ཁྲིམས་ཟེར་བ་དེ་ནི་ཁྲིམས་ཞིག་མིན་པར་ཞི་ཅིན་ཕིང་སྒེར་གྱི་བསམ་བློ་དང་ལྟ་བར་ཐུག་ཡོད་པ་གསུངས་སོང་། ལྷག་པར་ད་ལྟའི་མི་རིགས་མཐུན་སྒྲིལ་ཁྲིམས་ཟེར་བ་ཙམ་ལས་ལས་འགུལ་ནི་དེ་སྔོན་ནས་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་མཐོ་སློབ་ནང་དུ་བོད་ཀྱི་སྐད་ཡིག་གི་ཡིག་རྒྱུགས་མེད་པ་བཟོས་པ་དང་། དེ་ནི་ཀན་སུ་དང་མཚོ་སྔོན། ཟི་ཁྲིན་བཅས་སུ་ལག་བསྟར་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།...

དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེའི་ཉེན་ཚབས་སྐོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བསྐོང་ཚོགས་གནང་བའི་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་གསོན་གནས་ལ་ཁྲིམས་ཐོག་ནས་རྒོལ་རྡུང་ཞེས་པའི་བགྲོ་གླེང་ལས་རིམ་ཐོག་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་ལས་རིམ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཇ་བ་ཧར་ལཱལ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཤྲི་ཀནྟ་ཀོན་ཌ་པ་ལི་ (Srikanth Kondapalli) ལགས། རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་གྷ་གྷན་དཱིབ་སྦག་ཤི་  (G.D Bakshi) ལགས། རྒྱ་གར་གྱི་རྒྱ་ནག་ཐོག་ཉམས་ཞིབ་དང་ཐབས་བྱུས་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཇ་ཡ་དེ་བ་ར་ན་ཌེ་ (Jayadeva Ranade) ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་བཅས་ནས་གསུང་བཤད་གནང་ཡོད་པ་དང་། ལས་རིམ་འདི་ཉིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བས་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་ཀྱིས་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱ་རྒྱུའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་ལུགས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་མི་རྣམས་ལ་མཚོན་ན་ཁྲིམས་ཡིག་གསར་པ་དེ་བོད་མིའི་ངོ་བོ་རྒྱ་སྒྱུར་དང་། རིག་གཞུང་ཉམས་དམས། ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་བཅས་རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་རྣམས་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད།...

ཨ་རིའི་ཁུལ་གྱི་གྲོང་ཁྱེར་གསུམ་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས།

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ Saint Paul སེན་ཊི་པོལ་དང་། Minneapolis མི་ནི་ཡ་པོ་ལི་སི་གྲོང་ཁྱེར་ལྷན་ཚོགས། དེ་བཞིན་ཝི་སི་ཁོན་སིན་མངའ་སྡེའི་ Madison མེ་ཌི་སོན་གྲོང་ཁྱེར་ལྷན་ཚོགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱིས།  ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག རྩ་བའི་ཐེངས་འདིར་ཨ་རིའི་གྲོང་ཁྱེར་གསུམ་ནང་གཏན་འབེབས་བྱུང་བའི་གྲོས་ཆོད་དེ་དག་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྙིང་རྗེའི་རང་གཟུགས་ཤིག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དུ་ཡིད་ཆེས་གནང་གི་ཡོད་པ་ལ་ངོས་འཛིན་དང་།  མགོན་པོ་༸གང་ཉིད་མཆོག་གིས་སྐུ་ན་ཆུང་དུས་ནས་བོད་བསྟན་སྲིད་མི་རིགས་ཆེད་དུ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད་པ་མ་ཟད།  རྒྱལ་སྤྱིའི་ཁྲོད་མི་རིགས་དང་ཆོས་དད་རྒྱབ་ལྗོངས་འདྲ་མིན་གྱི་གང་ཟག་ཕན་ཚུན་བར་བསམ་ཤེས་དང་། བཟོད་བསྲན། མཐུན་སྒྲིལ། བྱམས་སྙིང་རྗེ་གོང་འཕེལ་ཐད་ལམ་སྟོན་སྩལ་གནང་མཛད་ཡོད་པ་དག་གསལ་འདོན་དང་འབྲེལ།  ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་འཛུལ་འགོ་འཛུགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་སྒེར་ལངས་བྱུང་རྗེས་༸མགོན་པོ་མཆོག་བཙན་བྱོལ་དུ་བྲོལ་བྱོལ་ལ་ཆིབས་བསྒྱུར་བསྐྱངས་དགོས་ཁེལ་ཡོད་ཀྱང་། ༸གོང་ས་མཆོག་ནས་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེ། ཕན་ཚུན་གྲོས་མོལ་བཅས་ཀྱི་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལས་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་ཡོད་པར་ཆེ་མཐོང་ཞུས་ཡོད་པ་དང་།   ༸གང་ཉིད་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་།  བྱམས་སྙིང་རྗེ།  སེམས་ཁམས་རྣམ་དཔྱོད་བཅས་ཀྱི་བཀའ་སློབ་ལམ་སྟོན་གྱིས་གོ་ལ་སྤྱི་ཡོངས་ཀྱི་ཤེས་ཡོན་མི་སྣ་དང་ཆོས་སྲིད་ཀྱི་དབུ་ཁྲིད་ཚོར་སེམས་འགུལ་ཐེབས་ཡོད་པ་བཅས།  སླེབས་ལ་ཉེ་བའི་ཕྱི་ཟླ་ ༧ ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན།...

སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཛད་རྗེས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད།

ཁ་སང་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནང་ཁང་དུ་༸སྐུའི་གོ་སྟོན་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་གྱི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར།  བདུན་གཅིག་རིང་གི་འགྲེམས་སྟོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་སོང་།  དེ་ཡང་ཐེངས་འདིའི་འགྲེམས་སྟོན་དེ་ནི་ལྡི་ལི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་གྲ་སྒྲིག་གནང་པ་ཞིག་ཡིན་པ་དང་།   ཚོགས་ཆུང་དེའི་ཚོགས་གཙོ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས།  འགྲེམས་སྟོན་དེའི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་གནད་ཡོད་དང་ས་གནས་མི་མང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ངོ་སྤྲོད་ཡོང་ཐབས་ཤིག་དང་།   ལྷག་པར་དུ་པར་རིས་དེ་དག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་པ་ནས་བོད་དོན་ཐོག་མཛད་འཕྲིན་ག་རེ་བསྐྱངས་མིན་ཙམ་མ་ཟད།  རྒྱལ་ཁབ་སོ་སོའི་ཆོས་སྲིད་དབུ་ཁྲིད་ཚོའི་ལྷན་དུ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་བཅས་ཀྱི་རླབས་ཆེན་མཛད་འཕྲིན་བཅས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་ཡོང་ཐབས་ཤིག་ཡིན་པ་སོགས་ཀྱི་ངོ་སྤྲོད་གནང་སོང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནད་ཡོད་ཀྱི་མི་སྣ་ལྷན་འཛོམས་གནང་ཡུལ་ India Habitat ལྟེ་གནས་ཁང་དུ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག   ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་གི་མི་སྣ་དང་།   རྒྱ་གར་བོད་དོན་དོན་གཉེར་ཅན།   བོད་མི་བཅས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་མ་ཟད།     སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་།   བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ཡང་།    ཕྱི་ལོ་ ༡༩༥༩ ལོའི་བོད་ནང་གི་དུས་འགྱུར་རྗེས་རྒྱ་ཀར་ནག་བར་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ས་མཚམས་དམག་འཁྲུག་བྱུང་བ་སོགས་གསུངས་ཏེ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་དེ་དག་ལ་ལྟོས་མེད་བོད་རྒྱའི་དབར་གྱི་དཀའ་ངལ་དེ་འཚེ་མེད་ཞི་བའི་ལམ་ཐོག་ནས་སེལ་ཐབས་གནང་མུས་ཡིན་པ་ལྟར།   བོད་མིའི་དངོས་ཡོད་བདེན་འཚོལ་གྱི་ལངས་ཕྱོགས་དེར་འཛམ་གླིང་མང་ཚོགས་ནས་རྒྱབ་སྐྱོར་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུས་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ཆར་ཡུ་རོབ་དང་ཨ་རི་བཅས་སུ་གཞུང་དོན་ཕྱོགས་བསྐྱོད་ཀྱིས་ཁ་ཉིན་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་བ་ཞིག་ཡིན་པ་མ་ཟད།   དེ་རིང་ད་དུང་ཁོང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འོག་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མདོར་ན་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཏུ་དབུ་བཞུགས་ཀྱང་གནང་གི་ཡོད་པ་རེད། The post སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཛད་རྗེས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད། appeared first on vot.

རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་པའི་ལོ་རྒྱུས་དང་ཆོས་ལུགས། ཆབ་སྲིད་བཅས་ཀྱི་ཐོབ་ཐང་གང་ཡང་མེད...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༦ ཉིན་ཨོ་གླིང་སྐུ་ཚབ་དོན་ཁང་ནས་ཨོ་གླིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་དཔལ་འབྱོར་མཐུན་འགྱུར་འོག་བདུན་གཅིག་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇི་ལྟར་༸རྒྱལ་བ་རིན་པོ་ཆེར་འགྱུར་བ། བོད་བརྒྱུད་ནང་བསྟན་གྱི་ངོ་མཚར་ལྡན་པའི་ལོ་རྒྱུས་ (How the Dalai Lama became the Dalai Lama: A fascinating history of Tibetan Buddhism) ཞེས་པའི་བརྗོད་གཞིའི་ཐོག་ས་གནས་ཀྱི་གསར་ཤོག་སྟེང་གནས་ཚུལ་ལོག་འགྲེལ་འདོན་སྤེལ་བྱས་པར་སྐྱོན་བརྗོད་གནང་ཡོད། དེ་ལྟར་དཔལ་འབྱོར་མཐུན་འགྱུར་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་ཐོག་རྒྱ་ནག་ནང་ངོས་འཛིན་བྱེད་དགོས་པའི་གནས་ཚུལ་ལོག་བསྒྲགས་བྱས་པའི་ལས་འགུལ་འདིའི་བརྒྱུད་མང་ཚོགས་ཀྱི་བསམ་ཚུལ་ལ་བསླུ་ཁྲིད་བྱེད་ཀྱི་ཡོད། དེ་ལྟ་བུའི་ལོག་བཤད་ཀྱི་གནས་ཚུལ་ནི་གཞི་རྩ་གང་ཡང་མེད་པ་དང་། མགོ་སྐོར་བསླུ་བྲིད་ཀྱི་རང་བཞིན་ལྡན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ནང་པའི་སྤྱི་ཚོགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་ཞིག་རེད། དེར་བརྟེན་ཨོ་གླིང་གི་མི་མང་དང་། གསར་འགྱུར་བརྒྱུད་ལམ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་གཤམ་གསལ་གནད་དོན་གལ་ཆེ་ཁག་བསྐྱར་དུ་ནན་བརྗོད་བྱེད་འདོད་པ་ནི། ༸སྐུའི་ཡང་སྲིད་ཀྱི་བདག་དབང་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ལ་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢ ཉིན་དགའ་ལྡན་ཕོ་བྲང་རྒྱུན་མཐུད་གནས་ངེས་ཡིན་པ་དང་།...

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་མཛད་འཕྲིན་གྱི་སྐུ་པར་འགྲེམས་སྟོན་དབུ་འབྱེད་གནང་བ།...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལི་ཤེས་རིག་པར་ཁང་གི་ལས་ཁུངས་བསྐྱར་བཟོ་ལེགས་གྲུབ་ཟིན་པར་དབུ་འབྱེད་དང་འབྲེལ་པར་ཁང་གི་པར་སྐྲུན་དང་། འཛིན་སྐྱོང་། ཕྱི་གཏོང་སྡེ་ཚན་བཅས་སུ་གཟིགས་ཞིབ་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་བྱེད་རྣམས་ལ་ཤེས་རིག་པར་ཁང་དེ་བཞིན་ཐོག་མར་བོད་ཀྱི་ཆོས་དང་རིག་གཞུང་བདག་གཉེར་བྱ་རྒྱུར་དམིགས་ཏེ་དབུ་འཛུགས་གནང་ཡོད་ཚུལ་དང་། ཤེས་རིག་པར་ཁང་གི་སྟངས་འཛིན་བྱེད་ཕྱོགས། མ་འོངས་པར་རྒྱུན་གནས་ཐུབ་པའི་ཐོག་ཐབས་ལམ་འཚོལ་དགོས་གལ་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་ཡོད། གཟིགས་སྐོར་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས། ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། དོན་ཁང་གི་སྣེ་ཤེན་འགན་འཛིན་བསྟན་འཛིན་པ་སངས་ལགས་བཅས་ལྷན་བཅར་ཞུས་གནང་ཡོད།ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རིག་གཞུང་ལྟེ་གནས་ཁང་ (India Habitat Centre) དུ་ལྡི་ལི་ས་གནས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་གནང་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩི་དང་། ༸སྐུའི་རླབས་ཆེན་མཛད་འཕྲིན་གྱི་སྐུ་པར་འགྲེམས་སྟོན་དབུ་འབྱེད་གནང་ཡོད། སྐབས་དེར་སྐུ་མགྲོན་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། བཀའ་ཡིག་ཁྱབ་ཁོངས་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས། སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་གཙོས་ས་གནས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱི་འགྲེམས་སྟོན་དེ་བཞིན་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་སུ་ཡིན་པ་ངོ་སྤྲོད་དང་། འགྲེམས་སྟོན་དེའི་ཐོག་༸གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་། འཛམ་གླིང་ཞི་བདེ་དང་། འཚེ་བ་མེད་པ། བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཐོག་གི་མཛད་པ་འཕྲིན་ལས་གསལ་ཡོད་པ་འགྲེལ་བརྗོད་གནང་།དེ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་སྐུ་པར་འགྲེམས་སྟོན་འདིའི་ཐོག་༸གོང་ས་མཆོག་སྐུ་ན་ཕྲ་བའི་དུས་ནས་བཙན་བྱོལ་དུ་ཆིབས་བསྒྱུར་གནང་ཚུལ་སོགས་ཀྱི་སྐུ་པར་ཚུད་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་འདི་ནི་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པ་མ་ཟད།...

མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འོག་ཕྱི་ཕྱོགས་གནས་སྡོད་རྣམས་དམིགས་འབེན་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་བཤད་འདུག

ཉེ་ལམ་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་བཞིན་དངོས་སུ་ལག་བསྟར་བྱེད་ལ་ཉེ་བ་དང་བསྟུན། རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པ་ཧུ་ཝེ་ལི་ཡིས་ཁྲིམས་ཡིག་དང་འབྲེལ་གསར་འགོད་ལྷན་ཚོགས་སྐོང་འཚོགས་ཀྱིས། རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འོག་ཕྱི་ཕྱོགས་གནས་སྡོད་རྣམས་དམིགས་འབེན་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག དེ་ཡང་ཕྱི་ཟླ་ ༣ པ་ནས་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་འབྲེལ། ཁྲིམས་ཡིག་དེའི་བརྒྱུད་བོད་དང་གྲངས་ཉུང་མི་རིགས་རྣམས་ལ་སྔར་ལས་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། རིམ་པའི་བོད་ཀྱི་རིག་གཞུང་། སྐད་ཡིག དེ་བཞིན་ཆོས་དད་རང་དབང་བཅས་རྩ་མེད་གཏོང་རྒྱུའི་ནུས་པ་ཤུགས་ཆེ་རུ་འགྲོ་ངེས་ཡིན་པས་ཁྲིམས་ཡིག་དེ་ཉིད་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་ཁྲོད་འདིར། ཁ་སས་ཕྱི་ཚེས་ ༢༤ ཉིན་མོ་སྟེ་རྒྱ་གཞུང་གིས་ཁྲིམས་ཡིག་དེ་བཞིན་དངོས་སུ་ལག་བསྟར་བྱེད་པར་བདུན་ཕྲག་གཅིག་ལས་ལྷག་མེད་པའི་སྐབས། རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པ་ཧུ་ཝེ་ལི་ཡིས་ཁྲིམས་ཡིག་དང་འབྲེལ་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་ཐོག རྒྱ་གཞུང་གིས་ཁྲིམས་ཡིག་དེེར་རྒྱབ་སྐྱོར་དང་ཆབས་ཅིག ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་ཕྱི་ཕྱོགས་གནས་སྡོད་རྒྱ་རིགས་དང་བོད་མི་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ནས་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བ་དང་། ཡང་ན་ཁ་བྲལ་རིང་ལུགས་ཁྱབ་སྤེལ་བྱེད་པར་ངོས་འཛིན་བྱས་ཚེ་ཁྲིམས་མཐུན་གྱི་འགན་འཁྲི་འཁུར་དུ་འཇུག་ཆོག་པའི་ཐོབ་ཐང་ཡོད་སྐོར་བཤད་འདུག དེ་འབྲེལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་ཁྲིམས་ཡིག་དེ་དང་འབྲེལ་སེམས་འཚབ་བྱེད་གཞི་གཙོ་བོ་ནི་ཁྲིམས་ཡིག་གི་གསལ་ཁ་མེད་པའི་ཐ་སྙད་བཀོལ་སྟངས་དེ་ཡིན་ཞིང་། དེ་ཡང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་ལ་བཀག་སྡོམ་བྱེད་པ་ཚུད་ཡོད་པས། དེ་ལྟ་བུའི་གསལ་ཁ་མེད་པའི་ཐ་སྙད་བཀོལ་སྟངས་ལས་དབང་འཛིན་པ་རྣམས་ནས་སོ་སོའི་འདོད་མོས་ལྟར་འགྲེལ་བརྗོད་ཀྱིས་སྨྲ་བརྗོད་རང་དབང་དང་། རིག་གཞུང་གི་བྱེད་སྒོ། དེ་བཞིན་ཤེས་ཡོན་གྱི་ལས་དོན་སོགས་ལ་དྲག་གནོན་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་ཆེན་འཛིན་མཁན་གྱི་ཕ་མ་དང་དགེ་རྒན། དེ་བཞིན་སྐད་ཡིག་ལས་འགུལ་བ་གང་བྱུང་འཛིན་བཟུང་བཀར་ཉར་བྱེད་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག མ་ཟད། ཁྲིམས་སྒྲིག་གི་དོན་ཚན་ ༦༣ པའི་ནང་གསལ་ལྟར་ན། ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས། སྲིད་གཞུང་གི་ཁྲིམས་གསར་དེ་ཉིད་སྤྱོད་ནས་ཉེན་གཡོལ་དུ་ཕྱིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་མི། དེ་བཞིན་ཡུ་གུར་མི་རིགས་ཚོར་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་ངེས་ཡིན་པའི་ཉེན་བརྡ་བཏང་འདུག མ་ཟད། གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་...

བཙན་བྱོལ་གནས་སྡོད་བོད་ནང་གི་གནས་ཚུལ་ཐེར་འདོན་གནང་མཁན་གྱི་ནང་མིར་གནོན་ཤུགས།

བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་དང་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན། དེ་བཞིན་གནས་ཚུལ་མཁོ་སྤྲོད་པ་རྣམས་ལ་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པའི་ཁྲོད་འདིར། ཉེ་ལམ་ཡུ་རོབ་སྦེལ་ཇམ་གནས་ཞུགས་བོད་མི་ས་དཀར་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་ཆབ་སྲིད་ཀྱི་ནག་ཉེས་ཅན་གྱི་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་པ་མ་ཟད། ཁོང་རྣམ་པར་དཀའ་ངལ་ཕྲད་དང་འཕྲད་བཞིན་ཡོད་པ་རེད་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་ས་དཀར་བཀྲ་ཤིས་ཁོང་ལ་བཀའ་འདྲི་ཞུས་པར་གནས་ཚུལ་དེ་ནི་བདེན་པ་ཡིན་འདུག་ཅིང་། ཁོང་གིས་ལོ་མང་རིང་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ X ཞེས་པའི་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ནང་དུ་བརྒྱུད་སྤེལ་གནང་གི་ཡོད་པར་བརྟེན། ཁོང་གི་ནང་མིར་གནོན་ཤུགས་དང་འབྲེལ། དྲྭ་ཐོག་ཏུ་གནས་ཚུལ་སྤེལ་ཚེ་ཡག་པོ་མེད་ལུགས་ཙམ་མ་ཟད། གཞིས་བཞུགས་ནང་མིར་དཀའ་ངལ་འཕྲད་རྒྱུ་དང་། བོད་ནང་དུ་འགྲོ་སྐྱོད་ཐུབ་ཀྱི་མེད་པའི་ཉེན་བརྡ་ལན་མང་བཏང་ཡོད་པ་མངོན་གསལ་རེད་འདུག མ་ཟད་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མི་ཐེངས་གཅིག་ཙམ་འབོད་འགུགས་དང་། ཁ་པར་བརྒྱུད་ནས་ཡང་འབོད་འགུགས་བྱས་མྱོང་ཡོད་ཅིང་། ད་དུང་ཁོང་གི་གྲོགས་པོ་རྣམས་དེ་སྔོན་བོད་ནང་དུ་བསྐྱོད་པར་ཕྱིར་ལོག་སྐབས། ཁོང་ལ་སློབ་གསོ་རྒྱག་དགོས་ལུགས་སོགས་ཀྱི་གནོན་ཤུགས་སྤྲད་ཡོད་འདུག ལྷག་པར་ཕྱི་ལོ་ ༢༠༢༠ ལོར་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་གསར་འཛུགས་ཀྱིས། དེའི་བརྒྱུད་ནས་ས་དཀར་བཀྲ་ཤིས་ལགས་ཀྱིས། བོད་ནང་གི་གནས་ཚུལ་ཕྱིར་བསྒྲགས་དང་བཙན་བྱོལ་ནང་གི་གནས་ཚུལ་རྣམས་བོད་ནང་དུ་བརྒྱུད་སྤེལ་བྱེད་ཀྱི་ཡོད་པའི་དམ་དྲག་་འོག་ད་ཆ་ཁོང་གི་ནང་མིར་འབྲེལ་ལམ་མཚམས་འཇོག་བྱ་དགོས་བྱུང་འདུག རྩ་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྒྱ་གཞུང་གིས་ས་དཀར་བཀྲ་ཤིས་ལགས་སུ་གནོན་ཤུགས་སྤྲད་འགོ་ཚུགས་ཡོད་ཅིང་། དེ་ཡང་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་དེའི་ནང་བཙན་བྱོལ་བོད་མིའི་ཤེས་ལྡན་མི་སྣ་མགྲོན་འབོད་ཀྱིས། བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞི་གལ་ཆེན་མང་པོའི་ཐོག་བགྲོ་གླེང་ཙམ་མ་ཟད།  བཙན་བྱོལ་བོད་མིའི་འོས་བསྡུ་གནད་དོན་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་བརྒྱུད་བསྐུར་གནང་གི་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༢ འགོ་སྟོད་ཙམ་ལ་སྐད་འཕྲིན་ཚོགས་པ་དེའི་ཚོགས་མི་རྣམས་རིམ་པས་ཉུང་དུ་ཕྱིན་ནས་ཚོགས་པ་དེ་སྒོ་བརྒྱབ་འདུག དེའི་རྗེས་རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་སྐད་འཕྲིན་ཚོགས་པ་དེའི་ཚོགས་མི་རྣམས་ལ་འདྲི་རྩད་དང་ཁོང་རྣམ་པའི་ཁ་པར་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་བ་ནས་བཟུང་། ཁོང་དང་ཁོང་གི་ནང་མིར་དམ་དྲག་བྱེད་འགོ་བཙུགས་པ་ཞིག་ཆགས་ཀྱི་འདུག མ་ཟད་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ནས་ས་དཀར་བཀྲ་ཤིས་ལགས་ཀྱིས་རྨོ་རྨོ་ལགས་སུ་ཁོང་སྒེར་དང་ནང་མིའི་གནས་ཚུལ་སྐོར་འདྲི་རྩད་བྱས་འདུག་པ་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༥ ནང་ཨ་མས་ཁོང་ལ་ལས་དོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག...

ཨ་རིའི་སེན་ཊི་པོལ་གྲོང་ཁྱེར་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེན་ཊི་པོལ་གྲོང་ཁྱེར་གྱིས་ཁ་ཉིན་ཕྱི་ཆེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་འཕྲིན ལ་ཆེ་བསྟོད་ཀྱིས།  ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག དེ་ཡང་ Tibetan American Foundation of Minnesota མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ Saint Paul City Council སེན་ཊི་པོལ་གྲོང་ཁྱེར་ལྷན་ཚོགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པའི་རིན་ཐང་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་དུ་འདི་ལོར་༸གང་ཉིད་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན་ནས་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག ཨ་རིའི་སེན་ཊི་པོལ་གྲོང་ཁྱེར་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྙིང་རྗེའི་རང་གཟུགས་ཤིག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དུ་ཡིད་ཆེས་ངོས་འཛིན་གནང་གི་ཡོད་པ་དང་།  ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པའི་བཀའ་སློབ་ལམ་སྟོན་ནི་འཛམ་གླིང་རྒྱ་ཁབ་ཏུ་ཆེ་མཐོང་ཆེན་པོ་འཇོག་གི་ཡོད་པ།  ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ནས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱུང་རྗེས་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་སྦྱང་བརྩོན་དང་ཉམས་ལེན་མཛད་གནང་ཡོད་པ་མ་ཟད།  བྱམས་སྙིང་རྗེ་དང་། ཆོས་ལུགས་མཐུན་སྒྲིལ། ཕན་ཚུན་བརྩི་མཐོང་གི་འདུ་ཤེས་གོང་འཕེལ་ཐད་རླབས་ཆེན་གྱི་མཛད་རྗེས་འཇོག་བཞིན་ཡོད་པ་གསུངས་འདུག ...

མེསྶི་ཡིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཀོད་པའི་གནད་དོན་དང་འབྲེལ་རྒྱ་ནག་གི་ལྟ་སྲུང་བྱ་འགུལ་མངོན་གསལ་དོད་དུ་ཕྱིན་པ།

མེསྶི་ཡིས་ད་བར་སྤོ་ལོ་མང་ཤོས་བླུག་པའི་འཛམ་གླིང་ནང་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྩོད་རྙོག་དང་དེ་སྔོན་ཕྱི་ལོ་ ༢༠༢༤ ལོར་ཧོང་ཀོང་ནང་དུ་ཚོགས་པའི་རྩེད་འགྲན་ལ་གཞིགས་ཏེ། གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་རྒྱུར་བཀག་འགོག་བྱས་ཡོད་པ་རེད་འདུག དེ་ཡང་ད་ལྟའི་ཆར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ FIFA World Cup རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པའི་ཁྲོད། འདི་ཚེས་ ༢༢  ཉིན་འཛམ་གླིང་ཁྱོན་ཡོངས་སུ་སྙན་གྲགས་ཆེ་བའི་རྩེད་འགྲན་པ་རང་ལོ་ ༣༨ ལ་སོན་པའི་ Argentina ཨར་ཇིན་ཊི་ནཱའི་རུ་དཔོན་ Lionel Messi ལི་ཡོ་ནཱལ་མེསྶི་ཡིས་ Ausrtia ཨོ་སི་ཊི་ཡ་དང་ལྷན་དུ་རྩེད་འགྲན་སྐབས། སྤོ་ལོ་ ༢ བླུགས་ཡོད་པ་དང་། ཁྱོན་སྡོམ་ད་བར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་སྤོ་ལོ་ ༡༨ བླུགས་ཏེ་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ཀྱང་། གཞུང་འབྲེལ་བརྒྱུད་ལམ་ CCTV རྩེད་རིགས་གནས་ཚུལ་ཚན་པས་བཀག་འགོག་གིས་དེ་ཙམ་གྱི་འགོད་སྤེལ་བྱས་མེད་པ་རེད་འདུག འོན་ཀྱང་འདི་ཚེས་ ༡༦ ཉིན་ Algeria ཨེལ་ཇི་རི་ཡའི་དང་ལྷན་དུ་རྩེད་འགྲན་སྐབས་མེསྶི་ཡིས་སྤོ་ལོ་ ༣ བླུགས་ཏེ། ད་བར་སྤོ་ལོ་...

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

རྒྱ་ནག་གཞུང་གིས་གློ་བུར་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་འདུག The post རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། appeared first on བོད་ཀྱི་དུས་བབ།.

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེན་ཊི་པོལ་གྲོང་ཁྱེར་གྱིས་༧གོང་ས་མཆོག་གི་སྐུ་ཚེ་ཧྲི་པོ་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ངོས་འཛིན་སླད་༧སྐུའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེ་ཉིན་མོར་གཏན་འབེབས་བྱས་འདུག The post སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། appeared first on བོད་ཀྱི་དུས་བབ།.

ཝེ་ནེ་ཛུ་ལའི་ས་འགུལ་ཁྲོད་མི་གྲངས་ཁྲི་༡ ནས་འབུམ་ ༡ བར་རྐྱེན་ལམ་དུ་ཤོར་ཉེན་ཆེ།

ཕྱི་ལོ་༢༠༢༦ ཟླ་༦ ཚེས་༢༥ ཉིན། རྒྱ་གར་དུས་བབ་གསར་ཁང་(The Times of India) གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། The post ཝེ་ནེ་ཛུ་ལའི་ས་འགུལ་ཁྲོད་མི་གྲངས་ཁྲི་༡ ནས་འབུམ་ ༡ བར་རྐྱེན་ལམ་དུ་ཤོར་ཉེན་ཆེ། appeared first on བོད་ཀྱི་བང་ཆེན།.

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་མི་ལོ་དྲུག་གི་རྗེས་ནས་སླར་ཡང་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ ༢༦ བོད་ནང་ཤར་གཏོང་གིས་ཚོང་འབྲེལ་བྱ་རྒྱུ་ཡིན་འདུག The post འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག  appeared first on བོད་ཀྱི་དུས་བབ།.

འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་དང་མཇལ་མོལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་མེཀ་ཁེ་རེ་མར་ (Mike Cramer) ལགས་དང་། ལས་འཆར་འགན་འཛིན་ལྕམ་སྐུ་རཱ་དྷ་ར་ནི་ཐ་ཀུ་རེཡ་ (Radharani Thakuria) ལགས་རྣམ་གཉིས་ལ་ཕེབས་བསུ་ཞུས་ཡོད། སྐབས་དེར་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམ་གཉིས་དང་མཇལ་འཕྲད་གནང་བ་དང་། མཇལ་འཕྲད་སྐབས་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དང་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཁག་གཅིག་ལྷན་བཅར་ཞུས་ཡོད།མཇལ་འཕྲད་ཁྲོད་ཨ་རིའི་གཞུང་ནས་མཐུན་འགྱུར་གནང་བཞིན་པའི་བོད་མིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སོར་ཆུད་ཀྱི་ནུས་པ་གོང་སྤེལ་ (Tibetan Economic, Social, and Cultural Resilience) ཞེས་པའི་ལས་གཞིའི་ཡར་རྒྱས་གནས་སྟངས་སྐོར་དང་། དེ་བཞིན་འཕྲོད་བསྟེན་གྱི་ཐབས་བྱུས་དང་དཀའ་ངལ་ཁག་གི་ཐོག་གླེང་མོལ་གནང་ཡོད། ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཞབས་ཞུ་སྲ་བརྟན་གཏོང་བར་མུ་མཐུད་མཉམ་ལས་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།གཞན་ཡང་ཕྱི་ཚེས་ ༡༩ ཉིན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༦ ལོའི་གོ་སྟོན་སི་སྤོལ་རྩེད་འགྲན་མཐའ་མའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་མཐའ་མའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་གྱི་རུ་ཁག་གཉིས་ལ་འཚམས་འདྲི་དང་སྦྲགས། རྩེད་འགྲན་ཐོག་མཉམ་ཞུགས་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་། འདིའི་བརྒྱུད་ཉམས་མྱོང་དང་གདེང་ཚོད། མ་འོངས་པར་ལམ་ལྷོངས་བཅས་བསྐྲུན་པར་དགེ་ཚན་ལྡན་ཡོད་པ་གསུངས། དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དང་སྤྱི་ཚོགས་ཀྱི་སྐུ་ཚབ་འདྲ་མིན་ནས་མཉམ་ཞུགས་གནང་བའི་རྩེད་འགྲན་དེ་བཞིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་བཅས། །

མེ་ཌི་སན་གྲོང་ཁྱེར་དུ་༧སྐུའི་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་གནང་པ།

ཨ་རིའི་མེ་ཌི་སན་གྲོང་ཁྱེར་གྱིས་འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོང་ཁྱེར་སྤྱི་ཁྱབ་པས་གཏན་འབེབས་ཀྱིས་བསྒྲགས་གཏམ་སྤེལ་འདུག ཨ་རིའི་ཝིསི་ཀན་སིན་ (Wisconsin) མངའ་སྡེའི་མེ་ཌི་སན་ (Madison) གྲོང་ཁྱེར་གྱིས་འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སཏྱ་རོཌསི་ཁོན་ཝའི་ (Satya Rhodes-Conway) ལགས་ཀྱིས་མཚན་ཐོག་ནས་གཏན་འབེབས་ཀྱིས་བསྒྲགས་གཏམ་སྤེལ་གནང་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་༧སྐུ་ཕྲེང་ ༡༤ པ་མཆོག་ལ་ཆེ་བསྟོད་དང་༧གང་ཉིད་ཀྱིས་བཀའ་སློབ་བསྩལ་གནང་པ་ཁག་དང་འགྲོ་བ་མིའི་བདེ་རྩའི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཀྱི་དཔེ་མཚོན་ཞིག་བསྐྲུན་གནང་པ་རྣམས་མེ་ཌི་སན་གྲོང་ཁྱེར་གྱི་མི་མང་ཚོས་ཉམས་ལེན་ལག་བསྟར་གནང་རྒྱུ་དང་། ༧གོང་ས་མཆོག་གིས་འགྲོ་...

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་འདི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅེས་གསུངས།

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་འདི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅེས་སྤྱི་འཐུས་ཚོགས་གཙོས་གསུངས་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་པའི་སྦརིཀསི་ (BRICS) ཞེས་རྒྱ་གར་དང་། རྒྱ་ནག སྦརཱཛིལ། ར་ཤི་ཡ། ལྷོ་ཨཧྥ་རི་ཀ་བཅས་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་སློབ་སྟོན་དཔོན་རིཊ་ཀྱི་ཚོགས་འདུ་ཐེངས་ ༡༦ པ་འཚོགས་ཡོད་པ་དེའི་ཐོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་ཀྱི་གནད་དོན་ཐད་ཐེར་འདོན་གནང་པ་བྱུང་མེད་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། འཛམ་གླིང་ནང་གསར་གཏོད་གང་འདྲ་ཞིག་ཡོང་དགོས་པ་ནི་བྱམས་བརྩེས་ཀུན་ནས་བླངས་པའི་གསར་གཏོད་ཅིག་དགོས་ལ། ཡར་རྒྱས་གང་འདྲ་ཞིག་དགོས་ན་བདེན་དཔང་ཐུབ་པའི་ཡར་རྒྱས་ཤིག་དགོས་པས། རྒྱལ་ཁབ་ཀྱི་དབུ་ཁྲིད་གདེང་ཚོད་ཅན་དང་ཞེད་སྣང་མེད་པ་ཞིག་ཡིན་ན། སྤྱི་ཚོགས་ནང་སྐད་ཡིག་དང་ཆོས...

‘མི་རིཊ་མཐུན་སྒྲིལ་’གྱི་ཁྲིམས་དེས་བཙན་བྱོལ་བོད་མི་ཚོར་ཤུགས་རྐྱེན་སྤྲོད་ཉེན་ཡོད་པ།

རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པ་དེའི་བརྒྱུད་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ནས་མི་རྣམས་ལ་རྗེས་འདེད་གཏོང་བའི་ཐོབ་ཐང་ཡོད་ཅེས་བརྗོད་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཞི་དེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་པ་དང་ཟླ་བདུན་པའི་ཚེས་གཅིག་ཉིན་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། བོད་དང་ཡུ་གུར་བཅས་རྒྱ་ནག་གི་མི་རིགས་ ༥༥ དང་རྒྱ་ཧན་མི་རིགས་བཅས་ཀྱི་དབར་རྒྱལ་ཁབ་ཀྱི་ངོ་བོ་མཉམ་བསྲེས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ལ་མདོར་ན་རྒྱ་ནག་མི་རིགས་གཅིག་གི་འོག་དུ་འཇུག་ཐབས་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པ་ཧུ་ཝེ་ལི་ཡིས་ཁྲིམས་ཡིག་དེ་ལ་རྒྱབ་སྐྱོར་བྱས་ཏེ་དེ་ནི་ཁྲིམས་མཐུན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷ...

རྒྱ་ནག་ནང་རྐང་སྤོལ་གྲགས་ཅན་མེ་སི་དང་འབྲེལ་བའི་བརྙན་རིགས་ལ་དམ་དྲག

[དྷ་རམ་སར།] ཕྱི་ལོོ་༢༠༢༦ ཟླ་༦ ཚེས་༢༣ ཉིན། རྒྱ་ནག་གི་སྐོར་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༦ ལོའི་འཛམ་གླིང་བུམ་པའི་(FIFA World Cup) The post རྒྱ་ནག་ནང་རྐང་སྤོལ་གྲགས་ཅན་མེ་སི་དང་འབྲེལ་བའི་བརྙན་རིགས་ལ་དམ་དྲག appeared first on བོད་ཀྱི་བང་ཆེན།.