Tibetan
ཨ་རིའི་རང་བཙན་དུས་དྲན་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བི་ཡོ་མཆོག་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་ཕེབས་པ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་སྲིད་བློན་ཆེན་མཆོག་དབུ་བཞུགས་ཐོག་ཨ་རིར་རང་བཙན་ཐོབ་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་ལྟར། མཛད་སྒོའི་ཐོག་རྒྱ་གར་གྱི་དཔོན་རིགས་མཐོ་གྲས་ཁག་དང་། རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་སོ་སོའི་སྐུ་ཚབ་ཀྱི་དབུས་པའི་གནད་ཡོད་དཔོན་རིགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་བཅས་ཀྱང་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ངོ་བོ་ལྟར་ལྷན་ཞུགས་གནང་འདུག དེའང་ཉེ་ལམ་ཨ་རིའི་སྲིད་འཛིན་ Donald Trump ཊོམཔ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཏེ། ཉིན་གྲངས་འགའ་ཤས་ལས་སོང་མེད་པའི་འཚམས་འདིར། ད་རེས་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཁོ་ཡུ་བི་ཡོ་མཆོག་དབུ་བཞུགས་ཀྱིས་རང་བཙན་དུས་དྲན་སྲུང་བརྩི་ཞུ་བའི་དུས་དྲན་ཐོག སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་གདན་ཞུ་གནང་བ་དེ་ནི། བཙན་བྱོལ་བོད་མིར་མཚོན་ན་ཧ་ཅང་གལ་གནད་དོན་སྙིང་ལྡན་པ་ཞིག་དང་། ལྷག་པར་ཨ་རིའི་རྒྱལ་ཁབ་དེ་བཞིན་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་ཞལ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་ལྟར་དགའ་བསུ་དང་སྤོབས་པ་བྱེད་འོས་པ་ཞིག་ཀྱང་ཡིན་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། སྤྱིར་ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བི་ཡོ་མཆོག་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཙམ་མ་ཟད། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེན་པོ་གནང་མཁན་ཞིག་དང་། ཁོང་ལ་དེ་སྔ་རྒྱ་ནག་གཞུང་གིས་སྲིད་དོན་ཉེས་ཆད་ཐེངས་གཉིས་ཙམ་བཀལ་ཡོད་ཀྱང་། ཁོང་ཨ་རིའི་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་རྗེས་རྒྱ་ནག་གཞུང་གིས་ཁོང་གི་མཚན་སྒྲ་བསྒྱུར་བྱས་ཏེ། ཉེ་ལམ་ཁོང་ཨ་རིའི་སྲིད་འཛིན་ཊོམཔ་མཆོག་དང་ལྷན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་སུ་ཕེབས་ཐུབ་པ་བྱུང་ཡོད། ཁོང་གིས་དེ་སྔོན་བོད་ཀྱི་ལོ་གསར་སྐབས་ཨ་རའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གིས་གསལ་བསྒྲགས་བསྐྱངས་པ་མ་ཟད། ཨ་མི་རི་ཀའི་ངོས་ནས་བོད་མིའི་ཐོབ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཆོས་ཕྱོགས་ཀྱི་ཤུལ་བཞག་བཅས་ལ་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་ཡོད་ཅེས་ཀྱང་གསུངས་ཡོད། གཞི་རྩའི་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཀོ་རུ་བི་ཡོ་མཆོག་དེང་སྐབས་ནུབ་ཨེ་ཤེ་ཡའི་ཁུལ་དུ་འཛམ་གླིང་གི་བདེ་འཇགས་གནས་བབ་དང་འབྲེལ་ཏེ། ཁ་ཉིན་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཆེད་ཕེབས་གནང་བ་ཞིག་དང་། ཉིན་གྲངས་བཞིའི་རིང་གི་རྒྱལ་དོན་འཚམས་གཟིགས་དེའི་སྐབས་ཁོང་ནས་རྒྱ་གར་གྱི་སྲིད་བློན་མཆོག་གིས་དབུས་པའི་ཕྱི་སྲིད་བློན་ཆེན་སོགས་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་ཕན་ཚུན་བར་དང་རྒྱལ་སྤྱིའི་བདེ་འཇགས། ཚོང་འབྲེལ། དེ་བཞིན་ད་ལྟའི་དམག་འཁྲུག་གི་རྐྱེན་པའི་སྣུམ་གྱི་ནུས་ཤུགས་དང་འབྲེལ་བའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་རེད། The post ཨ་རིའི་རང་བཙན་དུས་དྲན་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་གནང་འདུག appeared first...
ཨ་རིའི་རང་བཙན་ཐོབ་པའི་དུས་སྟོན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་གདན་ཞུས་ལྟར་ཕེ...
༄༅། །ཨ་རིའི་རང་བཙན་ཐོབ་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་ཨ་རིའི་གཞུང་ནས་གདན་ཞུས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕེབས་ཞུགས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་འཁོད་ཨ་རིའི་གཞུང་ཚབ་ཁང་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་མར་ཁོ་རུ་བྷི་ཡོ་ (Marco Rubio) མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་སུབྲ་མཱནི་ཡམ་ཇེཡ་ཤངྐར་ (Subrahmanyam Jaishankar) མཆོག ཨ་རིའི་གཞུང་ཚབ་པ་སྐུ་ཞབས་སར་ཇིའོ་གོར་ (Sergio Gor) ལགས། དེ་བཞིན་ལྡི་ལིར་གནས་འཁོད་གཞུང་ཚབ་ཁང་ཁག་གི་སྐུ་ཚབ་སོགས་གཙོ་བཞུགས་ཐོག་ཨ་རིའི་རང་བཙན་ཐོབ་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་ཡོད། མཛད་སྒོའི་ཐོག་ཨ་རིའི་གཞུང་ནས་ཇི་ལྟར་གདན་ཞུས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕེབས་ཞུགས་གནང་ཡོད་པ་དང་། སྐབས་དེར་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུས་གནས་ལགས་དང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།
བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།
བོད་གཞིས་ཀ་རྩེ་ནས་ཡིན་པའི་རྒྱང་རྒྱུག་རྩེད་འགྲན་པ་ཚེ་རིང་མཚོ་མོ་ལགས་ལ་ཨང་དང་པོ་ཐོབ་པ་དང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨང་གསུམ་པ་བླངས་ཏེ་འདི་ལོའི་ཕྱི་ཟླ་ ༩ ནང་ཉི་ཧོང་དུ་འཚོག་འཆར་ཡོད་པའི་སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་ཁྲོད་དྲག་འདེམས་བྱུང་འདུག འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཉི་ཧོང་གི་ན་གྷོ་ཡ་ (Nagoya)རུ་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་བསྡུ་རྒྱུ་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་ཕྱི་ལོ་ ༢༠༢༦ ལོའི་ལན་ཀྲུའུ་གྲོང་ཁྱེར་དུ། སྐབས་ ༢༠ པའི་ཨེ་ཤ་ཡའི་དྲག་འདེམས་རྩེད་འགྲན་བསྡུས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་རྩེད་འགྲན་རུ་ཁག་གི་གཞིས་ཀ་རྩེ་ནས་ཡིན་པའི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱལ་སྤྱི་རིམ་པའི་དྲག་འདེམས་ཁྲོད་ཨང་རིམ་གཉིས་པ་དང་། རྒྱལ་ནག་གི་བུད་མེད་ཀྱི་རྒྱང་རྒྱུག་ཁྲོད་ཆུ་ཚོད་ ༢ དང་སྐར་མ་ ༢༩། སྐར་ཆ་ ༥༩ དུས་ཡུན་ནང་ཨང་རིམ་དང་པོ་བླངས་ནས་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་དང་། བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་ནང་ལོག་གི་རྒྱང་རྒྱུག་ཁྲོད་ཨང་རིམ་གསུམ་པ་དང་རྒྱལ་སྤྱི་རིམ་པའི་ནང་ཨང་རིམ་བདུན་པ་བླངས་ཏེ། ཁོང་གཉིས་ཕྱི་ལོ་ ༢༠༢༦ ལོའི་སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་ནང་དྲག་འདེམས་བྱུང་ཡོད་འདུག བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་ལག་རྩལ་སློབ་གླིང་གི་རྒྱང་རྒྱུག་འབྲིང་བའི་སྡེ་ཁག་ནས་སྦྱོང་བརྡར་བྱས་ཏེ། འབྲིང་རྒྱུག་རུ་ཁག་གི་རྐང་འཛིན་པ་དང་བུད་མེད་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་ཡོད་ཅིང་། བུད་མེད་རྒྱང་རྒྱུག་སྨི་ ༥༠༠༠ དང་སྨི་ ༡༠༠༠༠ ཡི་ཟིན་ཐོ་གསར་པ་བཀོད་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་རྒྱང་རྒྱུག་སྨི་ ༥༠༠༠ གི་འགྲན་སྡུར་ནང་སྐར་མ་ ༡༦ དང་སྐར་ཆ་ ༣༦ ། གྲངས་ཆུང་ ༨༣ གྱི་གྲུབ་འབྲས་བླངས་བཟང་པོ་ཐོབ། ཕྱི་ལོ་ ༢༠༢༤...
བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།
The post བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད། appeared first on བོད་ཀྱི་དུས་བབ།.
Long-life prayer offereing to His Holiness by two associations
The post Long-life prayer offereing to His Holiness by two associations appeared first on བོད་ཀྱི་དུས་བབ།.
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།
The post བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར། appeared first on བོད་ཀྱི་དུས་བབ།.
བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ (Barney Frank) ལགས་དགུང་གྲངས་ ༨༦ སྟེང་འདས་གྲོངས་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་མི་མང་སྤྱི་འཐུས། བོད་མི་མི་སྒེར་སོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཞུས་དང་ཞུ་བཞིན་འདུག དེ་འབྲེལ་སྲིད་སྐྱོང་མཆོག་གིས་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང་། བཙན་བྱོལ་བོད་མི་རྣམས་ཨ་རིར་གཞིས་སྤོར་ལས་གཞི་ཆེད་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་ཕམ་དང་སྦྲགས། དམ་པ་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ལོའི་ཨ་རིར་གཞིས་སྤོས་ཁྲིམས་ཡིག་ཐད་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དུས་རྟག་ཏུ་དྲན་ངེས་ཡིན་པ་དང་། ཁྲིམས་ཡིག་འདིའི་བརྒྱུད་བོད་མི་ཆིག་སྟོང་ཙམ་ཨ་རིའི་ནང་དུ་འཚོ་བ་བསྐྱར་བསྐྲུན་ལ་རོགས་ཕན་བསྒྲུབས་ཡོད། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་བུ་ཕྲུག་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་ཐུབ་པ་བྱུང་ཡོད་པ་མ་ཟད། སྙན་གྲགས་ཅན་གྱི་མཐོ་སློབ་ཁག་ཏུ་བསྐྱོད་ཐུབ་པ་བྱུང་ཡོད། དེ་བཞིན་དམ་པ་ཁོང་གིས་བོད་མི་རྣམས་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་དང་རྒྱུན་མཐུད་མཛའ་འབྲེལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་བཅངས་པའི་ཆོད་སེམས་བཅས་ལ་བོད་མི་ཚོས་བཀའ་དྲིན་རྗེས་དྲན་དང་གུས་བརྩི་ཆེན་པོའི་སྒོ་ནས་དྲན་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མྱ་ངན་ཞུ་ཡིག་ཅིག་ཕུལ་བའི་ནང་། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ནི་ལོ་ངོ་ ༣༢ རིང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན། ཁོང་གི་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཆེ་ཤོས་ནི་ཁྲིམས་ལུགས་ཀྱི་ཐོག་ནས་ཕྱི་ལོ་ ༡༩༩༠ ལོར་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ལ་ཨ་རིར་གནས་སྤོར་གྱི་ཆ་རྐྱེན་བསྐྲུན་གནང་བ་དེ་ཡིན། དེ་རིང་ཨ་རིའི་བོད་མིའི་སྤྱི་ཚོགས་དེ་ཁྲིམས་ལུགས་དེའི་རྐྱེན་གྱིས་འཕེལ་རྒྱས་སུ་ཕྱིན་ཡོད་ལ། ཨ་རིའི་བོད་མི་ཚོས་ཨ་རིའི་སྤྱི་ཚོགས་ནང་རང་གི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཐོབ་ཐང་ཆེད་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྟེང་གི་བོད་དོན་ལས་འགུལ་བ་ཚོས་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱི་སྙིང་རྗེ་ལྡན་པའི་དབུ་འཁྲིད་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག དེ་བཞིན། བོད་མི་མང་སྤྱི་འཐུས་དོན་འགྲུབ་ཚེ་རིང་ལགས་ཀྱིས། ངས་ཨ་རིར་གནས་སྡོད་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ད་ཆ་ཨ་རིའི་ནང་བོད་མི་...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕརེངྐ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༢༢ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕརེངྐ་ (Barney Frank) ལགས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ཇིམ་རེཌི་ (Jim Ready) ལགས་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་། བཙན་བྱོལ་བོད་མི་རྣམས་ཨ་རིར་གཞིས་སྤོས་ལས་གཞི་ཆེད་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕརེངྐ་ལགས་འདས་གྲོངས་སུ་གྱུར་པར་ཐུགས་ཕམ་དང་སྦྲགས། དམ་པ་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ལོའི་ཨ་རིར་གཞིས་སྤོས་ཁྲིམས་ཡིག་ཐད་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དུས་རྟག་ཏུ་དྲན་ངེས་ཡིན་པ་དང་། ཁྲིམས་ཡིག་དེའི་བརྒྱུད་བོད་མི་ཆིག་སྟོང་ཙམ་ཨ་རི་ནང་དུ་འཚོ་བ་བསྐྱར་བསྐྲུན་ལ་རོགས་ཕན་བསྒྲུབས་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་བཱར་ནཱི་ཕརེངྐ་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་བུ་ཕྲུག་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་ཐུབ་པ་བྱུང་ཡོད་པ་མ་ཟད། སྙན་གྲགས་ཅན་གྱི་མཐོ་སློབ་ཁག་ཏུ་བསྐྱོད་ཐུབ་པ་བྱུང་ཡོད། དེ་བཞིན་དམ་པ་ཁོང་གིས་བོད་མི་རྣམས་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་དང་རྒྱུན་མཐུད་མཛའ་འབྲེལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་བཅངས་པའི་ཆོད་སེམས་བཅས་ལ་བོད་མི་ཚོས་བཀའ་དྲིན་རྗེས་དྲན་དང་གུས་བརྩི་ཆེན་པོའི་སྒོ་ནས་དྲན་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། །
མརྐོ་རུ་བྷིའོའི་རྒྱ་གར་འཚམས་གཟིཊ་ནི་རྒྱ་ནག་ཕྱོཊ་ཕེབས་རྗེས་སུ་གནད་འགག་ཆཊ་སྐོར་གསུངས་པ།
ཨ་རིའི་སྲིད་འཛིན་གྱི་རྒྱ་ནག་འཚམས་གཟིགས་གྲུབ་རྗེས་ཕྱི་སྲིད་དྲུང་ཆེས་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་ནི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་ཉམས་ཞིབ་པས་གསུང་གི་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གི་ཐེངས་འདིའི་རྒྱ་གར་ནང་གི་འཚམས་གཟིགས་དེ་ནི་དུས་དང་གནས་སྟངས་གང་གི་ཆ་ནས་འཚམ་ཞིང་། དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བར་ཕན་ནུས་ཡོང་སྲིད་པ་ཉམས་ཞིབ་པས་སྔོན་དཔག་གནང་གི་འདུག དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། “མརྐོ་རུ་བྷི་ཡོ་མཆོག་ད་ཆ་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་པ་ནི་དུས་དང་གནས་སྟངས་ཀྱི་ཆ་ནས་འཚམ་པོ་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས། དེ་ཡང་ཉེ་ལམ་ཨ་རིའི་སྲིད་འཛིན་ཊམཔ་མཆོག...
ཨོ་གླིང་ནང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ།
ཁ་སང་ཕྱི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༦ བར་ཨོ་གླིང་གྲོང་ཁྱེར་སེ་ཌི་ནང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་ཡོད་པ་ལྟར། ཚོགས་ཆེན་དེའི་ཐོག་ཕྱོགས་མཐའ་ཁག་ནས་ཚོགས་བཅར་བ་ ༣༠༠ ལྷག་ཙམ་ཞིག་ནས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་འཕེལ་རིམ་ལ་དག་ཐེར་རང་བཞིན་གྱི་དབྱེ་ཞིབ་བྱེད་པའམ། བོད་རྒྱལ་ཁབ་སླར་གསོའི་ཐབས་ཇུས་གསར་བཟོ་ལ་ཇུས་གཞི་འདིང་བ། དེ་བཞིན་བོད་ཀྱི་མ་འོངས་ལས་འགུལ་ལ་ཁ་ཕྱོགས་གསར་པ་སྟོན་པ་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད་འདུག དེའི་སྐོར་ཐེངས་འདིའི་ཚོགས་ཚེན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བསྟན་པ་དར་རྒྱས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་འོག་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བའི་འདྲ་མཉམ་མ་ཡིན་པའི་གྲོས་མཐུན་ཞིག་བཙན་ཐབས་ཀྱིས་བཞག་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བའི་ཉིན་མོ་ཡིན་པ་མ་ཟད། འདི་ནི་དངོས་སུ་བོད་རང་བཙན་ཡིན་པའི་གནས་བབ་ཡིག་ཐོག་ནས་ཤོར་བའི་ཉིན་མོའང་ཡིན་པས། ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཉིན་མོ་འདིར་འཚོགས་གནང་ཡོད་པ་དང་ཆབས་ཅིག ཚོགས་ཆེན་དེ་ནི་ཉིན་མོ་དེར་ངོ་རྒོལ་དང་ལོ་རྒྱུས་ཀྱི་འཁྱོག་བཤད་ལ་བརྡ་ལན་སྤྲོད་ཆེད་ཙམ་མ་ཟད། སྒོས་སུ་མ་འོངས་བོད་རྒྱལ་ཁབ་སླར་གསོའི་འཆར་གཞི་གསར་བཟོའམ་སྔར་གྱི་རང་བཙན་གནས་བབ་སླར་གསོ་གནང་ཐབས་བཅས་ལ་དམིགས་ཡོད་པ་གསུངས་སོང་། མ་ཟད། དེང་གི་ཆར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་སྟེ། བོད་ཀྱི་མི་རིགས་དང་སྐད་ཡིག རིག་གཞུང་བཅས་ཀྱི་འཚོ་གནས་ལ་འཇིག་ཉེན་བཟོ་བཞིན་པའི་རྒྱབ་ལྗོངས་དང༌། ཕྱི་ལོ ༢༠༢༤ ལོར་ཨ་རིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འཁེལ་དང་ཁྲིམས་ནུས་འདོན་བཞིན་པའི་གནས་བབ་གཉིས་གཞི་ལ་བཞག་སྟེ། བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་འཕེལ་རིམ་ལ་དག་ཐེར་རང་བཞིན་གྱི་དབྱེ་ཞིབ་གཙོས་བོད་རྒྱལ་ཁབ་སླར་གསོའི་ཐབས་ཇུས་གསར་བཟོ་ལ་ཇུས་གཞི་འདིང་བ། དེ་བཞིན་བོད་ཀྱི་མ་འོངས་ལས་འགུལ་ལ་ཁ་ཕྱོགས་གསར་པ་སྟོན་པ་སོགས་བརྗོད་གཞི་གསུམ་གྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཚོགས་ཆེན་འདིར་བོད་དོན་ཐོག་མཁྱེན་རྒྱ་ཆེ་བའི་ཆེད་ལས་མི་སྣ་དང་། བོད་རང་བཙན་གྱི་ལྟ་བར་རྒྱབ་སྐྱོར་དང་ལངས་ཕྱོགས་བརྟན་པོ་ཡོད་པའི་ཤེས་ལྡན་མི་སྣ། དེ་བཞིན་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་བོད་དོན་འཐབ་རྩོད་པ་དང་། ཁྱད་ལས་ཅན་གྱི་བོད་དོན་རྒྱབ་སྐྱོར་བ་སོགས་གང་མང་གདན་འདྲེན་ཞུས་ཡོད་པ་གསུངས་སོང་ལ། བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་ཤོས་སྡོད་སའི་རྒྱལ་ཁབ་ཨོ་གླིང་དུ་ཐེངས་དང་པོར་བཀོད་སྒྲིག་བྱ་བའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་བརྒྱུད་དེ། རང་དབང་དང་མང་གཙོ། སྣ་མང་གི་རིག་གཞུང་སོགས་ལ་ཆེ་མཐོང་བླ་མེད་གནང་མཁན་རྒྱལ་ཁབ་འདིས། བོད་དོན་འཐབ་རྩོད་ཐོག་སྔར་ལས་ལྷག་པའི་དོ་སྣང་གསར་པ་ཞིག་དང་བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཐོབ་པར་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་གསུངས་སོང། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་ཐོག་ནས་མང་མོས་ཀྱིས་ཐག་གཅོད་བྱུང་བའི་རྒྱལ་སྤྱིའི་རང་བཙན་ལས་འགུལ་འབྲེལ་མཐུད་ལྷན་ཚོགས་གསར་འཛུགས་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་ལྟར།...
བོད་དོན་ཐོག་ནས་ཐའེ་ཝན་གྱི་ཞི་བདེ་དང་རྒྱལ་སྲུང་གླེང་པ།
ལོ་ངོ་ ༧༥ ཡི་གོང་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་བཞག་པའི་རྗེས་སུ་བོད་འདི་རིམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་བཅུག་ཡོད། ལོ་ངོ་༧༥ ཡི་རྗེས་སུ་ཟླ་ ༥ ཚེས་ ༢༣ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པད་ནང་མང་ཚོགས་སྟོང་ཕྲག་མང་པོ་ཁྲོམ་གཞུང་ཐོག་སྐྱོད་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་ཐོག་ནས་ཐའེ་ཝན་གྱི་མ་འོངས་པར་དོ་ཁུར་ཆེན་པོ་བྱས་ཡོད་འདུག དེ་ཡང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དོ་སྤྲོད་གནང་བར། ད་རིང་ལས་འགུལ་ནང་མི་བརྒྱད་སྟོང་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། གཏམ་བཤད་གནང་མཁན་སྐུ་མགྲོན་ཚོས་ཀྱང་བོད་དོན་ཐོག་ཧ་ལས་པ་གསུངས་གནང་ཡོད་པ་མ་ཟད། ད་དུང་ལོ་ངོ་༧༥ཡི་སྔོན་ལ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་གཞུང་ལ་བཙན་དབང་ཐོག་ནས་དོན་ཚན་བཅུ་བདུན་བཞག་ཡོད། ད་ཆ་བོད་འདི་བཞིན་དཀའ་ངལ་ས...
བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན།
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim McGovern ལགས་དང་། Michael McCaul ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐད་ནས་ངོས་འཛིན་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཨང་ H.R. 8982 ངོ་སྤྲོད་གནང་འདུག དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Michael McCaul ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་བའི་ཁྲིམས་འཆར་དེའི་ནང་དོན་ཆ་ཚང་ད་ལྟའི་ཆར་ཡོངས་བསྒྲགས་གནང་མེད་ཀྱང་། ཁྲིམས་འཆར་དེས་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིས་ངོས་འཛིན་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་མ་ཟད། ད་ལྟའི་ཆར་ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་འདུག གཞི་རྩའི་ཁྲིམས་འཆར་གྱི་ཚིག་བརྗོད་དང་ནང་དོན་ལ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་གནང་རྗེས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་སྟེ་གཏན་འབེབས་གནང་དགོས་ཀྱི་ཡོད་པ་དང་། མང་མོས་གཏན་འབེབས་ཐོག་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཉིན་ནས་ལག་བསྟར་གྱི་ཁྲིམས་སུ་འགྱུར་རྒྱུ་ཡིན་པ་རེད། The post བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན། appeared first on vot.
རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།
རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། གསར་འགོད་པ། རྩོམ་ཁུངས། བོད་ཀྱི་དུས་བབ། དེ་རིང་ནི། ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་ཤེད་བྱས་ཏེ་ “དོན་ཚན་བཅུ་བདུན་” ལ་མིང་རྟགས་བཀོད་དུ་བཅུག་པ་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་ཉིན་མོ་རེད། པེ་ཅིང་གཞུང་གིས་འདི་ལ་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་མིང་བཏགས་ཏེ་དགའ་སྟོན་ཟབ་རྒྱས་ཤིག་གོ་སྒྲིག་བྱེད་ཀྱིན་ཡོད་ནའང་། བོད་མིའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། འདི་ནི་ “ཞི་བའི་བཅིངས་འགྲོལ་” མ་ཡིན་པར། དྲག་པོའི་དམག་གིས་བཙན་འཛུལ་བྱས་ཏེ་བོད་ཀྱི་རང་དབང་བཅོམ་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད། ལོ་ངོ་ ༧༦ རྗེས་ཀྱི་དེ་རིང་གི་ཉིན་མོ་འདིར། བོད་པའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས། རྒྱ་ནག་གི་དྲིལ་བསྒྲགས་རྫུན་མར་ལོ་རྒྱུས་ཀྱི་དཔང་རྟགས་དང་ཁྲིམས་ལུགས་ཀྱི་གནད་འགག་བརྒྱུད་ནས་འགག་ལན་ནུས་ལྡན་ཞིག་སྤྲོད་དགོས་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཆགས་ཡོད། རྒྱ་ནག་གིས་ “བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པས། ཞི་བས་བཅིངས་འགྲོལ་བཏང་བ་ཡིན་” ཞེས་བཤད་པའི་གཏམ་རྫུན་དེ། བདེན་པའི་ལོ་རྒྱུས་དང་། ལྷག་པར་དུ་སྐབས་དེའི་ཐ་སྙད་ཀྱི་གནད་འགག་དག་བཀྲལ་ནས་མཐར་སྐྲོད་གཏོང་དགོས། རྒྱ་ནག་གིས་ “བོད་ས་གནས་སྲིད་གཞུང་” ཞེས་པའི་ཐ་སྙད་བཟོས་ཏེ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་ཀྱིན་ཡོད་ནའང་།...
དབུས་བོད་མིའི་སྒྲིག་འཛུཊ་ལ་ཨ་རིས་ཁྲིམས་མཐུན་ངོས་འཛིན་དགོས་པའི་ཁྲིམས་འཆར་ཞིག་བཏོན་འདུག
དབུས་བོད་མིའི་སྒྲིག་འཛུཊ་ལ་ཨ་རིས་ངོས་འཛིན་དགོས་པའི་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོགས་སུ་བཏོན་འདུག ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་འཇེམསི་མེཀ་གྷོ་ཝརན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་གཉིས་ཀྱིས་ཁྲིམས་འཆར་ཨང་ ༨༩༨༢ ཅན་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༡ ཉིན་གྲོས་ཚོགས་སུ་བཏོན་གནང་ཡོད་པ་དང་། ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་འདུག འགྲོ་ལུཊ་ལྟར་ན། ཁྲིམས་འཆར་གྱི་ཚིག་བརྗོད་དང་ནང་དོན་ལ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་གནང་རྗེས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་སྟེ་གཏན་འབེབས་གནང་དགོས་ཀྱི་ཡོད་པ་དང་། སྲིད་འཛིན་གྱིས་མཚན་རྟགས་བཀོད་ཉིན་ནས་ལག་བསྟར་གྱི་ཁྲིམས་སུ་འགྱུར་རྒྱུ་ཡིན་པ་རེད། ཁྲིམས་འཆར་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་...
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་།
ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ཟེར་བ་དེར་བོད་རྒྱའི་སྐུ་ཚབ་ཀྱིས་མཚན་རྟགས་བཀོད་ཡོད། འདི་ནི་བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་རང་དབང་གི་གནས་བབ་ཤོར་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་བསྐྲུན་པ་ཤིག་ཆགས་ཡོད། དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས་དང་ཆབ་མདོའི་དམག་འཁྲུག ༡༩༥༠ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་དཔུང་འཇུག་བྱས་ཏེ་ཆབ་མདོར་དྲག་པོའི་བཙན་འཛུལ་གྱིས་བོད་དམག་ཕམ་ཉེས་བྱུང་པའི་རྗེས། སྐུ་ན་ཕྲ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གིས་དམག་དོན་གྱི་གནོན་ཤུགས་སྤྲད་དེ། བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་དབང་གིས་མཚན་རྟགས་འགོད་བཅུག་ཡོད། དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ལ་ལོ་མང་རིང་ཞིབ་འཇུག་གནང་མཁན་བསོད་ནམས་རྡོ་རྗེ་...
ཨི་རན་གྱི་དམག་འཁྲུག་ལ་བརྟེན་ནས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུའི་འཆར་གཞི་གནས་སྐབས་བཀག་འགོག
ཉེ་ཆར་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱུང་ཡོད་པ་དང་། སྐབས་དེ་དུས་གནད་དོན་གཙོ་བོ་ཞིག་གླེང་སློང་བྱུང་བ་ནི་ཐའེ་ཝན་ལ་ཨ་རིའི་ངོས་ནས་གོ་མཚོན་འཚོང་མིན་གྱི་ཐད་ཡིན་པ་དང་། རྒྱ་ནག་གིས་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་ན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད། ཁ་སང་ཨ་རིའི་མཚོ་དམག་གི་དྲུང་ཆེས་བརྗོད་དོན་ལ། ཨ་རིས་ཐའེ་ཝན་ལ་འཚོང་འཆར་ཡོད་པའི་ཨ་སྒོར་ཐེར་འབུམ་༡༤ ཡི་གོ་མཚོན་དག་ཨི་རན་གྱི་དམག་འཁྲུག་ལ་བརྟེན་ནས་གནས་སྐབས་བཀག་ཡོད་པ་བརྗོད་འདུག The post ཨི་རན་གྱི་དམག་འཁྲུག་ལ་བརྟེན་ནས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུའི་འཆར་གཞི་གནས་སྐབས་བཀག་འགོག appeared first on བོད་ཀྱི་བང་ཆེན།.
ཆིངས་ཡིག་དོན་ཚན་ ༡༧ སྐོར་ཤེས་ན་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་ལ་ཕན་ནུས་ཡོད་སྐོར་གསུངས།
ཆིངས་ཡིག་དོན་ཚན་ ༡༧ སྐོར་ཤེས་ན་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་ལ་ཕན་ནུས་ཡོད་སྐོར་གསུངས། བོད་མི་མང་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་དེབ་དེའི་ལེའུ་དང་པོ་གཅིག་པུས། བོད་ཙམ་མིན་པར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་འབྲེལ་ཡོད་ཡིག་ཆ་སོགས་ལུང་འདྲེན་གྱིས། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་ཁུངས་སྐྱེལ་ར་སྤྲོད་ཐུབ་ཀྱི་ཡོད་ཅེས། རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་གསུངས་བྱུང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༧༥ འཁོར་གྱི་ཡོད་པ་དང་བསྟུན། རྩོམ་པ་པོ་ཆུང་ཚེ་རིང་དང་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བོད་མི་མང་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་འཕེལ་རིམ་ལ་དཔྱད་པ་ཞེས། ཆིངས་ཡིག་དོན་ཚན་བཅུ་བདུན་མ་བཞག་གོང་གི་བོད་ཀྱི་ཆབ་སྲིད་གནས་བབ་དང་། རྒྱ་ནག་གིས་བོད་...
སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ཁོངས་སུ་གྲྭ་བཙུན་རྣམས་འཛུལ་བཞུགས་བྱ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་གསུངས་སོང་།
བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་གི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་རེས་ཚོགས་འདུའི་ཐོག་དགོངས་འཆར་ཕེབས་པ་བཞིན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་གྲྭ་བཙུན་རྣམས་འཛུལ་བཞུགས་བྱ་ཐུབ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་གསུངས་སོང་། དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱི་མཉམ་རུབ་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་ ༢ རིང་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་བའི་ཐད་ཚོགས་ཆེན་ཆེས་ཐོག་མ་དེ་འཚོགས་ཡོད་པ་དང་། ཁ་སང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་བགྲོ་གླེང་ལས་རིམ་ཁྲོད། བཙུན་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ཁོངས་སུ་ཕྱག་ལས་གནང་ཐུབ་རྒྱུའི་ལམ་ཁ་བཟོ་དགོས་སྐོར་གྱི་གླེང་སློང་བྱུང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འདས་པའི་ལོ་ཤས་ནས་དེའི་ཐོག་འདེམས་བསྐོ་ལྷན་ཁང་དང་ལྷན་དུ་བཀའ་མོལ་གནང་བཞིན་པ་དང་། གཙོ་བོ་དཀའ་ངལ་འཕྲད་ས་དེ་དགོན་སྡེ་ཁག་གི་ནང་དུ་བསླབ་གཞི་མི་འདྲ་བ་ཡོད་པ་དེ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་པའི་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཀྱི་བྱིས་པ་རྣམས་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་འཛུལ་བཞུགས་བྱེད་ཡག་གི་གོ་སྐབས་བསྐྲུན་པའི་འོག་ནས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་གྱུར་ཡོད་པ། མ་ཟད་དེ་སྔ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་འགོ་འཛུགས་སྐབས་སུ་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙུན་ ༤༢༠༠༠ ཙམ་ཞིག་དང་དེའི་ཁོངས་སུ་བོད་རིགས་རྒྱ་ཆ་ ༣༥ དང་ཧི་མ་ལ་ཡའི་མི་རིགས་བརྒྱ་ཆ་ ༦༤ ཡོད་སར། ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙན་ ༣༨༨༠༠ ཙམ་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༧༠ ཙམ་ཧི་མ་ལ་ཡའི་མི་རིགས་ཆགས་བསྡད་ཡོད་པ་དང་འབྲེལ་ནས། ད་ཆ་ཧི་མ་ལ་ཡའི་མི་རིགས་ཀྱི་བཙན་བྱོལ་ནང་གི་ཆོས་སྡེ་ཆེན་པོ་དེ་དག་གི་འགན་འཁྱེར་ཡག་གི་དུས་ཤིག་ཤར་ཡོད་པ་གསུངས་སོང་། དེའི་ཁྲོད་དེང་སྐབས་དགོན་སྡེ་ཁག་མང་ཆེ་བའི་ནང་དུ་བོད་རིགས་གྲྭ་བཙུན་ཡོད་པ་རྣམས་ལོ་ན་འགྲེས་པ་ཤ་སྟག་ཆགས་བསྡད་པ་དང་། གྲྭ་བཙུན་ལོ་ན་ཆུང་བ་མང་ཆེ་བ་ཧི་མ་ལ་ཡའི་མི་རིགས་རང་ཆགས་བསྡད་ཡོད་སྟབས། ལོ་ན་ཆུང་བའི་རབ་བྱུང་དེ་དག་ཆ་ཚང་ཆོས་ཕྱོགས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཡོང་བ་བཤད་ཁག་པོ་ཡིན་སྟབས། གྲྭ་བཙུན་ལོ་ན་ཆུང་བ་དེ་དག་ལ་དེང་དུས་ཀྱི་སློབ་གྲྭའི་ནང་འཛུལ་བཞུགས་གནང་ཐུབ་རྒྱུའི་གནས་བབ་བསྐྲུན་རྒྱུའི་སླད་རྒྱ་གར་གྱི་ Open University...
ཨ་རིས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཁེ་ལས་ནང་མ་དངུལ་འཇོག་རྒྱུ་བཀག་སྡོམ་གྱིས་ཁྲིམས་འཆར་ཆེད་འདོན།
ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་ཡུལ་དེའི་བདེ་འཇགས་ལ་དམིགས་ཏེ་ཁུལ་དེའི་ཐོ་གཞུང་ནག་པོའི་ནང་གི་རྒྱ་ནག་དཔོན་རིགས་ཚོའི་སྟངས་འཛིན་འོག་ཡོད་པའི་ཁེ་ལས་ནང་མ་དངུལ་འཇོག་རྒྱུ་བཀག་སྡོམ་གྱི་ཁྲིམས་འཆར་ཆེད་འདོན་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༡ ཉིན་ The Epoch Times བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ Elise Stefanik ལགས་གཉིས་ནས་རྒྱལ་ཁབ་བདེ་འཇགས་ལ་སེམས་འཚབ་ཀྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་ཚུད་པའི་རྒྱ་ནག་དཔོན་རིགས་ཚོའི་སྟངས་འཛིན་འོག་ཡོད་པའི་ཁེ་ལས་ཁག་གི་ནང་ཨ་རིའི་ཚོང་ལས་སྡེ་ཚན་གྱི་མ་འཛུགས་བྱེད་པོ་རྣམས་ནས་མ་དངུལ་འཇོག་རྒྱུ་བཀག་སྡོམ་བྱེད་དགོས་པའི་ཁྲིམས་འཆར་ཞིག་ཆེད་འདོན་གནང་འདུག ཁྲིམས་འཆར་དེ་གཏན་འབེབས་བྱུང་ཚེ་ཨ་རིའི་ནོར་སྲིད་བློན་ཆེན་ངོས་ནས་ཐོ་གཞུང་ནག་པོའི་ནང་གི་རྒྱ་རིགས་དེ་དག NS-CMIC ཞེས་རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་སྲིད་དོན་ཉེས་ཆད་བཀལ་བའི་མིང་གཞུང་ནག་པོའི་ནང་ངོ་ཐག་ཆོད་པའི་བརྒྱུད་ལོ་གཅིག་ནང་བཅུག་དགོས་ཀྱི་ཡོད་པ་རེད་འདུག སྤྱིར་ཨ་རིའི་ NS-CMIC ཐོ་གཞུང་ནང་ཚུད་པ་ཡིན་ན། ཨ་རིའི་མི་སེར་སུ་འདྲ་ཞིག་ནས་ཀྱང་དོ་དག་དེ་དང་འབྲེལ་ཡོད་ཀྱི་ཁེ་ལས་གང་འདྲ་ཞིག་གི་ནང་དུ་ཡང་ཁྲིམས་མཐུན་གྱི་མ་དངུལ་འཇོག་ཆོག་གི་མེད་པ་དང་། དེས་ཚོང་ལས་ཁང་དེ་དང་འབྲེལ་ཡོད་ཚོང་པའི་སྙན་གྲགས་ལ་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པ་རེད་འདུག དེ་འབྲེལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་དམག་དོན་ཁེ་ཕན་དང་འབྲེལ་བ་ཡོད་པའི་གང་ཟག་སུ་འདྲ་ཞིག་ཡིན་རུང་ཨ་རིའི་ནང་ཚོང་དོན་གཉེར་བཅུག་རྒྱུ་མེད་པ་དང་། ཁྲིམས་འཆར་འདི་རྒྱ་ནག་དམར་ཤོག་ཚོགས་པ་ལ་འགན་འཁུར་དུ་འཇུག་དགོས་པའི་ལག་ཆ་ལྟ་བུ་ཞིག་ཡིན་པ་མ་ཟད་། རྒྱ་ནག་དམར་ཤོག་ཚོགས་པ་ནི་ཨ་རིའི་དགྲ་ཡིན་པའི་ཐོག་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཞིག་ཆགས་ཡོད་སྟབས་སྲིད་དོན་ཉེས་ཆད་འགེལ་རྒྱུར་ངང་སྒུག་བྱེད་མི་རུང་ཅེས་གསུངས་འདུག་ལ། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ Elise Stefanik ལགས་ཀྱིས། ཁྲིམས་འཆར་འདི་བཞིན་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཅན་གྱི་རྒྱ་ནག་གི་ཁེ་ལས་ཁག་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུར་དམིགས་པ་ཞིག་ཡིན་པ་མ་ཟད། ཨ་རིའི་ངོས་ནས་ཀྱང་དེའི་ཐོག་ཛ་དྲག་གི་རྣམ་འགྱུར་ཞིག་སྟོན་དགོས་གལ་ཡིན་པ་གསུངས་འདུག གནས་ཚུལ་ནང་གསལ་ཐེངས་འདིའི་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཨ་རི་བ་ཚོས་རྒྱ་ནག་གི་ཁེ་ལས་ནང་མ་དངུལ་བཅུག་ཚེ། དེས་ཨ་རིའི་མ་རྩ་དང་ཤེས་ཡོན་རིག་གནས་དག་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཏུ་སླེབས་ཏེ་རྒྱ་ནག་གི་དམག་དོན་ཡར་རྒྱས་སོགས་ཀྱི་ཐོག་བེད་སྤྱོད་ལོག་པ་གཏོང་སྲིད་པའི་སེམས་འཚབ་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན་པ་རེད་འདུག དེའི་བར་ན། ...
བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།
རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་ཏུ་བཅུག་པའི་སྔ་རྗེས་ཀྱི་བོད་རྒྱ་བར་གྱི་ལོ་རྒྱུས་དངོས་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱི་བྱུང་རིམ་ལ་དཔྱད་པ་ཞེས་པ་ཞིག་དབུ་འབྱེད་གནང་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་ཆུང་ཚེ་རིང་ལགས་དང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱི་བྱུང་རིམ་ལ་དཔྱད་པ་ཞེས་པའི་དཔེ་དེབ་ཅིག་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་གནང་སོང་ལ། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དེབ་ཀྱི་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས། སང་ཉིན་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༧༥ འཁོར་གྱི་ཡོད་པ་རེད། དེབ་འདི་དེ་སྔ་ཆིངས་ཡིག་དོན་ཚན་ ༡༧ བཞག་ནས་ལོ་ ༥༠ འཁོར་དུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་འདོན་སྤེལ་གནང་ཡོད་པ་རེད། སྐབས་དེ་དུས་ཆུང་ལགས་ངེད་གཉིས་དྷ་སར་ཡོད་པ་དང་། དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༥༠ འཁོར་ལ་ཉེ་དུས། རྒྱ་ནག་གིས་མཛད་སྒོ་རྒྱས་པོ་ཞིག་འཚོག་རྒྱུའི་གནས་ཚུལ་དེ་ཟླ་བ་བཞིའི་སྔོན་ལ་གོ་བ་རེད། དེ་དུས་ཆུང་ལགས་ངེད་གཉིས་ཀྱིས་དེའི་སྐོར་བྲིས་ན་བསམས་པ་རེད། བསམ་བློའི་ནང་དུ་ཤོག་གྲངས་ ༢༠ ཙམ་གྱི་དཔྱད་རྩོམ་ཞིག་འབྲི་རྒྱུའི་འཆར་གཞི་བཏིང་བ་དང་། ངེད་གཉིས་ཀྱིས་ཡིག་ཆ་ཁག་བཙལ་བ་དང་། ལས་ཞོར་དུ་ཟླ་བ་གསུམ་ལྷག་གི་རིང་དཀའ་ལས་བརྒྱབ་སྟེ། དོན་ཚན་བཅུ་བདུན་བཞག་ནས་ལོ་ ༥༠ འཁོར་བའི་ཉིན་མོར་དྲིལ་བསྒྲགས་ལས་ཁུངས་ཀྱིས་དེབ་འདི་བཏོན་ཐུབ་པ་རེད། དེབ་འདི་བཏོན་རྗེས་སྤྱི་ཚོགས་ཁྲོད་ཉམས་ཞིབ་བྱེད་མཁན་གྱིས་གདེང་འཇོག་ཆེན་པོ་ཐོབ་པ་རེད། དེ་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་སྟེ་ལོ་ ༧༥ འཁོར་བའི་ཉིན་མོར་བོད་ཀྱི་དཔེ་མཛོད་ཁང་ནས་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་འདི་དབུ་འབྱེད་གནང་རྒྱུ་དང་། དེ་འབྲེལ་ཡིག་ཆ་ཁག་བསྡུ་རུབ་དང་། དག་བཅོས་གནང་མཁན་མང་པོས་རམ་འདེགས་གནང་བ་བརྒྱུད། ད་ལན་དཔེ་དེབ་འདི་འདོན་སྤེལ་ཐུབ་པ་བྱུང་བ་རེད། ཅེས་འགྲེལ་བརྗོད་གནང་སོང་།...
བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད།
ལོ་ཙཱ་བ་ཆུང་ཚེ་རིང་དང་ཚོགས་དྲུང་བསོད་ནམས་རྡོ་རྗེ་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོགགྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་བྱུང་རིམ་ལ་དཔྱད་པ།ཅེས་པའི་ཕྱག་དེབ་འདི་ནི།ཁོང་གཉིས་ཀྱས་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཇི་ལྟར་བཞག་པའི་བརྒྱུད་རིམ་ཞིབ་གླེང་བྱས་པ་ཙམ་མ་ཡིན་པར།གྲོས་མཐུན་དེ་མ་བཞག་གོང་གི་བོད་རྒྱའི་འབྲེལ་ལམ་དང་།བཞག་ཟིན་རྗེས་ཀྱི་འགྱུར་ལྡོགམཐར་གྲོས་མཐུན་དེ་རྩིས་མེད་ཇི་ལྟར་ཕྱིན་ཚུལ་རྣམས་སྐབས་དུས་དེ་རང་གི་བོད་རྒྱ་དབྱིན་གསུམ་གྱི་དཔྱད་གཞི་འབོར་ཆེན་གཞི་ལ་བཞག་སྟེ་དཔྱད་གླེང་བྱས་ཡོད་པ་ཞིག་རེད། ཕྱི་ལོ་༢༠༠༡ལོར་པར་ཐེངས་དང་པོ་དཔེ་སྐྲུན་བྱེད་སྐབས།དཔེ་དེབ་བསྐྱར་ཞིབ་པས།སྐབས་དེ་དུས་བཙན་བྱོལ་ནང་ཐོན་པའི་སྲིད་དོན་དཔྱད་ཞིབ་ཡག་ཤེས་ཏེ་དཔྱད་རྩོམ་གྱིི་རྒྱལ་པོ་ཡིན་པའི་གདེང་འཇོག་ཐོབ། དེ་རྗེས་འདས་པའི་ལོ་ངོ་༢༥རིང་།རྩོམ་པ་པོ་ཟུང་གིས་བརྗོད་གཞི་འདི་དང་འབྲེལ་བའི་དཔྱད་གཞི་འཚོལ་བསྡུ་དང་རྒྱུན་མཐུད་དུ་ཉམས་ཞིབ་བྱས་ཏེ་གལ་ཆེའི་དོན་གནད་དེ་བས་མང་བ་དང་ཞིབ་ཚགས་པ་ཁ་སྣོན་གྱིས་དེབ་འདིའི་ནང་བཀོདཡོད།དེའི་ཁོངས་ཡིག་རིགས་ཁ་ཤས་ནི་ད་ཕན་སྤྱི་ཚོགས་ནང་པར་སྐྲུན་བྱས་པ་ཐེངས་དང་པོ་ཆགས་ཡོད་ལ།བརྗོད་གཞི་འདིའི་ཐད་ཀྱི་དཔྱད་རྩོམ་རྒྱས་ཤོས་དེ་ཡང་ཆགས་ཡོད། The post བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད། appeared first on བོད་ཀྱི་བང་ཆེན།.
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐོག་གཞུང་ཁོངས་མིན་པའི་ཚོགས་སྡེ་དང་སྤྱི་ཚོགས་ཞབས་ཞུ་ཁང་ཁག་གི་འཐུབ་ཚབ་ ༣༢ མཉམ་ཞུགས་གནང་། ཟླ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ ཉིན་གྲངས་གཉིས་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། དེ་བཞིན་བཙན་བྱོལ་ནང་གི་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་དང་སྤྱི་ཚོགས་ཞབས་ཞུ་ཁང་ཁག་གི་འཐུབ་ཚབ་ ༣༢ བཅས་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིའི་ལྷན་ཚོགས་ཀྱི་གལ་གནད་སྐོར་ལ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ལོ་ཁ་ཤས་ཀྱི་སྔོན་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་སྤྱི་ཚོགས་ཡར་རྒྱས་ཆེད་དུ་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་དང་ལྷན་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་།རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་སྒལ་ཚིགས་ལྟ་བུ་ཡིན་པའི་གཞོན་སྐྱེས་རྣམས་ལ་ལས་ཀ་རག་དགོས་ཀྱི་ཡོད་པ་མ་ཟད།དེ་བཞིན་ན་གཞོན་རྣམས་ཀྱི་མཉམ་རུབ་ཐོག་ནས་སྤྱི་པའི་ལས་དོན་བསྒྲུབ་དགོས་ཀྱི་ཡོད་པ་རེད། ད་ལན་གྱི་ལྷན་ཚོགས་ཐོག་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་ཞབས་ཕྱི་སོགས་ལ་གྲོས་བསྡུར་བྱེད་བཞིན་ཡོད་ལ། ཐེངས་འདིའི་གྲོས་བསྡུར་ཁྲོད་ཀྱི་གྲངས་ཐོ་ལ་བལྟས་ཏེ་མ་འོངས་བར་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་དགོས་པའི་ལས་འཆར་ཤེས་རྟོགས་བྱུང་ཆེད་དུ་ཡིན། དེ་བཞིན་བཙན་བྱོལ་བོད་མིའི་ཁྲོད་གཞོན་སྐྱེས་རྣམས་ཀྱི་ནུས་པ་ཡར་རྒྱས་གཏོང་རྒྱུར་དམིགས་བཞིན་ཡོད། ཅེས་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ནུས་པ་ཐོན་དགོས་ན་ལས་ཀ་བྱེད་མཁན་རྣམས་ལ་ནུས་པ་ལྡན་པ་ཞིག་དགོས་ཀྱི་ཡོད། འདས་བའི་ལོ་འདི་དག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱིས་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་ཐོག་གྲོས་བསྡུར་བྱས་ཡོད། དེ་ཡང་གཞོན་སྐྱེས་རྣམས་ཀྱི་འདོད་མོས་དང་སྤྱི་ཚོགས་ཀྱི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་ཐབས་ལམ་འཚོལ་དགོས་དུས། བོད་མིིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཐུན་མོང་གི་ནུས་པ་མཉམ་དུ་སྤུངས་དགོས་པ་གནད་འགག་ཏུ་མཐོང་སྟེ། ད་ལན་ན་གཞོན་རོགས་སྐྱོར་ཚན་པས་གཞུང་ཁོངས་མིན་པའི་ཚོགས་པ་ཁག་དང་མཉམ་དུ་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཤིག་མགོ་བཙུགས་པ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་མ་འོངས་བའི་ལས་དོན་བྱེད་ཕྱོགས་ཐོག་བསམ་ཚུལ་སྤུངས་ཏེ། མིའི་ནུས་པ་དང་དཔལ་འབྱོར་བྱུང་ཚེ་བོད་དོན་འཐབ་རྩོད་དང་། སྤྱི་ཚོགས་བདེ་དོན། འཛིན་སྐྱོང་གི་འགྲོ་སྟངས་བཅས་ཚགས་ཚུད་ཡོང་ཐུབ་པ་ཞིག་རེད། ཟབ་སྦྱོང་འདི་འདྲ་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་པའི་ཐོག་ནས་བོད་པ་ཚང་མ་ནུས་པ་ལྡན་པའི་ཁ་ཕྱོགས་ཤིག་ལ་ཁྲིད་ཐབས་བྱེད་ཀྱི་ཡོད། བཙན་བྱོལ་ནང་དུ་བོད་མིའི་གྲངས་ཀ་ཉུང་ཉུང་ཡིན་ཡང་།...
བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།
རྩོམ་པ་པོ། ཚེ་རིང་དབྱངས་སྐྱིད། ལོན་ཌོན། རྩོམ་ཁུངས། བོད་ཀྱི་དུས་བབ། དང་ཐོག་བོད་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་བསམ་བློ་འཁྱེར་སོ་གང་འདྲ་ཞིག་དགོས་སམ། བོད་ཆོས་ལྡན་ཞིང་གི་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་དམ་དང་། བོད་སྤྱི་པའི་རྩ་དོན་ནམ་བོད་ཀྱི་རང་དབང་སླར་གསོ་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་འགན་འཁུར་ལེན་པའི་མེད་དུ་མི་རུང་བའི་གཞི་རྩའི་བསམ་བློ་འཁྱེར་སོ་དེ་དགོས་པ་ཡིན། སོ་སོའི་མི་ཚེའི་ནང་འཚོ་རྟེན་ལས་དོན་གང་གཉེར་རུང་བསམ་བློའི་རྒྱབ་ལྗོངས་ལ་ཆ་རྐྱེན་འདི་གཉིས་ངེས་པར་དུ་དྲན་དགོས། ཁ་ཞེ་གཉིས་མེད་ཀྱི་དད་དམ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་སམ། རྒྱལ་བའི་བཀའ་དགོངས་ལེགས་པར་རྟོགས་ནས་ལག་བསྟར་བྱེད་དགོས་པ། དཔེར་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་དང་། སེམས་པ་བཟང་པོ་དང་ཡ་རབས་བཟང་སྤྱོད་བསྟེན་རྒྱུ་ནི་རྒྱལ་བའི་བཀའ་དགོངས་ཡིན། དེ་མིན་ཁ་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱབས་སུ་མཆི་དང་། གསུང་ཆོས་དང་མཇལ་ཁ་ཡང་ཡང་ཞུས། བཀའ་དགོངས་གཅིག་ཀྱང་མ་བསྒྲུབས་ན་ཆོ་ཡོད་མ་རེད། གཡོ་ཁྲམ་ཆགས་ཀྱི་ཡོད་རེད། སོ་སོས་སོ་སོར་མགོ་སྐོར་བཏང་བ་རེད། བོད་ཀྱི་མི་འབོར་མང་དུ་བཏང་བའི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདེགས་ཞུ་བ། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་འཛམ་གླིང་ལ་ཞི་བདེ་དང་། བཟང་སྤྱོད། ཁོར་ཡུག་སྲུང་སྐྱོབ། སེམས་ཁམས་རིག་པ་དང་སེམས་ཁམས་འཕྲོད་བསྟེན་བཅས་ཀྱིས་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། བོད་མི་རིགས་དེ་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་དགོས་པ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། ཡིན་ནའང་། ང་ཚོའི་མི་འབོར་དེ་ཐོག་མ་ཉིད་ནས་ཧ་ཅང་ཉུང་ཉུང་ཡིན་པའི་ཁར། རྒྱའི་བཙན་འོག་ཏུ་བོད་ནང་མི་འབོར་འཕེལ་རྒྱས་བྱུང་མེད་པ་དང་། བཙན་བྱོལ་དུ་འཚོ་བ་དང་མདུན་ལམ། སྒེར་གྱི་རང་དབང་དང་འདོད་མོས་སོགས་རྒྱུ་མཚན་ཅི་རིགས་ལ་བརྟེན་ནས་མི་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད། ལྷག་པར་དུ་བོད་མི་དར་མ་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱས་དང་བྱེད་བཞིན་པ་དེ་ཡིས་སྐྱེ་འཕེལ་དེ་བས་ཉུང་དུ་སོང་དང་འགྲོ་མུས་ཡིན། བསམ་བློ་གཏོང་དགོས་པ་ཞིག་ལ། རྒྱ་ནག་མི་འབོར་མང་ཤོས་གཉིས་པ་ཡིན་ནའང་། དེ་སྔོན་ཕྲུ་གུ་གཅིག་གི་སྲིད་བྱུས་ཀྱི་ཉེར་ལེན་ལ་བརྟེན་ནས་ན་གཞོན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོའི་ཐོག་གདོང་ལེན་བྱེད་ཀྱི་ཡོད་པ་རེད། ང་ཚོའི་མི་འབོར་ནི་སྤར་མོ་གང་ལས་མེད་སྟབས་བློ་འཚབ་ལོས་བྱེད། ད་ལྟ་ནས་ལས་འགུལ་མ་སྤེལ་ན་འཕྱི་དྲགས་ཀྱི་རེད། སོང་ཙང་ན་ཚོད་དར་མ་ཚོ། ལྷག་པར་དུ་བུད་མེད་རྣམས་ཀྱིས་བསམ་བློ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་བཏང་བའི་ཐོག་ནས་རང་ལོ་...
རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུངས་པ།
རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷིའོ་ཡིས་གསུངས་པ། རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་པ་དང་། རྒྱ་གར་དང་མཉམ་དུ་ང་ཚོས་ལས་ཀ་ཡག་པོ་མང་དག་ཅིག་བྱེད་ཀྱི་ཡོད་པས། རྒྱ་གར་གྱི་ཕྱོགས་སྐྱོད་འདི་གལ་ཆེན་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གིས་སུཝི་ཌན་དང་རྒྱ་གར་དུ་ཕེབས་ཐོན་མ་གནང་གོང་གསུངས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷིའོ་མཆོག་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སུའེ་ཌེན་གྱི་ ཧེལ་སིང་བོརག་ ནང་འཚོགས་རྒྱུའི་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ (NATO) རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་མཉམ་ཞུགས་གནང་ཆེད་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཨ་རིའི་ཕོལོ་རི་ཌ་མངའ་སྡེའི་མིཡ་མི་གྲོང་ཁྱེར་ནས་ཕེབས་ཐོན་གནང་ཡོད་ཅིང་། ཕྱི་སྲིད་དྲུང་ཆེས་ “དམག་སྲུང་གི་ཆེད་མ་འཛུགས་དངུལ་འབོར་སྤར་ཆའི...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༢༡ ཉིན་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་གནང་བའི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་།སྐབས་དེར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས། ༸སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རྡོར་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས། སྒྲོལ་མ་གླིང་བཙུན་དགོན་སློབ་གྲྭའི་སློབ་སྤྱི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ཕེབས་ཞུགས་གནང་ཡོད། ཚོགས་ཆེན་དེའི་ཐོག་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བཙུན་དགོན་ ༡༣ ནས་བཙུན་མ་དང་ཚོགས་བཅར་བ་གྲངས་ ༨༦ མཉམ་ཞུགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་སྐབས་དང་ཐོག་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་དེ་བཞིན་ཚོགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་སླར་གསོ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་བཞིན་པ། ལྷག་པར་དགེ་བཤེས་མའི་ཕྱག་འཁྱེར་འབུལ་བཞེས་ཀྱི་ལམ་སྲོལ་རྒྱུན་མཐུད་གནས་ཐུབ་པ་བཅས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་ཞེས་གསུངས། དེ་ནས་ཁོང་གིས་དེང་སྐབས་དགོན་སྡེ་ཁག་ཏུ་བོད་མི་གྲྭ་བཙུན་དུ་ཞུགས་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡང་གནས་སྟངས་དེ་ཕྱོགས་གཞན་ནས་བལྟས་ཚེ་ཧི་མ་ལ་ཡའི་རི་རྒྱུད་ནས་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོས་བོད་ཀྱི་ཆོས་དང་སྐད་ཡིག་སློབ་གཉེར་གནང་བ་དེ་ལེགས་པའི་ཆ་ཞིག་ཏུ་ངོས་འཛིན་གནང་ཡོད། དེ་བཞིན་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གནང་རྗེས་སྤྱི་ཚོགས་ནང་ཕན་ཐོགས་སྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་རྣམས་རང་ཡུལ་དུ་ཕེབས་ཏེ་རྒྱ་ཆེ་མི་མང་ལ་ཕན་ཐོགས་སྒྲུབ་དགོས་པ་གསུངས།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགོན་སྡེ་དང་བཙུན་དགོན་ཁག་གི་ཤེས་ཡོན་ལམ་ལུགས་སྐོར་དང་འབྲེལ་ནས་གསུང་སྐབས་རྒྱུ་མཚན་གང་རུང་གིས་དགོན་པའི་མི་ཚེ་མུ་མཐུད་སྐྱོང་མི་ཐུབ་པ་རྣམས་ལ་རྒྱ་ཆེ་བའི་གོ་སྐབས་དང་། འཚོ་ཐབས་བསྐྲུན་ཆེད་རྒྱུན་ལྡན་ཤེས་ཡོན་ལམ་ལུགས་དང་མཐུན་ནས་བསླབ་གཞི་དང་སློབ་ཚན་འཇོག་དགོས་ཀྱི་ཡོད་པ་ནན་བརྗོད་གནང་། རྩ་བའི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་དེ་བཞིན་ཕྱི་ཚེས་ ༢༠ ཉིན་དབུ་འཛུགས་གནང་ཡོད་ཅིང་། ཉིན་གཉིས་རིང་གི་ཚོགས་ཆེན་དེའི་ཐོག་དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས།...

















