Tibetan

༸རྒྱལ་དབང་ཀརྨ་པ་མཆོག་མྱུར་དུ་འབྲས་ལྗོངས་ནང་ཕེབས་ཐུབ་ཐབས་སླད་གང་ཡོང་བྱེད་བཞིན་ཡོད་ཅེས་གསུངས་འདུག

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་འབྲུག་རྒྱལ་ཁབ་ནང་དུ་ཕེབས་གཏན་འཁེལ་བ་དང་འབྲེལ། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸རྒྱལ་དབང་མཆོག་མྱུར་དུ་འབྲས་ལྗོངས་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་རྒྱུའི་རེ་བ་ཞུ་བཞིན་པ་དང་མངའ་སྡེ་གཞུང་ནས་ཐབས་ཤེས་གང་ཡོང་གནང་བཞིན་ཡོད་པ་མ་ཟད། ཉིན་གཅིག་གཏན་གཏན་ཕེབས་ཐུབ་ཀྱི་རེད་ཅེས་གསུངས་འདུག དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༧ བར་༸རྒྱལ་དབང་མཆོག་འབྲུག་རྒྱལ་ཁབ་ནང་། འབྲུག་དགེ་ལེགས་ཕུག་ས་གནས་སུ་གསར་རྒྱག་གནང་བཞིན་པའི་འབྲུག་ཡུལ་གྱི་ཚོང་འབྲེལ་གྲོང་ཁྱེར་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་གཞུང་འབྲེལ་མཛད་སྒོ་དབུས་པའི་གནས་གཟིགས་དང་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཁག་གཅིག་ཐུགས་གཏན་འཁེལ་བ་དང་འབྲེལ། འདི་ཚེས་ ༢༦ ཉིན་འབྲས་ལྗོངས་བདུད་འཇོམས་ཐོས་བསམ་འཕགས་པ་རྫོང་དགོན་པ་དབུ་འབྱེད་མཛད་སྒོའི་ཐོག །སྤྱི་ཁྱབ་བློན་ཆེན་ Prem Singh Tamang-Golay པྲེམ་སིང་རྟ་དམག་གོ་ལེ་ལགས་ཀྱིས་གསུང་བཤད་ཁྲོད། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲུག་ཡུལ་ནང་དུ་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་དེ་དང་འབྲེལ་ནས་འབྲུག་ཡུལ་ནི་འབྲས་ལྗོངས་མངའ་སྡེ་དང་ཐག་ཉེ་པོ་ཡོད་སྟབས། མི་མང་ཡང་ཁུལ་དེར་རིན་པོ་ཆེ་མཆོག་མཇལ་ཞུ་སླད་དུ་བསྐྱོད་འཆར་ཡོད་སྲིད་པ་དང་སྐྱོད་དགོས་ངེས་ཀྱང་ཡིན་ཞིང་། མངའ་སྡེ་གཞུང་གི་ངོས་ནས་༸རྒྱལ་དབང་མཆོག་འབྲས་ལྗོངས་སུ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་མུ་མཐུད་འབད་བརྩོན་གང་ཡོང་བྱེད་བཞིན་ཡོད་པ་དང་། དབུས་གཞུང་དང་ལྷན་དུའང་འབྲེལ་བ་བྱས་ཡོད་པ་མ་ཟད། ཉིན་གཅིག་གཏན་གཏན་ཕེབས་ཐུབ་ཀྱི་རེད་ཅེས་གསུངས་སོང་། ད་དུང་ཁོང་གིས་༸རྒྱལ་དབང་མཆོག་འབྲས་ལྗོངས་ཀྱི་ཉེ་འདབས་སུ་ཡོད་པའི་འབྲུག་རྒྱལ་ཁབ་ནང་དུ་ཕེབས་རྒྱུ་དེ་ནི། ང་ཚོར་མཚོན་ན་དོན་འབྲས་ཆེན་པོ་ཞིག་ཡིན་ཞིང་། མགྱོགས་ནས་མྱུར་དུ་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། ལྷག་པར་༸རྒྱལ་དབང་མཆོག་ལ་དེ་འབྲེལ་གསོལ་འདེབས་ཞུས་ཡོད་པ་དང་ཆབས་ཅིག །འབྲས་ལྗོངས་ནང་དུ་ཆོས་སྡེ་ཁག་མང་པོ་ཡོད་པའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་མྱུར་དུ་ཞལ་མཇལ་སྐལ་བཟང་གི་གོ་སྐབས་ཐོབ་རྒྱུའི་རེ་བ་འཆང་བཞིན་ཡོད་པ་གསུངས་འདུག རྩ་བའི་ད་རེས་འབྲུག་རྒྱལ་པོའི་ཐུགས་དགོངས་ལྟར་མང་ཚོགས་སྟོང་ཕྲག་མང་པོས་དྭང་བླངས་ཐོག་མཉམ་ཞུགས་ཀྱིས་ཉིན་གཅིག་ནང་བྱང་ཆུབ་མཆོད་རྟེན་མཐོ་ཚད་ལ་མི་ཊར་ ༡༥ ཅན་གྲངས་ ༡༠༨ བཞེངས་རྒྱུའི་གཞུང་འབྲེལ་གྱི་མཛད་སྒོར་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསྟན་བདག་བླ་ཆེན་རྣམ་པ་ཕེབས་ཀྱི་ཡོད་པ་དང་། བླ་ཆེན་ཁྲོད་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་།...

སྐྱིད་གྲོང་གྱི་གནོད་འཚེ་བྱུང་ཡུལ་དུ་བོད་མིའི་ངལ་སེལ་རོགས་སྐྱོར་ལ་བཀག་སྡོམ།

བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་འཁྱགས་རོམ་ཉིལ་བ་ལས་ཐོན་པའི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ནས་ཟླ་གཅིག་ལྷག་ཕྱིན་ཡོད་རུང་། བོད་ཕྱོགས་སུ་འདས་གྲོངས་དང་གར་སོང་ཆ་མེད་དུ་གྱུར་བའི་མཐའ་མའི་གྲངས་ཐོ་ད་དུང་ཁ་གསལ་མེད་པ་དང། གནོད་འཚེ་བྱུང་བའི་སྐབས་སུ་བོད་ནང་གི་བོད་མི་སྐྱིད་གྲོང་ཕྱོགས་སུ་རོགས་སྐྱོར་བྱེད་དུ་སྐྱོད་རྒྱུར་གཞུང་ཕྱོགས་ནས་དམ་དྲག་བཀོག་སྡོམ་བྱས་ཡོད་འདུག

ཞིབ་འཇུག་རྩོམ་ཡིག་འབྲི་སྟངས་ཐད་དྲ་ལམ་ཟབ་སྦྱོང་ཞིག་འཚོགས།

ལོ་རྗེས་མར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་འདུར་རྩོམ་ཡིག་བསྡུ་བཞིན་པའི་སྐབས་དང་བསྟུན་ནས་ཞིབ་འཇུག་རྩོམ་ཡིག་གི་ནང་དོན་གནད་བསྡུས་འབྲི་སྟངས་ཐད་ཟབ་སྦྱོང་ཞིག་དྲ་ལམ་དུ་འཚོགས། The post ཞིབ་འཇུག་རྩོམ་ཡིག་འབྲི་སྟངས་ཐད་དྲ་ལམ་ཟབ་སྦྱོང་ཞིག་འཚོགས། appeared first on བོད་ཀྱི་དུས་བབ།.

ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།

ང་ཚོ་ཁྱེད་ཚོའི་མཉམ་དུ་ཡོད་ཅེས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཆོགས་ཆུང་གིས་བོད་མི་ཚོར་བརྡ་ལན་གནང་སོང་།

རྒྱལ་མཚན་ནོར་བུས་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་ཟེར།

རྒྱལ་མཚན་ནོར་བུས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་གཙོས་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་ཡོད་ཟེར། The post རྒྱལ་མཚན་ནོར་བུས་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་ཟེར། appeared first on བོད་ཀྱི་དུས་བབ།.

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་འབྲེལ་བོད་མི་སྒེར་པ་ཁག་གཅིག་གིས་ལས་འགུལ་སྤེལ་བ།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་བཏང་རྗེས། ནིའུ་ཡོག་གཙོས་པའི་རྒྱལ་སྤྱིའི་ས་གནས་གང་སར་རྒྱ་གཞུང་ལ་ངོ་རྒོལ་དང་ལས་འགུལ་གྱི་རྦ་རླབས་གསར་པ་ཞིག་གཏོད་པ་དེ་ཉིད་ད་ཆ་ཕྲན་བུས་ཉམས་ཞན་དུ་ཕྱིན་པ་མངོན་རྒྱུ་ཡོད་ནའང་། བོད་མི་སྒེར་པ་ཚོས་རང་ཉིད་ཀྱི་ལས་འགུལ་བརྒྱུད་ནས་བོད་དེ་རྒྱལ་སྤྱིའི་མངོན་གསལ་དུ་གནས་པར་བྱེད་པའི་འབད་བརྩོན་མཚམས་ཆད་མེད།  དེའང་ཉེ་ཆར་བོད་མི་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྡ་རམ་ས་ལར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཁ་སང་ལེགས་གྲུབ་བྱུང་བ་དང་། དེ་བཞིན་བོད་མི་གཞན་ཞིག་གིས་གནད་དོན་འདི་ཐད་ཀར་ཁེ་ན་ཌའི་གཞུང་གི་ཆེས་མཐོའི་དབུ་ཁྲིད་བར་བསླེབས་ཐུབ་པ་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ལས་འགུལ་སྤེལ་བཞིན་པ་རེད་འདུག རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་གནས་སྡོད་གནང་མཁན་ལོ་ན་ ༥༩ ལ་སོན་པའི་བཀྲ་ཤིས་ཐག་ཆོད་ལགས་ཀྱིས་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་མི་གཞིས་སྒར་བསམ་ཡས་གླིང་ནས་བཞུགས་སྒར་རྡ་རམ་ས་ལའི་བར་བོད་དོན་དྲིལ་བསྒྲགས་དང་ལྷག་པར་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་ཐོག་ཡ་ལན་གཙང་མ་གནང་མེད་པ་དང་དྲང་བདེན་བྱུང་མེད་པའི་གནད་དོན་སོགས་ཀྱི་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་བ་ལྟར། ཁ་སང་དགོང་མོར་ཁོང་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ་བདེ་འབྱོར་དང་སྦྲགས་ལས་འགུལ་མཇུག་སྒྲིལ་གནང་སོང་། འདི་ག་གསར་འགོད་པས་སྐབས་དེར་བཀྲ་ཤིས་ཐག་ཆོད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་སྐད་འབོད་དང་གོམ་བགྲོད་སོགས་ཀྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཙོ་བོ་ནི་བོད་མི་ལོ་ན་བགྲེས་པ་ཚོ་ཡིན་པ་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་བོད་མི་གཞོན་སྐྱེས་ཚོས་མཉམ་ཞུགས་གང་མང་གནང་དགོས་གལ་ཆེ་བ་ཡིན་སྐོར་གསུངས་སོང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་སྦྲགས། དེ་རིང་སྔ་དྲོ་བཀྲ་ཤིས་ཐག་ཆོད་ལགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་།  མཇལ་ཁ་གྲུབ་མཚམས་སུ་ཁོང་གིས་དེ་རིང་༸སྐུ་མདུན་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཡིན་པ་དང་༸གོང་ས་མཆོག་ནས་ཀྱང་ཡག་པོ་རེད་ཅེས་བཀའ་གནང་བྱུང་སྐོར་གསུངས་སོང་། རྩ་བའི་བཀྲ་ཤིས་ཐག་ཆོད་ལགས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཁྱོན་ཉིན་གྲངས་ ༨ འགོར་ཡོད་པ་དང་། ཁོང་ལྟ་བུ་ཡིན་ན་དེ་སྔ་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནས་ཧོན་སུར་བར་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་ལས་འགུལ་ལ་མཉམ་ཞུགས་གནང་མྱོང་མཁན་ཡང་ཡིན་པ་རེད། ཕྱོགས་མཚུངས་ཁ་སང་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་གནས་བཞུགས་གཡུང་དྲུང་བསྟན་འཛིན་ལགས་ཀྱིས་རྒྱལ་ས་ཨོ་ཊ་ཝ་ལ་ཆེད་བཅར་གྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གི་སྲིད་བྱུས་ལམ་སྟོན་པ་ལྕམ་ Isabelle Buchanan ལགས་དང་ལྷན་མཇལ་འཕྲད་ཀྱིས་གཙོ་བོ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནད་དོན་སྐོར་ཞུ་གཏུགས་གནང་འདུག གཡུང་དྲུང་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ཁོང་རང་ཉིད་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་གྱི་སྲིད་བྱུས་སློབ་སྟོན་པ་ལྕམ་ Isabelle Buchanan ལགས་དང་ལྷན་ཁྱོན་སྐར་མ་ ༢༥ རིང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ལྷག་དོན་ཡིག་ཐོག་བརྒྱུད་ནས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུར་མེར་བསྲེགས་བཏང་བའི་གནད་དོན་དང་ཁོང་གི་བཞག་པའི་སྐར་མ་ ༦ གི་ཞལ་ཆེམས་བཅས་ཀྱི་སྐོར་ཞུ་གཏུགས་གནང་རྒྱུ་བྱུང་སོང་ཞེས་གསུངས་བ་དང་སྦྲགས། འཛམ་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་མི་རྣམས་ནས་མི་སེར་གྱི་ཐོབ་ཐང་ལེན་པའི་ཐོག་ནས་གནས་ཡུལ་གཞུང་ལ་བོད་དོན་སྐོར་ཞུ་གཏུགས་གནང་དགོས་གལ་ཡིན་པ་དང་བོད་མི་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་འཐབ་རྩོད་གནང་རོགས་ཞེས་ནན་བརྗོད་གནང་སོང་།...

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༩ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་དུ།  བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ་འཚོགས་ཡོད་པ་དང་འབྲེལ།  ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་བཀའ་ཟུར་ཐུབ་བསྟུན་ལུང་རིགས་མཆོག་གིས།  ལྷན་ཚོགས་ངོས་ནས་གལ་ཆེ་ཤོས་དེ་ཚོགས་མི་སྒེར་སོ་སོའི་ངོས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པ་ཞིག་དང་ཡིད་ཆེས་ཡོད་པ་ཞིག་གནང་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་ཉིན་གྲངས་གཉིས་རིང་འཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པའི་ཐོག  །དེ་སྔོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཇི་ཙམ་བྱུང་ཡོད་མེད་སྐོར་གོ་བསྡུར་སྦྱང་བཤད་དང་།  ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཚབ་ནས་སློབ་གྲྭ་ཁག་ལ་གཟིགས་སྐོར་གྱི་ཕྱོགས་བསྐྱོད་ལས་བསྡོམས་སྐོར་ལེགས་ཉེས་དགོངས་འཆར།  དེ་བཞིན་ཤེས་རིག་ལྷན་ཚོགས་ཀྱི་དཔེ་དེབ་གསུམ་དཔར་བསྐྲུན་གནང་འཆར་ཡོད་པ་དེ་དག་གྲོས་གཞི་རེ་རེའི་ངོ་བོའི་ཐོག་རིམ་པའི་གྲོས་བསྡུར་དང་།  ཚོགས་མི་གསུམ་ལས་གྲུབ་པའི་དཔེ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་གཅིག་སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་བར་ཚོགས་མི་གསར་པ་བསྐོ་བཞག  །རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་དང་ལྷག་པར་དུ་ཁྲིམས་ཡིག་དེའི་དོན་ཚན་གཉིས་པར་གདོང་ལེན་གྱིས་གོ་བསྡུར་སྦྱང་བཤད།  སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དང་སློབ་གྲྭ་གནས་མི་གནས་སྐོར་དང་།  དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་སྐོར་སྟངས་འཛིན་ཇི་ལྟར་གནང་གི་ཡིན་མིན་བཅས་ཁྱོན་གྲོས་གཞི་ཁག་བཅུའི་ཐོག་གྲོས་བསྡུར་གནང་ཡོད་པ་རེད། ཁ་སང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་།  བཙན་བྱོལ་བོད་མིའི་ཤེས་ཡོིན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག  །དེ་བཞིན་ལྷན་ཚོགས་ཁོངས་སུ་ཚོགས་མི་གསར་པ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་གྲོས་བཟང་པོ་ལགས་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་རིག་འཛིན་ཟླ་བ་ལགས། སམ་བྷོ་ཊ་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ངག་སྒྲོན་ལགས།  ཤེས་རིག་ལས་ཁུངས་ཀྱི་དེང་རབས་ཚན་པའི་འགན་འཛིན་འཇམ་དབྱངས་ལགས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས།  མ་ཟད་ལྷན་ཚོགས་ཀྱི་ཚོགས་མི་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་།  སྤྱི་ཟུར་ཉི་མ་དོན་གྲུབ་ལགས།  དགེ་ངག་དབང་ལྷ་མོ་ལགས་བཅས་བཀའ་ཤག་གིས་བསྐོ་བཞག་གནང་བའི་ཚོགས་གཙོ་དབུས་པའི་ཚོགས་མི་ ༤ དང་མཚན་གནས་རྗེས་དྲན་གྱི་ཚོགས་མི་ ༧ བསྡོམས་པའི་ཁྱོན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ ༡༡ ནས་མཉམ་ཞུགས་གནང་འདུག སྐབས་དེར་བཙན་བྱོལ་བོད་མིའི་ཤེས་ཡོིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས།  བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་དགོས་པའི་ཐོག་མའི་དམིགས་ཡུལ་དང་། རྒྱབ་ལྗོངས།  གྲུབ་འབྲས་སྐོར་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་འབྲེལ།  ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཚོའི་ངོས་ནས་སློབ་གྲྭ་ཁག་དང་། ཕ་མ།...

བོད་ཀྱི་བུད་མེད་ལུས་རྩལ་བ་ཞིག་ལ་གསེར་གྱི་རྟགས་མ་ཐོབ། 

ཉི་ཧོང་དུ་འཚོགས་བཞིན་པའི་ ༢༠༢༦ ལོའི་ཨེ་ཤ་ཡའི་རྩེད་འགྲན་ཁྲོད་བོད་ཀྱི་བུད་མེད་ལུས་རྩལ་བ་བསྟན་འཛིན་ཆོས་འཛོམས་ལ་འདུར་རྒྱུགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་ཡོད་འདུག The post བོད་ཀྱི་བུད་མེད་ལུས་རྩལ་བ་ཞིག་ལ་གསེར་གྱི་རྟགས་མ་ཐོབ།  appeared first on བོད་ཀྱི་དུས་བབ།.

རྒྱ་གར་གཞུང་གིས་རྒྱ་ནག་གི་ BRICS ལྷན་ཚོགས་ནང་གི་ཤུགས་རྐྱེན་ཐོག་དོ་སྣང་གནང་དགོས་གལ་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་གིས་རྒྱ་ནག་གི་ BRICS ཞེས་གོ་ལའི་ལྷོ་ཕྱོགས་མཉམ་སྦྲེལ་ལྷན་ཚོགས་ནང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཐུགས་སྣང་དགོས་གལ་དང་འབྲེལ། BRICS ནང་དབང་ཤུགས་ཇེ་ཆེར་གཏོང་བ་དེས་ལྷན་ཚོགས་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་འགྲོ་ཉེན་ཡིན་པས། རྒྱ་གར་གྱིས་འཛམ་གླིང་ལྷོ་ཕྱོགས་ཀྱི་འགོ་ཁྲིད་ནུས་པ་མུ་མཐུད་དུ་སྲ་བརྟན་དགོས་སྐོར་ཙམ་མ་ཟད། རྒྱ་ནག་དང་འབྲེལ་བ་གནང་སྐབས་ཡིད་གཟབ་གནང་དགོས་གལ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ Dainik Tribune གསར་ཁང་གིས་སྲིད་ཟུར་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཡོད་པ་དང་བསྟུན། སྲིད་ཟུར་མཆོག་ལ་ཉེ་ལམ་ཁུལ་དེར་འཚོགས་པའི་ BRICS ལྷན་ཚོགས་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱ་རྒྱུའི་འབད་བརྩོན་དེས་བོད་ལ་ཁེ་དང་གྱོང་གུད་ཇི་བྱུང་སྐོར་བཅར་འདྲི་ཞུས་པའི་ཁྲོད། སྲིད་ཟུར་བློ་བཟང་སེང་གེ་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་སླར་གསོ་དང་འབྲེལ། ཉེ་ལམ་ BRICS ལྷན་ཚོགས་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་བསམ་ཤེས་ཀྱི་རྣམ་འགྱུར་བསྟན་ནས་ཞི་བདེ་དང་བརྟན་བརླིང་གི་འབྲེལ་ལམ་ཞིག་འཚོལ་སྒྲུབ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་ཀྱང་། རྒྱ་གར་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ཕྱི་ལོ་  ༡༩༦༢ ཀྱི་དོན་རྐྱེན་གཙོས་འཕགས་བོད་ས་མཚམས་ Doklam དང་ Galwan སོགས་ཀྱི་གདོང་ཐུག །དེ་བཞིན་རྒྱ་གཞུང་གིས་ཨ་རུ་ན་ཅཱལ་གྱི་ས་ཚིགས་མིང་སྒྱུར་བྱས་པ་སོགས་ལུང་འདྲེན་དང་སྦྲགས། རྒྱ་གར་གཞུང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་ཡིད་གཟབ་གནང་དགོས་གལ་ཡིན་པ་གསུངས་འདུག མ་ཟད། དེང་སྐབས་རྒྱ་ནག་གིས་ BRICS གོ་ལའི་ལྷོ་ཕྱོགས་མཉམ་སྦྲེལ་ལྷན་ཚོགས་ནང་དབང་ཆ་རྒྱ་སྐྱེད་གཏོང་བཞིན་པ་དེས་ལྷན་ཚོགས་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་འགྲོ་ཉེན་ཡིན་པས། རྒྱ་གར་གྱིས་དེ་འབྲེལ་ཐུགས་སྣང་དགོས་གལ་ཐོག །འཛམ་གླིང་ལྷོ་ཕྱོགས་ཀྱི་འགོ་ཁྲིད་ནུས་པ་མུ་མཐུད་དུ་སྲ་བརྟན་དགོས་སྐོར་དང་ཆབས་ཅིག  །ལྷག་པར་རྒྱ་གར་གྱིས་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་གྱི་རྟེན་ཚད་དེ་བཞིན་ཉུང་འཕྲི་དགོས་པའི་ཐོག །མཁོ་གལ་ཆེ་བའི་དངོས་ཟོག་རྒྱ་གར་རང་གིས་བཟོ་སྐྲུན་བྱ་ཐབས་གནང་དགོས་གལ་ཡིན་པ་གསུངས་འདུག སྲིད་ཟུར་མཆོག་གིས་ད་དུང་ཉེ་ལམ་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་དང་འབྲེལ། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གོད་ཆགས་ནང་བོད་སྐྱིད་གྲོང་ཁུལ་དུ་མི་ཤི་རྐྱེན་འདས་ཀྱི་ཆག་སྒོ་བྱུང་བའི་གནས་ཚུལ་སྦས་གསང་ཆེན་པོ་བྱས་ཡོད་པ་དང་།...

ལྡི་ལི་ནས་དྷ་སའི་བར་གྱི་བོད་དོན་ཞི་བའི་གོམ་བགྲོད་ལསའགུལ་མཇུག་སྒྲིལ།

ཕྱི་ལོ་༢༠༢༦ ཟླ་༩ ཚེས་༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་གནས་སྡོད་བྱེད་མཁན་བཀྲ་ཤིས་ཐག་གཅོད་ལགས་ཀྱི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་དྷ་སའི་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་མཇུག་སྒྲིལ་སོང་།ལས་འགུལ་བ་བཀྲ་ཤིས་ཐག་གཅོད་ལགས་ཀྱི་དགུང་ལོ་༥༩ ཡིན་ཞིང་། ཁོང་གིས་བོད་དོན་དྲིལ་བསྒྲགས་ཆེད། ཕྱི་ཟླ་༩ ཚེས་༢༠ The post ལྡི་ལི་ནས་དྷ་སའི་བར་གྱི་བོད་དོན་ཞི་བའི་གོམ་བགྲོད་ལསའགུལ་མཇུག་སྒྲིལ། appeared first on བོད་ཀྱི་བང་ཆེན།.

གཡུང་དྲུང་བསྟན་འཛིན་གྱིས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱི་སྲིད་ཇུས་སློབ་སྟོན་པར་ཐུག་འཕྲད་ཀྱིས་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཕུལ།

ཕྱི་ལོ་༢༠༢༦ ཟླ་༩ ཚེས་༢༨ ཉིན། ཁེ་ན་ཌར་གནས་སྡོད་གཡུང་དྲུང་བསྟན་འཛིན་ལགས་ཀྱིས་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་ཝ་༼Ottawa༽ རུ། ཕྱི་སྲིད་བློན་ཆེན་གྱི་སྲིད་ཇུས་སློབ་སྟོན་པ་ལྕམ་སྐུ་ཨེ་ས་པལ་ (Esabelle) མཆོག་ལ་མཇལ་ཕྲད་གནང་སྟེ། The post གཡུང་དྲུང་བསྟན་འཛིན་གྱིས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱི་སྲིད་ཇུས་སློབ་སྟོན་པར་ཐུག་འཕྲད་ཀྱིས་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཕུལ། appeared first on བོད་ཀྱི་བང་ཆེན།.

གཞིས་ལུས་བོད་མི་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་འཕྲིན་ཡིག་ཅིག

སྐྱབས་མགོན་ལགས། སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་གཞིས་ལུས་བདག་ལ་གསེར་ལས་ལྷག་པའི་གོ་སྐབས་འདི་ཐོབ་བྱུང༌། གུས་པས་ཀྱང་ལྷག་བསམ་རྣམ་པར་དཀར་བའི་ཐོག་ནས་མགོན་པོ་མཆོག་ལ་སྐད་ཆ་འགའ་ཞུ་འདོད་བྱུང༌། The post གཞིས་ལུས་བོད་མི་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་འཕྲིན་ཡིག་ཅིག appeared first on བོད་ཀྱི་དུས་བབ།.

དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲུག་ཡུལ་དུ་ཆིབས་བསྒྱུར།

འབྲུག་དང་རྒྱ་གར་གྱི་ས་མཚམས་ཉེ་འཁྲིད་དགེ་ལེགས་ཕུག་ཏུ་མཆོད་རྟེན་ལ་རབ་གནས་སོགས་ཀྱི་མཛད་རིམ་བང་སྒྲིག་འདུག

ལོན་ཌོན་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་དྲུག་པ་འཚོགས།

ད་ལོའི་བོད་ཀྱི་གློག་བརྙན་དུས་ཆེན་དེ་ཕྱི་ཟླ་ ༩ ཚེས་ ༡༨ ནས་ཕྱི་ཟླ་ ༡༡ ཚེས་ ༡༥ བར་དུ་སུད་སིའི་ཛུ་རིག་དང་། དྷ་རམ་ས་ལ། ལོན་ཌོན དྷ་རམ་ས་ལ། ཝ་ཤིན་ཊོན། ནེའུ་ཡོག་བཅས་སུ་འཚོག་གི་ཡོད་ཅིང་། ལོན་ཊོན་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་དྲུག་པའི་སྐབས་བོད་ཀྱི་གློག་བརྙན་ཐུང་ངུ་ལྔ་ལ་གཡག་རྟགས་མའི་ Yak Prize བྱ་དགའ་ཐོབ་ཡོད་འདུག The post ལོན་ཌོན་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་དྲུག་པ་འཚོགས། appeared first on བོད་ཀྱི་དུས་བབ།.

ཁེ་ན་ཌའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་༧ པ་སྤེལ་བཞིན་པ།

རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཊོ་རོན་ཊོ་པདྨ་བཀོད་གཞོན་ནུ་མཐུན་ཚོགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༣ ནས་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ ༧ པ་དབུ་འཛུགས་གནང་ཡོད་པ་དང་། དེ་རིང་ལས་འགུལ་གྱི་ཉིན་ ༦ པའི་ཁྲོད་ཁོང་རྣམས་ Belleville Trenton ས་གནས་སུ་འབྱོར་འདུག དེ་ཡང་མཐུན་ཚོགས་ཀྱིས་དེ་འབྲེལ་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཊོ་རོན་ཊོ་པདྨ་བཀོད་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་འོག །ཁུལ་དེར་གནས་སྡོད་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་ཡིན་པའི་བོད་མིའི་གཞོན་སྐྱེས་པདྨ་ཀུན་དགའ་ལགས་དང་། ཟླ་བ་ནོར་བུ་ལགས། སྐལ་ལྡན་དབང་ཕྱུག་ལགས། བདེ་ཆེན་དབང་འདུས་ལགས། འགྱུར་མེད་ཚུལ་ཁྲིམས་ལགས་བཅས་ནས་ཁེ་ན་ཌ་ Ottawa རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་གི་ལས་འགུལ་ཐེངས་ ༧ པ་དབུ་འཛུགས་གནང་ཡོད་པ་དང་།  རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡ རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་བསྟུན་ནས་ཊོ་རོན་ཊོ་ Toronto རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་དེ་ཉིད་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད་འདུག མ་ཟད། ད་རེས་ཀྱི་ལས་འགུལ་དེའི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་ཁེ་ན་ཌའི་གཞུང་ལ་གཙོ་བོ་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་རྒྱུར་དམིགས་ནས་བོད་ནང་ལག་བསྟར་ཟིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ཉིད་ཕྱིར་འཐེན་དགོས་པའི་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དགོས་གལ་དང་། མཐོ་སྒང་བོད་ཀྱི་སྲུང་སྐྱོབ་ནི་འཛམ་གླིང་གི་སྣེ་གསུམ་པ་དང་ང་ཚོའི་གོ་ལ་སྲུང་སྐྱོབ་ཡིན་པའི་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ཁྲིམས་འགལ་ཐོག་ནས་བཀའ་ཉར་དང་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་གསུམ་ཆེད་འདོན་གནང་འདུག རྒྱང་རྒྱུག་ལས་འགུལ་བ་རྣམས་ནས་ལམ་བར་ཕྱི་རྒྱལ་བ་རྣམས་ལ་གོ་རྟོགས་སྤེལ་ཆེད་བོད་དོན་དྲིལ་བསྒྲགས་ཀྱི་གནད་དོན་འཁོད་པའི་ཤོག་ལྷེ་བགོ་འགྲེམས་མ་ཟད།...

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་བར་ངོ་རྒོལ་སྐད་འབོད་གྱི་ལས་འགུལ་སྤེལ་འདུག

ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་གྱི་ཡོད་པ་བསྟུན།  ཁ་སང་ཕྱི་ཚེས་ ༢༧ ཉིན་ཨོ་གླིང་དུ་བོད་མི་ཚུད་པའི་རྒྱ་ནག་གི་བཙན་གནོན་འོག་མྱོང་བཞིན་པའི་མི་རིགས་བཅས་ལྷན་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག རྩ་བའི་རྒྱ་ནག་དམར་པོའི་རིང་ལུགས་པ་ཚོས་དེ་སྔ་ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ཚེས་ ༡ ཉིན་སྐབས་དེའི་རྒྱ་ནག་གི་གོ་མིང་ཏང་སྲིད་གཞུང་མགོ་རྟིང་བསློགས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་སྲིད་གཞུང་གསར་པ་འགོ་འཛུགས་བྱས་ཡོད་པ་དང་།  ཉིན་མོ་དེ་རྒྱ་ནག་གུང་ཁྲན་མང་ཚོགས་ཀྱིས་ལོ་འཁོར་དུས་དྲན་ཞིག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་།  སྲིད་གཞུང་དེའི་འོག་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་བའི་རྒྱུ་མཚན་གྱིས།  རྒྱ་ནག་དམར་ཤོག་ཚོགས་པ་དང་ལྟ་སྤྱོད་མི་མཐུན་མཁན་དང་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོའི་ངོས་ནས་ཉིན་མོ་དེ་བཞིན་གདུང་སེམས་མཉམ་སྐྱེད་དང་སྦྲགས་ཏེ་ “Fall of China Day” ཞེས་རྒྱ་ནག་རྒྱལ་ཁབ་ཉམས་རྒུད་དུ་སོང་བའི་ཉིན་མོར་ངོ་རྒོལ་ལས་འགུལ་སྤེལ་བའི་ཐོག་ནས་སྲུང་བརྩི་ཞུ་ཡི་ཡོད་པ་རེད།  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་གྱི་ཡོད་པར།   ཨོ་གླིང་གི་ Sydney གྲོང་ཁྱེར་ནང་ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་འོག་མྱངས་པའི་ཨོ་སྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ཁུལ་དུ་གནས་སྡོད་རྒྱ་རིགས་མཐུན་ཕྱོགས་རུ་ཁག་ནས་སྐབས་དེའི་ཚེ་དེའི་དུས་སུ་རྒྱ་ནག་གུང་ཁྲན་གྱི་དྲག་རྒོལ་འོག་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ད་ལྟའི་རྒྱ་ནག་གི་སྲིད་གཞུང་ལ་ངོ་རྒོལ་མཚོན་བྱེད་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་།  ཁ་སང་གི་ཉིན་མོ་དེ་བཞིན་དེ་སྔ་ཕྱི་ལོ་...

བོད་དང་བལ་ཡུལ་གྱི་ས་མཚམས་སུ་བསྐྱར་དུ་རང་བྱུང་གོད་ཆག་བྱུང་།

བོད་དང་བལ་ཡུལ་གྱི་ས་མཚམས་ཏེ། བལ་ཡུལ་གྱི་མ་ནང་ (Manang) རྫོང་ཁོངས་སུ་ཆགས་པའི་བོད་དང་ས་འབྲེལ་གྱི་ཧིམ་ལུང་ཧི་མལ་རི་རྩེ་ནས་གངས་རུད་བརྒྱུགས་ཏེ་མི་བཞི་རྐྱེན་འདས་དང་། རི་འཛེགས་མཁན་དང་རོགས་པ་བྱེད་མཁན་མི་ ༡༠ ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད། The post བོད་དང་བལ་ཡུལ་གྱི་ས་མཚམས་སུ་བསྐྱར་དུ་རང་བྱུང་གོད་ཆག་བྱུང་། appeared first on བོད་ཀྱི་དུས་བབ།.

བསོད་ནམས་དབང་ཕྱུག་གིས་བོད་མི་རྣམས་ལ་དགོངས་སེལ་ཞུས། 

ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་བོད་མི་རྣམས་ལ་དགོངས་སེལ་ཞུས་པ་དང་སྦྲགས་བོད་མི་རྣམས་དང་ལ་དྭགས་པ་རྣམས་མཉམ་འབྲེལ་གྱིས་ལས་དོན་གཉེར་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག The post བསོད་ནམས་དབང་ཕྱུག་གིས་བོད་མི་རྣམས་ལ་དགོངས་སེལ་ཞུས།  appeared first on བོད་ཀྱི་དུས་བབ།.

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ་བསྐོང་ཚོགས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ་བསྐོང་ཚོགས་གནང་ཡོད་ཅིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག དེ་བཞིན་ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས།  དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས། སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ཤེས་རིག་ཟུང་དྲུང་དགེ་འདུན་དོན་ཡོད་ལགས། ཤེས་རིག་དྲུང་གཞོན་བསྟན་འཛིན་དཔལ་ལགས། སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་ཉི་མ་དོན་གྲུབ་ལགས། དགེ་བཤེས་ལྷ་རམས་པ་བློ་གྲོས་བཟང་པོ་ལགས། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས། མ་སུ་རི་བོད་ཁྱིམ་ཤེས་ཡོན་འགན་འཛིན་རིག་འཛིན་ཟླ་བ་ལགས། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གཞོན་པ་བསྟན་འཛིན་ངག་སྒྲོན་ལགས་བཅས་ལྷན་ཞུགས་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་ཤེས་ལྷན་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་སྦྲགས། ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པའི་ངོ་སྤྲོད་དང་། ལྷན་ཚོགས་ཀྱི་དམིགས་ཡུལ་དང་ཐེངས་འདིའི་གྲོས་གཞི་ཁག་ངོ་སྤྲོད་གནང་གྲུབ་མཚམས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ནི་ཤེས་ཡོན་སྲིད་བྱུས་འོག་ནས་བྱུང་བ་ཞིག་ཡིན་པ་དང་། བོད་པའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་ཡང་དག་ཡོང་བར་ཚོགས་མི་རྣམས་ནས་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ། བྱུང་རིམ་རྣམས་ལ་ངེས་པར་དུ་གོ་རྟོགས་གཏིང་ཟབ་དགོས་གལ་དང་འབྲེལ། ཁོང་ཉིད་དེ་སྔོན་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བའི་སྐབས་དངོས་སུ་ཡོད་པའི་ཆ་ནས་སྲིད་བྱུས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྣམས་ངོ་སྤྲོད་གནང་སྟེ། སྲིད་བྱུས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་། བཅའ་ཁྲིམས་ཀྱི་ལུང་། མང་ཚོགས་དང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་འོག་གཏན་འབེབས་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་། དེ་རྗེས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་གཙོས་པས་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཤེས་ཡོན་སྲིད་བྱུས་ནི་ཕྱི་ལོ་ ༢༠༠༤ ལོར་སྐབས་དེའི་བཀའ་ཤག་དང་གྲོས་ཚོགས་ནས་གཏན་འབེབས་གནང་སྟེ་ཕྱི་ལོ་ ༢༠༠༥ ལོར་སློབ་གྲྭ་ཟུར་འཛུགས་ཀྱིས་ལག་བསྟར་གནང་ནས་རིམ་བཞིན་སློབ་གྲྭ་གཞན་ཁག་གི་ནང་ལག་བསྟར་གནང་འགོ་འཛུགས་པའི་སྐོར་དང་། སྐབས་དེར་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་དེ་ལྟ་བུ་གཏན་འབེབས་གནང་བ་ནི་གཟི་བརྗིད་ཅན་ཞིག་དང་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་ཞིག་ཡིན་ཞིང་།...

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་གནང་རྗེས་ཨ་རིས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་བརྗོད།

"ང་ཚོས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ལ། བཙན་ཤེད་དང་ཐུབ་ཚོད་གཏོང་བའི་ལས་ཀར་ཡང་རྒྱབ་སྐྱོར་བྱེད་ཀྱི་མེད་" ཅེས་རྒྱ་ནག་ཏུ་བཞུགས་པའི་ཨ་རིའི་གཞུང་ཚབ་པས་བརྗོད་འདུག The post ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་གནང་རྗེས་ཨ་རིས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་བརྗོད། appeared first on བོད་ཀྱི་བང་ཆེན།.

རྒྱ་ནག་ནང་ཐའེ་ཝན་གྱི་མི་སེར་༤༤༩ བཀག་ཉར་བྱས་པའི་ཁྲོད་༡༦༨ གར་སོང་ཆ་མེད་དུ་གྱུར། 

ཕྱི་ལོ་༢༠༢༤ ཟླ་བ་༡ ཚེས་༡ ཉིན་ནས་ད་བར་ཁྱོན་ཐའེ་ཝན་གྱི་མི་སེར་༤༤༩ རྒྱ་ནག་ནང་བཀག་ཉར་བྱས་ཡོད་པ་དང་། དེ་དག་ཁྲོད་ནས་མི་༡༦༨ གར་སོང་ཆ་མེད་དུ་གྱུར་འདུག The post རྒྱ་ནག་ནང་ཐའེ་ཝན་གྱི་མི་སེར་༤༤༩ བཀག་ཉར་བྱས་པའི་ཁྲོད་༡༦༨ གར་སོང་ཆ་མེད་དུ་གྱུར།  appeared first on བོད་ཀྱི་བང་ཆེན།.

མི་ཡུལ་འདིར་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བ་ལས་འཕྲོས་པའི་གཏམ།

སྤྱིར་བཏང་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར། མགོ་ལས་རྣམ་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ནས། རང་ཉིད་ཡུན་རིང་གི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་མི་ལོ་སུམ་ཅུའི་རིང་གི་དུས་བབ་བཀླགས་པའི་མྱོང་ཚོར་དང་འབྲེལ་བའི་བསམ་ཚུལ་འགའ་ཞུ་འདོད་ཡོད། The post མི་ཡུལ་འདིར་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བ་ལས་འཕྲོས་པའི་གཏམ། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་དུས་མཐའ་མའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གྲོས་ཚོགས་ཚོགས་དུས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པ་དེ་ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད། དེ་ཡིན་དུས་འདིའི་ནང་ལ་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པ་དང་བསྡུས་པ་ཡོངས་རྫོགས་ལ་སྤྱི་འཐུས་རྒྱུན་ལས་དང་། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ལ་ཆ་ཤས་བཞེས་པའི་བརྒྱུད་རིམ་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ས་བགོས་ཁག་ལ་ཕྱོགས་ཕེབས་གནང་བ་དང་། དེ་བཞིན་མི་མང་གི་སྐུ་ཚབ་མཚོན་པའི་ཐོག་ནས་མི་མང་གི་བདེ་བ་སྡུག་བསྔལ་དང་རེ་འདུན་ག་རེ་ཡིན་པ་དེ་དག་ཚང་མ་ལྷན་ཁང་ཁག་ལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ཙམ་དུ་མ་ཟད། གནད་དོན་སྣ་མང་གི་ཐོག་ལ་བཀའ་བློན་རྣམ་པ་ཚོས་བཀུར་འོས་སྤྱི་འཐུས་རྣམ་པའི་ཐུགས་དོགས་དང་། མི་མང་གི་རེ་བ་དེ་འགྲུབ་ཐུབ་རྒྱུ་ཡོད་མེད་ཀྱི་གནས་སྟངས་ག་རེ་ཡོད་མེད་དེ་གསལ་པོ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་ལེན་སྟངས་ལ་མཚོན་པ་ཡིན་ན། ནང་སྲིད་ལས་ཁུངས་ལ་བཀུར་འོས་སྤྱི་འཐུས་ ༤༣ གྱིས་ཆ་ཤས་ལེན་ཡོད་པ་རེད། དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་ལ་དུས་ཚོད་རྐྱེན་པས་བཀུར་འོས་སྤྱི་འཐུས་ ༡༧ གྱིས་ཆ་ཤས་ལེན་ནས་ལྷན་ཁང་ཚང་མའི་ནང་ལ་ཆ་སྙོམས་ཀྱིས་མར་བརྩིས་པ་ཡིན་ན། བཀུར་འོས་སྤྱི་འཐུས་ ༢༩།༢༩ ཡི་ཆ་སྙོམས་ཀྱིས་ཆ་ཤས་ལེན་པ་དེ་ལྟར་ཆགས་ཀྱི་ཡོད་ཅེས་ཞུ་རྒྱུ་གཅིག་ཡིན། དེ་ཡིན་དུས་དཔེར་ན། ང་རང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་མིའི་སྤུས་ཚད་དེ་གལ་ཆེན་པོ་ཞིག་ཡིན་པ་དང་། ཕྲུ་གུ་གསོ་སྐྱོང་གི་ཐོག་ནས་དེང་སང་དེང་རབས་ཀྱི་བཟའ་འཐུང་གིས་རྐྱེན་པས་ཕྲུ་གུར་ནད་ན་ཚ་སྔར་གོ་མ་མྱོང་བ་མང་པོ་ཞིག་ཡོང་གི་ཡོད་པ་དང་། དེ་འདྲའི་གནས་བབ་ཀྱི་ཐོག་ནས་ང་ཚོར་སེམས་འཚབ་དེ་འདྲ་མ་ཡོང་བའི་ཆེད་དུ་ཐབས་ལམ་བཙལ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་བྱུང་ཡོད། ཚོགས་གཙོའི་ཐོག་ནས་དེ་གལ་ཆེན་པོ་ཞེ་པོ་ཞིག་བརྩི་ཡི་ཡོད། གང་ཡིན་ཟེར་ན། རྒྱ་ནག་ནང་ལོགས་ལ་ང་རང་ཚོའི་གཞིས་བཞུགས་བོད་མི་རྣམས་ལ་ཁྱིམ་ཚང་གཅིག་ལ་ཕྲུ་གུ་གཅིག་ཙམ་བྱས་ནས་གནས་བབ་ཀྱི་ཐོག་ནས་ཕྲུ་གུ་མང་པོ་ཞིག་སྐྱེས་པ་ཡིན་ནའང་ཐེམ་ཐོ་མ་རག་པར་བཟའ་འཐུང་གི་དཀའ་ངལ་འཕྲད་པའི་དཀའ་ངལ་དེ་འདྲ་ཡོད་པ་རེད། ང་རང་ཚོ་འདིར་རང་དབང་ལུང་པའི་ནང་ལ་ཕྲུ་གུ་ག་ཚོད་སྐྱེས་སྐྱེས་ཡོད་རེད་དེ། ཕྲུ་གུའི་སྐྱེས་ཚད་དེ་ལ་ཆ་བཞག་པ་ཡིན་ན་ལོ་རེ་ནས་ལོ་རེར་ཉུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་རེད། དེ་དག་ཉུང་དུ་འགྲོ་བ་དང་མཉམ་དུ་གང་སྐྱེས་པ་དེ་དག་ཀྱང་ན་ཚ་འདྲ་མིན་གྱིས་རྐྱེན་པས་སེམས་ཁམས་རེད། སྐད་ཆ་བཤད་རྒྱུའི་དཀའ་ངལ་ཡོད་པ་ཞིག་སྐྱེས་པ་ཡིན་ན་རང་བཞིན་གྱིས་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མིའི་ནུས་པ་དེ་ཉམས་ཆག་འགྲོ་ཡི་ཡོད་པ་དེ་ང་ཚོའི་ཞན་ཆ་རེད། དེར་བརྟེན་སོ་སོ་ཨ་མ་ཞིག་དང་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཕྲུ་གུ་བྱིས་པ་ཟེར་མཁན་དེ་དང་པོ་སྐྱེད་མར་འཁོར་ཡོང་བའི་སྐབས་སུ་སྦྲུམ་མའི་གནས་སྐབས་ལ་མ་ཡི་ཟས་བཅུད་བསྟེན་སྟངས། སྨན་བསྟེན་སྟངས་དེ་དག་གལ་ཆེན་པོ་ཞེ་པོ་ཆགས་ཀྱི་ཡོད་པ་རེད། དེ་ཙམ་དུ་མ་ཟད་པའི་ང་ཚོ་བོད་པ་གཙང་མ་ཞིག་སྐྱེས་དགོས་ཀྱི་འདུག་ན། མ་འདི་ཡིས་བོད་ཀྱི་ཡི་གེ་དང་སྐད། བོད་ཀྱི་གཞས། ཁྱིམ་ཚང་རང་གི་ནང་ལ་བོད་ཀྱི་ཁོར་ཡུག་དེ་བསྐྲུན་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་བལ་འབྲུག་གསུམ་ལ་ཆ་བཞག་པ་ཡིན་ན་ང་ཚོར་ཁོར་ཡུག་འདི་གང་ལ་གང་འཚམ་ཞིག་ཡོད་བསྡད་པ་རེད། ཡིན་ནའང་ཕྱི་རྒྱལ་གྱི་རྒྱལ་ཁབ་ལ་ཡོད་པའི་ཕྲུ་གུ་བུ་རྒྱུད་དེ་དག་བོད་ཀྱི་སྐད་ཡིག་དང་། བོད་ཀྱི་རིག་གཞུང་། བོད་ཀྱི་གནས་བབ་ཀྱི་ཁོར་ཡུག་དེ་མེད་པའི་རྐྱེན་རང་བཞིན་གྱིས་དཀའ་ངལ་ཞིག་ཆགས་ཀྱི་ཡོད་དུས། སྦྲུམ་མའི་གནས་སྐབས་ནས་ཕ་མ་ཚོས་དེའི་ཐོག་ལ་བསམ་གཞིག་བྱེད་དགོས་རྒྱུ།...

དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན...

  ༄༅། །འདི་གར་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༧ ཉིན་དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་གནང་བའི་བོད་ནང་གི་ཞི་རྒོལ་ལས་འགུལ་སྐོར་གྱི་པར་རིས་འགྲེམས་སྟོན་དང། ཚོགས་པ་བཙུགས་ནས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།   དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ངག་དབང་འོད་འབར་ལགས་ནས་བདེ་སྲུང་བཀའ་བློན་མཆོག་ལ་ཕེབས་བསུ་དང་ཆབས་ཅིག ཚོགས་པའི་ཚོགས་ཁང་གི་སྒོ་འགྲམ་ནས་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་། ཚོགས་གཞོན་ངག་དབང་འོད་འབར་ལགས་ནས་མི་ལོ་ ༤༠ སྔོན་གྱི་ཞི་རྒོལ་གྱི་རྣམ་པ་མཚོན་པའི་པར་རིས་ཁག་ངོ་སྤྲོད་སྙིང་བསྡུས་དང་། བཀའ་བློན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། ཚོགས་གཞོན་ནས་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་སྙིང་བསྡུས་གནང་གྲུབ་རྗེས་དཔལ་ལྡན་བཀའ་བློན་མཆོག་ནས་གསུང་བཤད་གནང་སྐབས་གསུང་དོན། དེ་རིང་གི་ཉིན་མོ་འདི་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་མི་ལོ་ ༣༥ འཁོར་བ་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཕྱིར་མིག་གཟིགས་ནས། བོད་ཀྱི་རྩ་དོན་ཆེད་དུ་རྒྱལ་གཅེས་པ་རྣམས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཆེའི་པར་རིས་ཁག་བསྐྱར་གསོ་ཐུབ་སྟེ། སླར་ཡང་འགྲེམས་སྟོན་གནང་ཐུབ་པར་བསྔགས་བརྗོད་གནང་།གཞིས་བྱེས་གཉིས་དབར་གཉེན་འཕྲད་དང་ཕན་ཚུན་འགྲོ་འོང་འགོ་ཚུགས་རྗེས། མི་རབས་གསར་པའི་ཞི་རྒོལ་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱ་དམར་གཞུང་གིས་མནར་གཅོད་ཚད་མེད་བཏང་བའི་ལོ་རྒྱུས་མཚོན་ཐུབ་པའི་པར་རིས་རྣམས། བོད་ནང་ཞུགས་མཁན་ཚོས་ཉེན་ཁར་མ་འཛེམས་པར་ཐབས་ཤེས་སྣ་ཚོགས་བཏང་སྟེ་བཙན་བྱོལ་རང་དབང་ལུང་པའི་ནང་འབྱོར་ཐུབ་པ་བྱུང་བ་དེ་ཡིས། ད་ལྟ་དང་མ་འོངས་མི་རབས་རྣམས་ལ་བོད་ཀྱི་ལོ་རྒྱུས་མ་བརྗེད་དྲན་གསོ་གཏོང་རྒྱུར་ཕན་རླབས་ཧ་ཅང་ཆེན་པོ་བྱུང་ཡོད།    པར་རིས་འདི་རིགས་ཉར་ཚགས་མ་ཐུབ་པ་བྱུང་ཚེ། མ་འོངས་མི་རབས་རྣམས་ནས་ལོ་རྒྱུས་བརྗེད་ཉེན་ཡོད་སྟབས། འདི་དག་ལ་འགྲེལ་བརྗོད་དང་བཅས་རྒྱུན་རིང་ཉར་ཚགས་ཐུབ་ཐབས་ལ་འབད་བརྩོན་ཡོད་རྒུ་གནང་དགོས་པའི་སྐོར་དང་། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་པར་རིས་དེ་དག་གི་གོ་རྟོགས་ལས་འགུལ་སྤེལ་སྐབས་ནོར་འཁྲུལ་མེད་པའི་སྒོ་ནས་འགྲེལ་བརྗོད་ཐུབ་པ་དགོས་པའི་འབོད་སྐུལ་གནང་། ཕྱོགས་མཚུངས་ཚོགས་པ་ཁག་ནས་རྒྱལ་གཅེས་པ་རྣམ་པའི་ལོ་རྒྱུས་དཔེ་དེབ་འདོན་སྤེལ་གནང་ཐབས་བྱུང་ཚེ་དགེ་མཚན་ཡོད་པ་གསུངས།གཞན་ཡང་བཀའ་བློན་མཆོག་གིས་མུ་མཐུད་ནས། དེ་རིང་འགྲེམས་སྟོན་གནང་བའི་པར་རིས་དེ་དག་བཙན་བྱོལ་རང་དབང་ལུང་པར་འབྱོར་ཐབས་སུ་མིང་མེད་པའི་ཐོག་ནས་སྐུ་ལས་མང་པོ་བཀྱོན་མཁན་བོད་ནང་ཡོད་བཞིན་པ་དང་།...

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཆོས་ཀྱི་འཁོར་ལོ་ཞེས་པ་ཞིག་འབུལ་བཞེས་མཛད་སོང་།